ཕྱུག་བདག་བརྒྱད་ཀྱིས་འཛམ་གླིང་མི་འབོར་ཕྱེད་ཀའི་རྒྱུ་ནོར་བཟུང་།

འཛམ་གླིང་དཔལ་འབྱོར་གླེང་སྟེགས་སྟེང་དབྱིན་ཡུལ་གྱི་ཞིབ་འཇུག་ཚོགས་པ་ཞིག་གིས་ ༢༠༡༠ ལོར་ཕྱུག་བདག་ ༦༢ ལ་འཛམ་གླིང་གི་མི་འབོར་ཕྱེད་ཀའི་རྒྱུ་ཡོད་ཀྱང་ད་ལྟ་ཕྱུག་བདག་ ༨ ལ་འཛམ་གླིང་གི་མི་འབོར་ཕྱེད་ཀའི་རྒྱུ་འདུག་ཟེར།

20170121_fnp506

བདུན་ཕྲག་འདིར་སུད་སིའི་ས་གནས་ཌོ་ཝས་(Dovas)ཞེས་པར་འཛམ་གླིང་དཔལ་འབྱོར་གླེང་སྟེགས་(World Economic Forum)ཞེས་པ་ཚོགས་ཏེ། འཛམ་གླིང་གི་ཨ་སྒོར་ཐེར་འབུམ་ཡོད་པའི་ཕྱུགས་བདག་རྣམས་འཛོམས་ཏེ། འཛམ་གླིང་གི་དཔལ་འབྱོར་ཇི་ལྟར་རྒྱ་སྐྱེད་གཏོང་དགོས་མིན་སྐོར་ལ་གྲོས་བསྡུར་གནང་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བའི་ནང་། ཚོགས་འདུ་དབུ་འཛུགས་སྟེང་འཛམ་གླིང་མུ་གེའི་སྲུང་སྐྱོབ་ཚོགས་པས་ཞིབ་འཇུག་བྱས་པ་ལྟར་ན། ད་ལྟ་འཛམ་གླིང་གི་ཕྱུགས་བདག་ཨ་སྒོར་ཐེར་འབུམ་གྱི་བདག་པོ་ ༨ ལ་འཛམ་གླིང་ཧྲིལ་བོའི་མི་འབོར་གྱི་ཕྱེད་ཀ་སྟེ། མི་གྲངས་ཐེར་འབུམ་གསུམ་དང་ཕྱེད་ཀ་ལྷག་གི་དཔལ་འབྱོར་དང་མཉམ་པ་ཡོད་ཅེས་བརྗོད་ཡོད་པ་དང་། ཚོགས་པ་དེས་ ༢༠༡༠ ལོར་འཛམ་གླིང་གི་ཕྱུགས་བདག་ ༦༢ ལ་འཛམ་གླིང་གི་མི་ཕྱེད་ཀ་ལྷག་གི་དཔལ་འབྱོར་དང་དོ་མཉམ་པ་ཡོད་ཅེས་བསྲགས་ཡོད་འདུག

ཉམས་ཞིབ་པ་སྐུ་ཞབས་(Ben Southwood)ལགས་ཀྱིས། ཚོགས་འདུ་དེ་ནི་འཛམ་གླིང་གི་འབྱོར་ལྡན་རྣམས་ཀྱི་དཔལ་འབྱོར་སྐོར་མ་ཡིན་པར། འཛམ་གླིང་གི་དབུལ་པོ་རྣམས་ཀྱི་ཉིན་རེའི་འཚོ་བ་དང་དཔལ་འབྱོར་ཇི་ལྟར་ཡར་རྒྱས་གཏོང་ཕྱོགས་སྐོར་ཡིན་སྐོར་བཤད་ཀྱང་། རྒྱ་གར་དུས་བབ་གསར་ཁང་གི་གནས་ཚུལ་ནང་། ཚོགས་འདུ་དེར་གཞུང་ལ་དཔྱ་ཁྲལ་གཙང་མ་འབུལ་དགོས་པ་དང་། བཟོ་གྲྭ་ཁག་ཏུ་ལས་ཀ་བྱེད་མཁན་རྣམས་ལ་འཚོ་རྟེན་གྱི་ཕྱིར་དུ་གླ་ཆ་གང་ལེགས་འབུལ་ཕྱོགས་ཐད་བགྲོ་གླེང་བྱ་རྒྱུ་ཡིན་ཚུལ་བཀོད་འདུག

འཛམ་གླིང་དཔལ་འབྱོར་གླེང་སྟེགས་དེ་ ༢༠༡༡ ལོར་མགོ་བཙུགས་ཡོད་པ་དང་། ད་རེབ་ནི་ཚོགས་ཐེངས་བདུན་པ་དེ་ཆགས་ཡོད་འདུག

འཛམ་གླིང་གི་མི་ཕྱུག་ཤོས་ཨ་སྒོར་ཐེར་འབུམ་གྱི་བདག་པོ་བརྒྱད་ནི།
11-Bill Gateབིལ་གེཊ།(Bill Gate) ཁོང་ནི་ ༡༩༥༥ ལོར་ཨ་རིའི་རྒྱལ་ཁབ་ཝ་ཤིན་ཌོན་ས་གནས་སུ་སྐྱེས་པ་དང་། ཁོང་གིས་གློག་ཀླད་ཀྱི་མཉེན་ཆས་མ་ཀོ་རོ་སོབ་(Microsoft)གསར་གཏོད་བྱས་པ་དང་ད་ལྟ་མ་ཀོ་རོ་སོབ་དང་གློག་ཀླད་མཉེན་ཆས་འཆར་འགོད་ཀྱི་མགོ་འཛིན་གནང་གི་ཡོད་པ་མ་ཟད། ཁོང་ནི་ཚོང་གི་མ་འཛུགས་བྱེད་པོ་དང་རྩོམ་པ་པོ་ཡང་ཡིན། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༧༥ ཙམ་ཚོད་འདུག

22-Amancio Ortegaཨ་མན་སི་ཨོ་ཨོར་ཏི་གཱ།(Amancio Ortega) ཁོང་ནི་ ༡༩༣༦ ལོར་ཨིས་པེན་(Spain)རྒྱལ་ཁབ་ཀྱི་ས་གནས་ལི་ཡོན་(leon)དུ་སྐྱེས་པ་དང་། དེང་སང་འཛམ་གླིང་དུ་དར་སྲོལ་ཆེ་བའི་གྱོན་ཆས་ཀྱི་བཟོ་གྲྭ་ཛ་ར་(Zara)དང་ཨིན་དི་ཊེས་(Inditex)ཚོགས་པ་གསར་འཛུགས་བྱེད་མཁན་དང་དེའི་མགོ་འཛིན་གནང་ཡང་ད་ལྟ་ལས་གནས་ནས་རྩ་དགོངས་ཞུས། ཁོང་ནི་ཡོ་རོབ་རྒྱལ་ཁབ་ཀྱི་ནང་ནས་ཕྱུག་ཤོས་དང་། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༦༧ ཙམ་ཚོད་འདུག

33-Warren Buffettཝར་རིན་བུ་ཕིཊ།(Warren Buffett) ཁོང་ནི་ ༡༩༣༠ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ས་གནས་ནི་བ་རས་ཀ་(Nebraska)ལ་སྐྱེས་པ་དང་། ཁོང་ནི་འཛམ་གླིང་གི་ཚོང་པ་ཆེ་ཤོས་ཀྱི་གྲལ་དུ་ཚུད་ཅིང་། འཛམ་གླིང་གི་ཚོང་འཇུག་ཆེ་བའི་བཟོ་གྲྭ་བར་ཤི་ཡར་ཧ་ཊ་ཝེ་( Berkshire Hathaway)གསར་འཛུགས་བྱེད་མཁན་དང་དེའི་མགོ་འཛིན་གནང་གི་ཡོད། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༦༡ ཙམ་ཡོད་ཚོད་འདུག

44-Carlos-Slim-Heluཀར་ལོས་སི་ལིམ།(Carlos Slim) ཁོང་ནི་ ༡༩༤༠ ལོར་མེཀ་སི་ཀོ་(Mexico)རྒྱལ་ཁབ་ཀྱི་ས་གནས་མེཀ་སི་ཀོ་གྲོང་འཁྱེར་དུ་སྐྱེས་པ་དང་། ཁོང་ནི་འཛམ་གླིང་གི་ཚོང་པ་དང་ཚོང་གི་མ་འཛུགས་བྱེད་པོ་ཡིན་པ་དང་། ཁོས་མེཀ་སི་ཀོ་རྒྱལ་ཁབ་དུ་ཡོད་པའི་ཚོང་གི་ཚོགས་པ་ཆེ་ཤོས་གུ་རུ་པོ་ཀར་སོ་(Grupo Carso)གསར་འཛུགས་དང་དེའི་མགོ་འཛིན་གནང་མུས་རེད། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༥༠ ཙམ་ཡོད་ཚོད་འདུག

55-Jeff Bezosཇེཕ་བི་ཛོས།(Jeff Bezos) ཁོང་ནི་ ༡༩༦༤ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ས་གནས་ཝ་ཤིན་ཊོན་དུ་སྐྱེས་པ་དང་། ཁོང་ནི་འཛམ་གླིང་དུ་ཚོང་ཟོག་ཉོ་ཚོང་གི་དྲ་རྒྱ་སྐད་གྲགས་ཆེ་ཤོས་ཨ་མེ་ཛོན་(Amazon.com)གསར་འཛུགས་བྱེད་མཁན་དང་ད་ལྟ་དེའི་མགོ་འཛིན་ཡིན། ཁོང་ནི་ཚོང་པ། ཚོང་གི་མ་འཛུགས་བྱེད་པ་པོ་དང་གློག་ཀླད་རིགས་ལ་མཁས་པ་ཤིག་ཡིན། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༤༥ ཙམ་ཡོད་ཚོད་འདུག

66-Mark Zuckerbergམར་ཀ་ཛུ་ཀར་བཀ། (Mark Zuckerberg) ཁོང་ནི་ ༡༩༨༤ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ས་གནས་ནེའུ་ཡོག་ཏུ་སྐྱེས་པ་དང་། ཁོང་ནི་དེང་སང་ཧ་ཅང་སྐད་གྲགས་ཆེ་བའི་སྤྱི་ཚོགས་དྲ་རྒྱ་ངོ་དེབ་(Facebook)ཀྱི་གསར་གཏོད་མཛད་མཁན་ཡིན་ཤིང་ད་ལྟ་དེའི་མགོ་འཛིན་ཡིན། དེ་བཞིན་ཁོང་ནི་གློག་ཀླད་ཀྱི་ལས་རིམ་འཆར་འགོད་པ་དྲགས་ཅན་ཞིག་ཡིན། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༤༥ ཙམ་ཡོད་ཚོད་འདུག

ལེ་རི་ཨི་ལི་སོན།(Larry Ellison) ཁོང་ནི ༡༩༤༤ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ས་གནས་ཀེ་ལི་ཕོར་ནི་ཡ་(California)ལ་སྐྱེས་པ་དང་། ཁོང་ནི་གློག་ཀླད་དང་འཕྲུལ་ཆས་ཀྱི་བཟོ་གྲྭ་ཨོ་རེ་ཀལ་ལྷན་ཚོགས་(Oracle Corporation)གསར་འཛུགས་བྱེད་མཁན་ཡིན་ཤིང་དེའི་མགོ་འཛིན་མཛད་ཡིན་ཡང་། ད་ལྟ་དེའི་ལས་གནས་ནས་དགོངས་ཞུས་བྱས། ཁོང་ནི་ཚོང་གི་ཁེ་ལས་པ་དང་ཚོང་པ་ཞིག་ཡིན། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༤༤ ཙམ་ཡོད་ཚོད་འདུག

88-Michael Bloombergམའེ་ཀེལ་བུ་ལུམ་བརཀ།(Michael Bloomberg) ཁོང་ནི་ ༡༩༤༢ ལོར་ཨ་རིའི་རྒྱལ་ཁབ་ཀྱི་ས་གནས་མ་ས་ཅུ་སེཊ་(Massachusetts)ལ་སྐྱེས་པ་དང་། ཁོང་ནི་གློག་ཀླད་ཀྱི་ནང་ཆས་དང་དེའི་མཉེན་ཆས་ཀྱི་བཟོ་གྲྭ་བུ་ལུམ་བརཀ་(Bloomberg)གསར་དུ་འཛུགས་མཁན་དང་ད་ལྟའང་དེའི་མགོ་འཛིན་ཡིན། ཁོང་ནི་ཚོང་པ། ཆབ་སྲིད་པ། རྩོམ་པ་པོ་སོགས་ཡིན། ད་ལྟ་ཚོད་དཔག་བྱས་ན་ཁོང་ལ་ཨ་སྒོར་ཐེར་འབུམ་ ༤༠ ཙམ་ཡོད་ཚོད་འདུག

 

 

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “ཕྱུག་བདག་བརྒྱད་ཀྱིས་འཛམ་གླིང་མི་འབོར་ཕྱེད་ཀའི་རྒྱུ་ནོར་བཟུང་།