དབུས་ལས་ཁུངས་ནས་ལས་མཚམས་བཞག་སྟེ་མྱ་ངན་ཞུས།

གཞུང་ཞབས་རྩེ་དྲུང་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་དང་ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད་དབུས་ལས་ཁུངས་ཁག་གིས་ལས་མཚམས་བཞག་སྟེ་བསྔོ་སྨོན་གནང་ཡོད་པ་རེད།

KAL_4312དེ་རིང་ཉིན་རྒྱབ་ཆུ་ཚོད་ ༢ པ་ཐོག་གངས་སྐྱིད་གཉའ་ཁྲི་ཚོགས་ཁང་དུ། བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པས་དབུས་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་ཆུང་རྣམ་པ། དེ་བཞིན་སྲི་ཞུའི་ལས་བྱེད་བཅས་འཛོམས་ཏེ། བཀའ་དྲུང་སྟོབས་རྒྱལ་ཚེ་རིང་ལགས་ནས་སྐུ་ངོ་སྣར་སྐྱིད་ངག་དབང་དོན་གྲུབ་མཆོག་དམ་པ་ཁོང་གི་ལོ་རྒྱུས་སྒྲོགས་སྦྱང་གནང་སྟེ་བསྔོ་སྨོན་གསུང་འདོན་གནང་ཡོད་པ་དང་། ཁོང་དགོངས་པ་རྫོགས་པར་མྱ་ངན་གུས་འདུད་དང་ཤུལ་ལུས་རྣམས་ལ་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་དབུས་ལས་ཁུངས་ཁག་གིས་ལས་མཚམས་བཞག་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply