དུས་འཁོར་དབང་ཆེན་གྱི་བྱུང་སོང་རྩིས་ཁྲ།

TibetTimes88དེ་རིང་ཉིན་གུང་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་ར་བར། ༧གོང་ས་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༤ པ་མཇུག་བསྒྲིལ་བའི་མཛད་སྒོ་ཚོགས་པའི་སྟེང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་ཚོགས་གཙོ་ཆོས་རིག་བཀའ་བློན་གཡུ་ཐོག་ཀརྨ་དགེ་ལེགས་མཆོག་གིས། ཐེངས་འདིའི་དུས་འཁོར་དབང་ཆེན་གྱི་རྩིས་ཁྲ་དབྱིན་བོད་གཉིས་ནང་གསལ་བསྒྲགས་གནང་དོན་ལྟར་ན། ཕྱི་ལོ་ ༢༠༡༧ ཟླ་ ༡ ཚེས་ ༢ ནས་ ༢༠༡༧ ཟླ་ ༡ ཚེས་ ༡༤ ཉིན་བར་བྱུང་སོང་བསྡད་གསུམ་གྱི་གནས་སྟངས་གཤམ་གསལ་ལྟར་ཆགས་ཡོད་འདུག

བྱུང་དངུལ།

དུས་དབང་ཡོན་བདག་རྣམས་ཀྱིས་ཕུལ་བ་ཧིན་སྒོར་འབུམ་ ༨༠༥ དང་ ༣༤༢༥༣ །
ཞལ་འདེབས་ཁག་ལྔ་ཡོད་པ་ལས་དུས་འཁོར་དབང་ཆེན་ལ་ཞལ་འདེབས་སྒོར་འབུམ་ ༢༩༥ དང་ ༣༨༥༤༡ །
དགེ་འདུན་གྱི་མང་ཇ་དང་ཞལ་བག་ལ་ཞལ་འདེབས་སྒོར་འབུམ་ ༦༣༣ དང་ ༩༦༦༦ །
དགེ་འདུན་པར་སྐུ་འགྱེད་ལ་ཞལ་འདེབས་སྒོར་འབུམ་ ༥༢༠ དང་ ༡༣༥༤༤ །
བརྟན་བཞུགས་ཀྱི་ཞལ་འདེབས་ལ་སྒོར་འབུམ་ ༡༠༨ དང་ ༨༥༦༧༥ །
ཆོས་ཞུ་བའི་གུར་གྱི་ཆེད་དུ་བྱུང་བ་སྒོར་འབུམ་ ༩༣ དང་ ༤༨༦༣༧ །
ཕྱི་དངུལ་ཧིན་སྒོར་དུ་འཛའ་བསྒྱུར་བྱས་པར་སྒོར་འབུམ་ ༥༨ དང་ ༦༩༠༦༢ །

སོང་དངུལ།

དུས་འགོར་དབང་ཆེན་གྱི་འགལ་རྐྱེན་བར་ཆད་སེལ་ཆེད་ཞབས་རིམ་ལ་སྒོར་འབུམ་ ༡༨ །
གསུང་ཆོས་ར་བ་གསར་སྐྲུན་དང་དབུ་གུར། སྡིངས་ཆ། རླུང་འཁོར་འཕྲུལ་ཆས་སོགས་ལ་སྒོར་འབུམ་ ༢༢༥ །
དུས་དབང་དང་འབྲེལ་བའི་ཕྱག་དཔེ་ཁག་ ༨ དཔར་སྐྲུན་ལ་སྒོར་འབུམ་ ༤༥༠ །(དབྱིན་སྐད་ནང་འབུམ་ ༤༥ ཞེས་གསུངས་སོང་།)
དགེ་འདུན་པར་སྐུ་འགྱེད་ལ་སྒོར་འབུམ་ ༡༠༠༠༨ །(དབྱིན་སྐད་ནང་འབུམ་ ༡༠༠༨ ཞེས་གསུངས་སོང་།)
བརྟན་བཞུགས་ལ་འགྲོ་གྲོན་སྒོར་འབུམ་ ༦༠ །
བརྟན་བཞུགས་ལ་དངུལ་སྨར་ཕུལ་བ་སྒོར་འབུམ་ ༥༥ དང་ ༥༥༥༥༥ །
མང་ཇ་དང་ཞལ་བག་འབྲས་སིལ་སོགས་ལ་སྒོར་འབུམ་ ༢༥༠ །
ཆོས་ཞུ་བའི་སྡོད་གུར་ལ་སྒོར་འབུམ་ ༡༩༩ །
བོད་ནས་ཕེབས་པའི་ཆོས་ཞུ་བར་སྣེ་ལེན་ལ་སྒོར་འབུམ་ ༨༦ དང་ ༥༠༠༠༠ །
ཉམ་ཐག་གི་སྣེ་ལེན་དང་ལམ་གྲོན་ལ་སྒོར་འབུམ་ ༡༦༠ །
མི་མང་བདེ་འཇགས་དང་ཆོས་ཞུ་བ་དེབ་འགོད་སོགས་ལ་སྒོར་འབུམ་ ༦༥ །
(འདིའི་བར་དབྱིན་སྐད་ནང་སྒྲ་སྒམ་དང་བརྙན་སོགས་ལ་སྒོར་འབུམ་ ༡༨༥ ཞེས་གསུངས་སོང་།)
མི་མང་ལ་དྲིལ་བསྒྲགས་ལས་དོན་ཆེད་སྒོར་འབུམ་ ༡༥ །
མི་མང་འཕྲོད་བསྟེན་ལ་སྒོར་འབུམ་ ༦༥ །
ཆུ་གློག་གཙང་སྦྲ་སོགས་ལ་སྒོར་འབུམ་ ༢༣༠ །
མགྲོན་ཁང་དང་སྣུམ་འཁོར་གླ་རིན་ལ་སྒོར་འབུམ་ ༡༠༠ །
ལས་ཁུངས་ཀྱི་འཛིན་ཆས་དང་དཔར་སྐྲུན་སོགས་ལ་སྒོར་འབུམ་ ༧ །
ལས་བྱེད་པའི་གསོལ་ཐབ་ཁང་ལ་སྒོར་འབུམ་ ༥༠ །
འགྲིམ་འགྲུལ་ཟུར་ཕོགས་དང་དམིགས་བསལ་ལམ་གྲོན་བཅས་ལ་སྒོར་འབུམ་ ༩༥ །
སྡེ་ཚན་ཁག་ཅིག་ལ་ཐུགས་རྗེ་ལེགས་འབུལ་ཆེད་ཟུར་བཅད་བྱས་པ་སྒོར་འབུམ་ ༧༥ །

ལྷག་དངུལ།

ངེས་མེད་འགྲོ་གྲོན་གྱི་དམིགས་སྒོའི་ཆེད་དུ་ལྷག་པ་སྒོར་འབུམ་ ༤༩ དང་ ༢༡༨༢༣ །

ཞེས་གསལ་བསྒྲགས་གནང་བ་དང་འབྲེལ་ཏེ། གོང་གི་རྩིས་ཁྲ་དེ་རོབ་རྩིས་ཡིན་པ་དང་། ལོ་གཅིག་རིང་སྒོ་ཕྱེས་ཏེ་འཇོག་རྒྱུ་ཡིན་སྟབས། དོགས་འདྲི་དང་ནོར་འཁྲུལ་རིགས་ཡོད་ཚེས་འབྲེལ་བ་གནང་རོགས་གསུངས་སོང་། རྩིས་ཁྲ་གསལ་བསྒྲགས་ཀྱི་ནང་དོན་དེ་ཙམ་ཁ་གསལ་མིན་པ་མ་ཟད། རྩིས་ནོར་རེ་ཟུང་མེད་དམ་སྙམ་པའི་དོགས་གཞི་འདུག་པ་དང་། བཀའ་བློན་མཆོག་གིས་དབྱིན་སྐད་དང་བོད་སྐད་གཉིས་ནང་གསལ་བསྒྲགས་གནང་བའི་བྱུང་སོང་གཅིག་པ་མིན་པ་བཅས་ལ་བརྟེན། འདི་གའི་གསར་འགོད་པའི་ལག་ཏུ་ཡིག་ཐོག་གི་རྩིས་ཁྲ་མ་རག་སྟབས།  ཞིབ་ཏུ་གསན་འདོད་ཡོད་རིགས་ཚོས་དྲ་ཐག་འདི་བརྒྱུད་ནས་གསུངས་བཤད་དངོས་ལ་གསན་རོགས།

བསྐྱར་བཅོས།: ༢༠༡༧/༠༡/༡༥

Leave a Reply

10 thoughts on “དུས་འཁོར་དབང་ཆེན་གྱི་བྱུང་སོང་རྩིས་ཁྲ།

  1. འགྱུར་མེད།

    དུས་འཁོར་དབང་ཆེན་གོ་སྒྲིག་ཡག་པོ་གནང་སོང་བར་ཐུགས་རྗེ་ཆེ། མཐའ་མའི་རྩིས་ཁྲ་དེ་འདོམ་བདེ་བོ་འདོད་པ་ཁེངས་བ་ཞིག་བྱུང་མ་སོང་། ཡིན་ནའང་ལས་ཀ་ཚགས་ཚུད་པོ་ཡོང་དང་མ་ཡོང་རེད་མ་གཏོགས་རྩིས་གཙང་མ་ཡོད་མེད་ལ་སེམས་འཁྲུལ་མེད་ཡིད་ཆེས་ཡོད།

  2. བོད་གཞུང་གིས་རྩིས་ཉོག་ཁ་གསལ་མེད་པ་འདི་ལྟ་བུ་ཞིག་སྒྲོག་དོན་གང་ཡིན། ལྷག་དོན་དུ་བསྟན་པའི་སྦྱིན་བདག་གཙོ་བོ་རྣམས་ཀྱི་མིང་ཙམ་ཡང་མི་འབོད་དོན་ག་རེ་ཡིན། སྦྱིན་བདག་ཚོ་ལ་རྩིས་ཁ་གསལ་མེད་ན་ག་བ་འགྲིག་ཐུབ་ཡོད། སྦྱིན་བདག་རྣམ་པའི་དངུལ་དེ་དག་ཡོངས་རྫོགས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་བ་རེད་མ་གཏོགས་བོད་གཞུང་ལ་ཕུལ་བ་མ་རེད། རྩིས་གཙང་མ་བཟོ་དགོས་པའི་མི་ཚད་དངུལ་ལྷག་མ་དེ་དག་ཀྱང་ག་རེ་ལ་བེད་སྤྱོད་གཏོང་རྒྱུ་ཡིན་པ་ཁ་གསལ་བོ་གཟོ་དགོས།

  3. ཀླུ་མོ་མཚོ།

    སྐུ་ངོ་མཆོག་གིས་བོད་སྐད་ནང་གསུང་བའི་བྱུང་བསྡོམས་( ༢༥༡༤༩༩༣༧༨ ) དང་སོང་བསྡོམས་( ༡༢༢༡༤༠༥༥༥༥ ) རེད། ལྷག་པ་བསྡོམས་( ༤༩༢༡༨༢༣ )འདི་ཙམ་ཡོད་གསུང་སོང་ཡང་། གོང་གི་རྩིས་ཁྲ་ལྟར་བྱུང་སོང་རྩིས་བརྒྱབ་ན་འགྲོ་སོང་ཕར་མ་( ༩༦༩༩༠༦༡༧༧ )འདི་ཙམ་ཕྱིན་འདུག་པས་རྩིས་ཁྲ་མགོ་ཉོག་ཆེན་པོ་ཆགས་འདུག
    དབྱིན་སྐད་ནང་གསུང་པའི་བྱུང་བསྡོམས་(༥༤༠༦༠༩༠༥༧)དང་སོང་བསྡོམས་(༢༧༩༣༣༥༣༧༨) ལྷག་པའམ་འགྲོ་འཆར་(༣༠༤༣༢༧༣༧༨)རེད་གསུང་སོང་ཡང་། བྱུང་སོང་ལ་ཞིབ་འཇུག་བྱས་ན་ལྷག་མ་ (༢༦༡༢༧༣༦༧༩) འདི་ཙམ་ཡོད་དགོས་པ་ཆགས་འདུག འོག་ཏུ་བོད་སྐད་ནང་གསུངས་པ་དང་དབྱིན་སྐད་ནང་གསུང་པ་གཉིས་ཀ་བཀོད་ཡོད།

    [[བོད་སྐད་ནང་གསུང་པའི་རྩིས་ཁྲ།]]
    {བྱུང་།}
    80534253
    29538541
    63309666
    52013544
    10885675
    9348637
    5869062
    {སོང་།}
    1800000
    22500000
    45000000
    1000800000
    6000000
    5555555
    25000000
    19900000
    8650000
    16000000
    6500000
    1500000
    6500000
    23000000
    10000000
    700000
    5000000
    9500000
    7500000

    [[དབྱིན་སྐད་ནང་གསུང་པའི་རྩིས་ཁྲ།]]
    {བྱུང་།}
    80534253
    155747426
    305327378
    {སོང་།}
    1800000
    22500000
    4500000
    100800000
    6000000
    5555555
    19900000
    8650000
    16000000
    6500000
    18500000
    1500000
    6500000
    23000000
    10000000
    700000
    5000000
    9500000
    7500000
    4929823

