ད་ལོའི་ཡོང་འཆར་དང་འགྲོ་འཆར་འདི་རེད།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་པའི་ནང་། བོད་མིའི་སྒྲིག་འཛུགས་ཀྱི་ད་ལོའི་ཡོང་འབབ་ཧིན་སྒོར་ ༢༤༦༢༦༦༠༣༠༥ དང་། འགྲོ་སོང་ཧིན་སྒོར་ ༢༤༨༨༧༣༡༨༨༨ རེད། འདི་ནི་ཕྱི་ལོ་ ༢༠༡༧ ཟླ་ ༤ ཚེས་ ༡ ཉིན་ནས་ ༢༠༡༨ ཟླ་ ༣ ཚེས་ ༣༡ ཉིན་བར་གྱི་བྱུང་སོང་ཚོད་དཔག་སྔོན་རྩིས་རེད། ད་ལྟ་བོད་མིའི་སྒྲིག་འཛུགས་ལ་གཏན་འཇགས་མ་དངུལ་ཁྱོན་བསྡོམས་ཧིན་སྒོར་(༥༦༨༨༤༠༠༠༠)ཙམ་ཡོད་འདུག

དངུལ་ཡོང་ཁུངས།

བཀའ་ཤག་ནས། (༣༥༣༤༧༦༢༥༠)

ལས་ཁུངས་ཁག་ནས། (༡༣༡༡༧༦༦༠)

དང་བླང་དཔྱ་དངུལ་ནས། (༡༥༥༦༦༠༠༠༠༠)

མ་དངུལ་སྐྱེད་ཀ་ནས། (༦༡༩༦༣༤༩༢)

ལས་འཆར་ནས། (༡༨༧༠༣༡༦༤)

ཟུར་བཀོལ་ནས། (༡༨༠༤༨༩༤༤༡༢)

དངུལ་གཏོང་ཡུལ།

ཟླ་ཕོགས་དང་རྒྱུན་གྲོན་རིགས། (༧༡༡༩༦༣༠༠༨)

དམིགས་བསལ་ལས་འཆར་རིགས། (༡༧༢༧༨༣༩༩༨༩)

ས་གནས་འཐུས་མི་མེད་ས་དང་སྨན་ཁང་སོགས། (༥༤༡༡༠༠༠༠)

གོང་གི་རྩིས་ཁྲ་འདི་ནི་བོད་མིའི་སྒྲིག་འཛུགས་ཀྱི་སྔོན་རྩིས་ཐོག་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཞིབ་འཇུག་བྱས་ཏེ་མཐའ་མའི་བཀའ་འཁྲོལ་གནང་བ་དེ་ཡིན།

བསྐྱར་བཅོས།: ༢༠༡༧/༠༣/༢༥

Leave a Reply