ཊི་རུམ་ཕིས་ཨ་རྒྱ་གཉིས་ཀྱི་འབྲེལ་བ་ཡར་རྒྱས་ཡོང་བར་རེ་ལྟོས་བྱས་ཡོད་ཟེར།

582da023c461889a018b4613ཁ་སང་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་གློག་འཕྲིན་བཏང་སྟེ། ཁོས་ཨ་རྒྱ་གཉིས་བར་གྱི་འབྲེལ་ལམ་ཡར་རྒྱས་ཡོང་ཐབས་སུ། རྒྱ་ནག་དང་ལྷན་དུ་མཉམ་ལས་བྱེད་པར་རེ་ལྟོས་བྱས་ཡོད་པ་དང་། དེ་ནི་ཕྱོགས་གཉིས་ལ་ཁེ་ཕན་ཡོད་པ་ཞིག་ཡིན་ཞིང་། ཞི་ཅིན་ཕིན་གྱིས། ཁོའི་སྲིད་འཛིན་དམ་འབུལ་མཛད་སྒོ་དང་མེ་བྱ་ལོའི་གནམ་ལོ་གསར་བར་ཁོ་བོར་འཚམ་འདྲི་ཞུས་པར། ཁོས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་ཡོད་འདུག

བདུན་ཕྲག་སྔོན་མར་རྒྱ་ནག་ཕྱི་སྲིད་ལྷན་ཁང་གི་ཡང་ཅི་ཀྲི་ (Yang Jiechi) ཡིས། ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་མེ་ཆལ་ཧྥི་ལེ་ཡེན་ (Michael Flynn) ལ། ཨ་རིའི་གཞུང་གིས་ཕྱོགས་གཉིས་བར་གྱི་འབྲེལ་ལམ་མུ་མཐུད་རྒྱུན་འཁྱོངས་བྱེད་རྒྱུ་དང་། རྒྱ་ནག་གི་མངའ་ཁོངས་རྩོད་གླེང་དང་འབྲེལ་བའི་དཀའ་རྙོག་ཐོག་མཉམ་ལས་བྱེད་པར་རྒྱ་ནག་གཞུང་ཕྱོགས་ནས་རེ་བ་བྱེད་ཀྱིན་ཡོད་ཚུལ་བཤད་ཡོད་འདུག

སྐུ་ཞབས་ཊི་རུམ་ཕི་ལ་སྲིད་འཛིན་རྒྱལ་ཁ་ཐོབ་སྐབས། ཞི་ཅིན་ཕིན་དང་ཊི་རུམ་ཕི་གཉིས་བར་ཁ་པར་བརྒྱུད་ནས་ཐད་ཀའི་སྐད་ཆ་བྱུང་ཡོང་ནའང་། ཊི་རུམ་ཕི་ཡིས་སྲིད་འཛིན་དམ་འབུམ་ཞུས་པའི་རྗེས་སུ། ཕྱོགས་གཉིས་བར་འབྲེལ་མོལ་བྱུང་བ་དང་པོ་དེ་ཆགས་ཡོད་པ་རེད།

གཞན། ཕྱི་སྡོད་རྒྱ་རིགས་ཆེད་མཁས་པ་ཁག་ཅིག་གིས། ཌོ་ནལ་ཌི་ཊི་རུམ་ཕི་ཡིས་ཨ་རིའི་བདེ་འཇགས་དང་ཚོང་དོན་སོགས་ཀྱི་དཀའ་རྙོག་ཐད་ནས་རྒྱ་ནག་ཐོག་སྲིད་ཇུས་མཁྲེགས་པོ་བཟུང་ཆོག་མོད། ཐའེ་ཝན་མཚོ་འགག་གི་རྩོད་རྙོག་དང་འབྲེལ་བའི་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་དེ་ནི་ཧ་ཅང་ཉེན་ཁ་ཆེན་པོ་ཞིག་ཡིན་ལུགས་བཤད་འདུག

སྐུ་ཞབས་ཊི་རུམ་ཕི་ལ་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་རྗེས། རྒྱ་ནག་གཞུང་གི་དབང་འཛིན་དཔོན་རིགས་ཚོ་དང་སྲིད་དོན་ཆེད་མཁས་པ་ཚོས། ད་ལྟའི་ཨ་རིའི་གཞུང་གསར་བས། ཕྱོགས་གཉིས་བར་གྱི་ཚོང་དོན་དང་ལྷག་པར་དུ་ཐའེ་ཝན་མཚོ་འགག་གི་གནད་དོན་དང་འབྲེལ་བའི་རྒྱ་ནག་ཐོག་འཛིན་པའི་སྲིད་བྱུས་ལ་བློ་འཚུབ་ཆེན་པོ་བྱེད་ཀྱིན་ཡོད་འདུག

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply