ཊི་རུམ་ཕི་ཡིས་སླར་ཡང་ལས་དོན་གལ་ཆེན་གཉིས་ལ་མཚན་རྟགས་འགོད་སྲིད།

སྐུ་ཞབས་ཊི་རུམ་ཕི་ཡིས་མི་འགྱངས་བར་ཨ་རིའི་ནང་གི་ཁྲིམས་འགལ་གནས་སྤོ་བ་རྣམས་ཕྱིར་འཕུད་དང་མེག་སི་ཁོ་དང་ཨ་རིའི་བར་རྩིག་གྱང་བསླང་རྒྱུ་བཅས་ཀྱི་ལས་དོན་གཉིས་ལ་མཚན་རྟགས་འགོད་འཆར་ཡོད་འདུག

Times5

དེ་རིང་བྷི་བྷི་སེ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་སྲིད་འཛིན་གསར་བ་སྐུ་ཞབས་ཊི་རུམ་ཕི་ཡིས་དེ་སྔོན་མ་ནས་ཨ་རིའི་ནང་གི་ཁྲིམས་འགལ་གནས་སྤོ་མི་མང་ཕྱིར་འཕུད་གཏོང་རྒྱུ་དང་། ཁ་ཆེ་སྐྱབས་བཅོལ་བ་ཨ་རིར་ཡོང་རྒྱུ་བཀག་སྡོམ་བྱ་རྒྱུ། དེ་བཞིན། ཨ་རི་དང་མེག་སེ་ཁོ་གཉིས་བར་སྤྱི་ལེ་ ༢༠༠༠ ལྷག་རིང་རྩིག་གྱང་བསླང་རྒྱུ་སོགས་བཤད་པ་ལྟར། སྐུ་ཞབས་ཊི་རུམ་ཕི་གཞུང་གསར་བས་མི་འགྱང་བར་ཨ་རིའི་ནང་གི་ཁྲིམས་འགལ་གྱི་གནས་སྤོ་མི་མང་ཕྱིར་འཕུད་གཏོང་རྒྱུ་དང་། ཨ་རི་དང་མེག་སེ་ཁོ་གཉིས་བར་རྩིག་གྱང་བསླང་རྒྱུ་གཉིས་ལ་མཚན་རྟགས་འགོད་འཆར་ཡོད་འདུག

བྷི་བྷི་སེའི་གསར་འགོད་པ་རྗོན་སོ་ཕིལ་ (Jon Sopel) ལགས་ཀྱིས། སྲིད་འཛིན་གསར་བ་ཊི་རུམ་ཕི་ཡིས་དེ་སྔོན་སྲིད་འཛིན་འོས་བསྡུའི་སྐབས་ཁས་ལེན་བྱས་པ་ལྟར། བདུན་ཕྲག་འདིའི་གཟའ་ཟླ་བ་དང་མིག་དམར་ལ་ཨ་རིའི་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་ལས་གནས་དང་། རྒྱལ་ཁབ་ཁག་བར་གྱི་ཚོང་འབྲེལ་བཀག་སྡོམ་སོགས་ལ་མཚན་རྟགས་བཀོད་པ་དང་། དེ་རིང་གཟའ་ལྷག་པ་ནས་ཨ་རིའི་གནས་སྤོ་དང་མཐའ་མཚམས་སྲུང་སྐྱོབ་བཅས་ལ་མཚན་རྟགས་འགོད་འཆར་ཡོད་པ་རེད། ཅེས་བརྗོད་འདུག

ཨ་རིའི་གསར་དེབ་ (wsj)ཀྱིས་གནས་ཚུལ་ནང་། མེག་སེ་ཁོ་ཡི་སྲིད་འཛིན་ཕི་ན་ནི་ཊོ་ (Peña Nieto) ཡིས། མེག་སེ་ཁོ་གཞུང་གིས་ཨ་རི་དང་མེག་སེ་ཁོའི་བར་གྱི་རང་དབང་ཚོང་འབྲེལ་དང་། ཨ་རིའི་ནང་གི་མེག་སེ་ཁོའི་གནས་སྤོ་མི་མང་བཅས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་པ་མ་ཟད། མེག་སེ་ཁོ་གཞུང་གིས་ཨ་རིའི་སྲིད་འཛིན་གསར་བ་ཊི་རུམ་ཕི་དང་མཉམ་དུ་དཀའ་རྙོག་ཁག་ཅིག་གི་ཐོག་གྲོས་ཆོད་འཇོག་རྒྱུར་གྲ་སྒྲིག་ཡོད། ཅེས་བརྗོད་ཡོད་སྐོར་བཀོད་འདུག

གནས་ཚུལ་ལྟར་ན། ཨ་རིའི་སྲིད་འཛིན་ཊི་རུམ་ཕི་གཞུང་གིས། གནས་སྤོའི་སྲིད་བྱུས་ཐག་གཅོད་མ་བྱུང་བར། གནས་སྐབས་རིང་སྐྱབས་བཅོལ་ལས་གཞི་ཁག་ལས་མཚམས་འཇོག་རྒྱུ་ཡིན་འདུག

གསར་འགོད་པ། པདྨ་རྒྱལ།

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply