གསར་འགོད་པའི་ས་མིག

༄༅།། འདི་ག་བོད་ཀྱི་དུས་བབ་གསར་ཁང་དུ། གསར་འགོད་པ་གཉིས་ཀྱི་ས་མིག་ཡོད་པས། ལས་གནས་འདིར་ཞུགས་འདོད་ཡོད་རིགས་ཚོས་འོག་གི་ཆ་རྐྱེན་ལྟར་སྙན་ཞུ་འབུལ་དགོས། ས་མིག་འདིའི་ལས་འགན་གཙོ་བོ་དུས་རྒྱུན་གསར་འགོད་ལས་རིགས་དང་བརྙན་ཕབ། ཞོར་དུ་ཡིག་བསྒྱུར་སོགས་ཡིན།

དགོས་ངེས་ཆ་རྐྱེན།

༡། བོད་ཡིག་གཙོ་བོར་བྱས་ཏེ་སྐད་ཡིག་གཉིས་པ་དབྱིན་ཡིག་དང་རྒྱ་ཡིག་ག་རུང་རང་སྐྱ་འཕེར་བ།
༢། རང་བཙན་ལག་དེབ་ཀྱི་དཔྱ་དངུལ་དུས་ཐོག་ཕུལ་ཟིན་པ།
༣། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་འཁྱེར་ R.C ཡོད་པ།

གསལ་བཤད།

➢        ལས་བྱེད་འདེམ་སྒྲུག་བྱེད་ཕྱོགས་ནི། འདི་གར་སྙན་ཞུ་འབྱོར་རིམ་ལྟར། ལས་ཀའི་ཉམས་མྱོང་དང་ཤེས་ཡོན་གནས་ཚད། དགོས་ངེས་ཆ་རྐྱེན་སོགས་ལ་བལྟས་ཏེ་ཐད་ཀར་འདེམ་པ་དང་། ཡང་ན། ཡིག་རྒྱུགས་ཀྱི་ལམ་ནས་འདེམ་སྒྲུག་བྱ་རྒྱུ་ཡིན།

➢        དུས་བབ་ལས་བྱེད་དུ་བདམས་ཟིན་རིགས་ཐོག་མའི་ཟླ་གསུམ་རིང་ཟླ་ཕོགས་ཧིན་སྒོར་ ༡༨༠༠༠ ཡིན་པ་དང་། ཟླ་གསུམ་ཚང་སྟེ་ལས་བྱེད་དངོས་ལ་ཞུགས་རྗེས་ཟླ་ཕོགས་སྤར་ཆ་བྱས་ཏེ་དུས་བབ་ལས་ཁུངས་ཀྱི་ལས་བྱེད་སྤྱི་མཚུངས་ལྟར་ཡིན།

➢        གསར་འགྱུར་ལས་རིགས་དང་ཡིག་བསྒྱུར་སོགས་ཀྱི་ཉམས་མྱོང་ཡག་པོ་ཡོད་མཁན་ཚོར་དམིགས་བསལ་འདེམ་སྒྲུག་གི་གོ་སྐབས་ཡོད་པ་དང་། གལ་སྲིད་ཡིག་རྒྱུགས་ཀྱི་ལམ་ནས་འདེམ་སྒྲུག་བྱས་ནའང་སྐར་གྲངས་སྤར་ཆ་ཡོད།

གསར་འགོད་ལས་རིགས་ལ་ཐུགས་འདོད་ཡོད་རིགས་ཚོས་ ༢༠༡༦ ཟླ་ ༡༢ ཚེས་ ༡ འགྱངས་མེད་སྙན་ཞུ་འབུལ་དགོས། སྙན་ཞུའི་ཡི་གེ་སྦྲགས་ཐོག་དང་གློག་འཕྲིན་གང་རུང་བརྒྱུད་བསྐུར་ཆོག་ཅིང་། སྙན་ཞུ་དང་མཉམ་དུ་ལས་ཀའི་ཉམས་མྱོང་དང་སློབ་ཐོན་ལག་འཁྱེར། དཔྱ་དངུལ་ལག་དེབ་ཀྱི་ངོ་བཤུས། དེ་མིན་ཕྱག་འཁྱེར་གང་ཡོད་ཀྱི་ངོ་བཤུས་དང་། དོ་བདག་གི་གློག་འཕྲིན་དང་སྡོད་གནས་ཁ་བྱང་། ཁ་པར་ཨང་སོགས་མཉམ་དུ་བསྐུར་དགོས།

གསལ་བསྒྲགས་འདིའི་ཐད་དྲི་བ་དང་དོགས་པ་ཡོད་རིགས་ཚོས་འོག་གི་ཁ་པར་ཨང་གྲངས་བརྒྱུད་འདྲི་བརྩད་ཞུས་ཆོག

གློག་འཕྲིན། [email protected] / [email protected]

ཁ་པར། ༩༤༡༨༡༠༦༠༥༤   /   ༩༤༡༨༠༢༤༡༠༧

བོད་ཀྱི་དུས་བབ་གསར་ཁང་ནས་ ༢༠༡༦ ཟླ་ ༩ ཚེས་ ༢༥ ལ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply