གྲོང་ཁྱེར་ཚོགས་ཁང་མདུན་བོད་ཀྱི་རྒྱལ་དར་བསྒྲེངས།

ཨ་རིའི་མངའ་སྡེ་ཁ་ལེ་ཧྥོ་ནེ་ཡའི་བྱང་ཕྱོགས་རི་ཆུ་མོན་གྲོང་ཁྱེར་ཚོགས་ཁང་མདུན་དུ་མངའ་སྡེ་སྤྱི་ཁྱབ་མཆོག་གིས་བོད་ཀྱི་རྒྱལ་དར་བསྒྲེངས་སོང་།

དེ་རིང་ཟླ་ ༣ ཚེས་ ༨ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༠ ཐོག་ཨ་རིའི་མངའ་སྡེ་ཁ་ལེ་ཧྥོ་ནེ་ཡའི་བྱང་ཕྱོགས་རཱི་ཆུ་མོན་(Richmond)གྲོང་ཁྱེར་གྱི་ལས་ཁུངས་ཨ་མའི་མདུན་དུ་བོད་ཀྱི་རྒྱལ་དར་རཱི་་ཆུ་མོན་གྲོང་ཁྱེར་སྤྱི་ཁྱབ་པ་སྐུ་ཞབས་ཊོམ་བྷོ་ཊི་(Tom Butt)མཆོག་གིས་མཁའ་དབྱིངས་སུ་བསྒྲེངས་སོང་ལ། གཟའ་འཁོར་གཅིག་གི་རིང་འཇོག་རྒྱུ་ཡིན་འདུག རི་ཆུ་མོན་གྲོང་ཁྱེར་དུ་བོད་ཀྱི་རྒྱལ་དར་བསྒྲེངས་པ་དང་པོ་ཆགས་ཡོད་པ་རེད།

རི་ཆུ་མོན་གྱི་གྲོང་ཁྱེར་སྤྱི་ཁྱབ་ཟུར་བ་(Gayle MuLaughlin)མཆོག་དེ་སྔོན་༧གོང་ས་མཆོག་བོད་རིགས་ཚོགས་པའི་ཚོགས་ཁང་དུ་ཕེབས་སྐབས་མཇལ་འཕྲད་གནང་བ་མ་ཟད། རི་ཆུ་མོན་དུ་བོད་རིགས་ཚོགས་པ་གསར་འཛུགས་གནང་ཐུབ་པར་དགའ་བསུ་ཡོད་པའི་གཏམ་བཤད་ཀྱང་གནང་ཡོད།

བྱང་ཁ་ལས་ཧྥོ་ནེ་ཡའི་བོད་རིགས་ཚོགས་པའི་ཚོགས་ཁང་ནི་ས་གནས་རི་ཆུ་མོན་དུ་ཆགས་ཡོད་ལ། བོད་མི་མང་ཆེ་བ་ས་གནས་དེའི་ཉེ་འཁོར་དུ་རྒྱུན་སྡོད་བྱེད་ཀྱིན་ཡོད། རོབ་རྩིས་ལྟར་ན་བོད་མི་ ༢༠༠༠ ལས་མང་བ་ཡོད་ཚུལ་བཤད།

ས་གནས་ནས་བློ་བརྟན་ནས།

བསྐྱར་བཅོས།: ༢༠༡༧/༠༣/༡༠

Leave a Reply