  4. ཡར་ཀླུང་པ།

    ད་རེས་ཆོས་ཞུ་བ་ཚོས་ཞལ་འདེབས་གནང་བ་ཚང་མ་དུས་འཁོར་དབང་ཆེན་གྱི་དགེ་རྩ་དང་བོད་པའི་རྩ་དོན་ཆེད་ཡིན་པ་སོང་ཙང་གཞུང་སྒེར་ཚང་མས་རྩིས་ཁྲ་ཁམས་གཙང་གསལ་བསྒྲགས་བྱས་ཏེ་མང་ཚོགས་ལ་ཕྱི་གསལ་ནང་གསལ་བཟོ་དགོས།

  5. བསྟན་འཛིན་ཟླ་བ།

    བཀའ་བློན་གྱིས་གསལ་བསྒྲགས་ནང་གསལ་ལྟར་ན་དངུལ་ལྷག་མ་འབུམ་ ༤༩ ་ཡོད་ལབ་འདུག་ཀྱང་། གོང་གི་རྩིས་ཕྱོགས་སྡོམ་བྱས་ན་དངུལ་ལྷག་མ་སྒོར་རྡོག་གཅིག་ཀྱང་མེད་པའི་མི་ཚད་བུ་ལོན་འབུམ་ ༩༠༠༠ ་ལྷག་ཡོད་དགོས་པ་ཞིག་ཆགས་འདུག

  6. གཞུང་འབྲེལ་མ་ཡིན་པའི་ཚོགས་པ་སྐྱིད་སྡུག་ཞལ་འདེབས་སློང་མཁན་དེ་དིག་གིས་རྩིས་ཁྲ་གསལ་བསྒྲགས་མི་བྱེད་དོན་ཅི་ཡིན། ཉུར་མཐར་འབུམ་བཅུ་གྲངས་རེག་ཡོད་ངེས་ཡིན།

  7. གོང་གི་རྩིས་ཕྱོགས་བསྡོམས།

    བྱུང་ (251499378)
    སོང་ (1221405555)

    བྱུང་ཉུང་བ་དང་སོང་མང་བའི་ཆད་དངུལ་(969906177) ཆགས་འདུག་པས་རྩིས་ནོར་ཆེན་པོ་ཐེབས་ཡོད་པ་འདྲ།

  8. ཕུན་ཚོགས་དངོས་གྲུབ།

    དུས་དབང་སྦྱིན་བདག་རྣམས་ཞེས་དབུས་བོད་མི་སྒྲིག་འཛུགས་ཙམ་མ་ཟད་སྦྱིན་བདག་གཞན་ཡང་ཡོད་ཚུལ་ཟུར་ཙམ་ལས། སྦྱིན་བདག་སུ་དང་སུ་ཡོད་ཀྱི་མཚན་ཙམ་ཡང་གསལ་བསྒྲགས་མ་བྱས་པ་འདིའི་རྒྱབ་ལྗོངས་ཅི་ཡིན་ན།

    1. ༅༅། ཆོས་རིག་བཀའ་བློན་མཆོག་ལ་བཀྲིས་བདེ་ལེགས་ཞུ།
      དུས་དབང་སོ་བཞི་གང་ལེགས་སྤུས་དག་དང་་སྐྱབས་མགོན་རིན་པོ་མགུལ་འཆམ་བསྐྱོན་
      ཡང་ཐུགས་བརྩེ་བ་ཆེན་པོས་སྐུ་ངལ་འཛེམས་མེད་ཀྱིས་གསུང་ཆོས་གནང་སྒོ་ཁག་དང
      བཀའ་སློབ་གསུང་གི་བདུད་རྩི་གང་ལེགས་གནང་བར་སྐྱེ་འགྲོ་རྣམས་མུན་པ་སེལ་ཞིང་
      ལུས་སེམས་བདེ་སྐྱིད་ལྡན་ཐོག་ངང་ཕྱིར་ལོག་བྱུང་པ་བཀའ་དྲིན་ཤིན་ཏུ་ཆེ།
      གསུང་ཆོས་སྒོ་སྒྲིག་པ་རྣམ་པས་སྐུ་ལས་གང་ལེགས་གནང་སོང་་་ཐུགས་རྗེ་ཆེ།
      ལྷག་པར་དུ་གཞོན་ནུ་ལྷན་ཚོགས་ནས་སྤྱི་ཚོགས་དངས་བླངས་ཞབས་ཞུ་ཤིན་ཏུ་
      ཡག་པོ་གནང་སོང་བ་སེམས་གཏིང་ནས་བསྔགས་བརྗོད་དང་་་ཐུགས་རྗེ་ཆེ་ཞུ་གི་ཡོད།
      ཀེ་ན་ཀྲ་ནས་འཇིགས་མེད་ཀྱིས་ཕུལ།