ཁྱོད་གསར་འགོད་པ་བྱེད་འདོད་དམ།

 

བོད་ཀྱི་དུས་བབ་གསར་ཁང་དུ་གསར་འགོད་པ་གཉིས་ཀྱི་ས་མིག་ཡོད་པས། ལས་གནས་འདིར་ཞུགས་འདོད་ཡོད་རིགས་ཚོས་འོག་གི་ཆ་རྐྱེན་ལྟར་སྙན་ཞུ་འབུལ་དགོས།

 

དགོས་ངེས་ཆ་རྐྱེན།

༡། བོད་ཡིག་གཙོ་བོར་བྱས་ཏེ་སྐད་ཡིག་གཉིས་པ་དབྱིན་ཡིག་དབྱིན་སྐད་རང་སྐྱ་འཕེར་བ།

༢། རང་བཙན་ལག་དེབ་ཀྱི་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ།

༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ R.C ཡོད་པ།

༤། གསར་འགྱུར་ལས་རིགས་ཐོག་ཉམས་མྱོད་ཡོད་མཁན་ཚོར་དམིགས་བསལ་ཡོད།

༥། ལས་ཁུངས་གཞན་དུ་ལས་ཀ་བྱེད་བཞིན་པ་ཡིན་ཚེ་ལས་ཁུངས་དེ་ནས་དགག་བྱ་མེད་པའི་ཡི་གེ་ཡོད་པ།

 

 

གསར་འགོད་ལས་རིགས་ལ་ཐུགས་འདོད་ཡོད་རིགས་ཚོས་ ༢༠༡༦ ཟླ་ ༣ ཚེས་ ༢༠ འགྱངས་མེད་འདི་གར་སྙན་ཞུ་འབུལ་རྒྱུ་དང༌། སྙན་ཞུའི་ཡི་གེ་སྦྲགས་ཐོག་དང་གློག་འཕྲིན་གང་རུང་བརྒྱུད་བསྐུར་ཆོག སྙན་ཞུ་དང་མཉམ་དུ་ལས་ཀའི་ཉམས་མྱོང་དང་སློབ་ཐོན་ལག་འཁྱེར་སོགས་གང་ཡོད་ཀྱི་ངོ་བཤུས་དང་། དོ་བདག་གི་གློག་འཕྲིན་དང་སྡོད་གནས་ཁ་བྱང་། ཁ་པར་ཨང་སོགས་མཉམ་སྦྱར་བསྐུར་དགོས།

 

གློག་འཕྲིན། [email protected] / [email protected]

ཁ་པར། ༩༤༡༨༡༠༦༠༥༤ ། ༩༤༡༨༠༢༤༡༠༧

 

བོད་ཀྱི་དུས་བབ་གསར་ཁང་ནས་ ༢༠༡༦ ཟླ་ ༡ ཚེས་ ༢༧ ལ།

 

བསྐྱར་བཅོས།: ༢༠༡༦/༠༢/༡༧

Leave a Reply