བཀའ་ཤག་གྲོས་ཚོགས་ལས་ཕྱིར་ཐོན་པའི་ཐོག་དགོངས་ཚུལ་ག་རེ་ཡོད།

ད་རེས་གྲོས་ཚོགས་སྟེང་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གི་སྙན་ཐོའི་ནང་། སྲིད་སྤྱིའི་འོས་བསྡུར་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་ཞེས་བཀོད་ཡོད་པ་དེར་བཀའ་ཤག་གིས་མོས་མཐུན་མ་གནང་བར། སྲིད་སྐྱོང་གིས་སྣེ་འཁྲིད་དེ་བཀའ་བློན་རྣམས་གྲོས་ཚོགས་ལས་ཕྱིར་ཐོན་པ་དེའི་ཐད་དགོངས་ཚུལ་ག་རེ་ཡོད། ཅེས་བོད་མི་མང་སྤྱི་འཐུས་ཁག་ཅིག་ལ་དྲི་བ་བཏོན།

ཟླ་འདིའི་ཚེས་ ༡༨ ཉིན། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་། བཀའ་སྤྱི་གཉིས་ལས་གྲུབ་པའི་འོས་བསྡུའི་སྒྲིག་གཞི་བསྐྱར་བཅོས་ཚོགས་ཆུང་གི་སྙན་ཐོ་སྒྲོགས་སྦྱོང་གནང་རྗེས། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་སྙན་ཐོ་དེའི་ནང་སྲིད་སྤྱི་གཉིས་ཀྱི་འོས་བསྡུར་སྔར་རྒྱུན་བཞིན་སྔོན་འགྲོ་དང་དངོས་གཞི་གཉིས་དགོས་པ་འཁོད་ཡོད་པ་དེར་མོས་མཐུན་མེད་སྐོར་གསུངས་ཏེ་གྲོས་ཚོགས་ལས་ཕྱིར་འཐོན་མ་ཐག བཀའ་བློན་ཚང་མ་གྲོས་ཚོགས་ལས་ཕྱིར་ཐོན་ཡོད།

འོས་བསྡུའི་སྒྲིག་གཞི་བསྐྱར་ཚོགས་ཚོགས་ཆུང་དེར་ཚོགས་མི་ ༥ ཡོད་པ་དག་ནི།

ཚོགས་གཙོ། དཔལ་འབྱོར་བཀའ་བློན་ཀརྨ་ཡེ་ཤེས།

ཚོགས་དྲུང་། སྤྱི་འཐུས་དགེ་བཤེས་སྨོན་ལམ་མཐར་ཕྱིན།

ཚོགས་མི། འོས་བསྡུའི་སྤྱི་ཁྱབ་འགན་འཛིན་ཤོ་ཟུར་བསོད་ནམས་ཆོས་འཕེལ།

ཚོགས་མི། སྤྱི་འཐུས་པདྨ་འབྱུང་གནས།

ཚོགས་མི། སྤྱི་འཐུས་རྒྱ་རིགས་ཐར།

བསྐྱར་བཅོས།: ༢༠༡༧/༠༣/༢༢

Leave a Reply

8 thoughts on “བཀའ་ཤག་གྲོས་ཚོགས་ལས་ཕྱིར་ཐོན་པའི་ཐོག་དགོངས་ཚུལ་ག་རེ་ཡོད།

  1. ༄༅། ལ་ལེན་བཀའ་ཤག་ནས་དོན་བདག་གང་ཡང་མེད་པར་གྲོས་ཚོགས་ནས་ཕྱིར་ཐོན་གནང་བ་ནི་ལོ་རྒྱུས་ནང་
    ནག་ཐིག་ཞིག་རེད་འདུག།
    གསལ་བཤད་དང་དབུ་རྩ་བ་ནས་མ་འཚོས་པར་བཀའ་ཤག་གྲོས་ཚོགས་ནས་ཕྱིར་ཐོན་དང་དེ་རྗེས་གྲོས་ཚོགས་
    སུ་ཚོགས་ངོ་བཅར་སྐབས་ག་རེ་བྱས་ཏེ་གྲོས་ཚོགས་ནས་ཕེབས་པ་ཡིན་ཞེས་དྲི་བ་བཏང་སྐབས་ལན་གང་ཡང་གནང་
    རྒྱུ་མེད་པ་ཆགས།་འདུག་ ཨ་རྩི་དེ་འདྲ་མ་གནང་རོགས་གནང།

  2. དེ་སྔོན་འོས་བསྡུ་སྐབས་བཙན་བྱོལ་བོད་མིས་ཞབས་འདྲེན་མང་པོ་ཞུས་ཡོད་པ་ཚང་མས་ཤེས་གསལ་རེད། དེར་བརྟེན་འོས་བསྡུ་གཅིག་ལས་མི་དགོས་པའི་གྲོས་གཞི་དེ་གཏོང་དགོས་རེད་པ། གཉིས་ནི་སྲིད་སྐྱོང་ལ་གསལ་བཤད་ཀྱི་གོ་སྐབས་མ་ཕུལ་དུས་བཀའ་ཤག་གྲོས་ཚོགས་ནས་ཐོན་དགོས་བྱུང་བ་རེད།

  3. སྲས་སྐུ་ངོ་།

    བློ་བཟང་གྲགས་པས་སྐད་ཆ་དྲང་པོ་བཤད་མ་སོང་། ད་ནི་ཁྱེད་རང་སྔར་གྱི་སློབ་མ་མགོ་གཉིས་མ་དེ་རང་རེད་འདུག

  4. དེ་རིང་དུས་བབ་ཚང་གིས་ཡུན་རིང་རེ་སྒུག་བྱས་པའི་གནས་ཚུལ་དེ་སྤེལ་འདུག ཐུགས་རྗེ་བླ་མེད་དུ་ཆེ་ཞུ་རྒྱུ་ཡིན། སྤྱི་འཐུས་སྨོན་ལམ་ཐར་ཕྱིན་ལགས་ཀྱིས་དངོས་གནས་དྲང་ཚིགས་ལྡན་པའི་སྐད་ཆ་བཤད་འདུག

  5. ཐོས་པ་དགའ།

    དུས་བབ་ཚང་བཀའ་དྲིན་ཆེ། དགེ་བཤེས་ཨབ་ཕྲུག་ཚེ་བརྟན་ཟེར་པ་ཁོང་གིས་བློ་གཟི་བོར་མ་གནས་པའི་གཏམ་བཤད་གནང་འདུག སྲིད་སྐྱོང་གཙོ་བའི་བཀའ་ཤག་གིས་གྲོས་ཚོགས་ལ་གནོན་ཤུགས་སྤྲད་པ་དང་། འགན་ཡག་པོ་མ་ཁུར་བའི་གནད་དོན་ཆགས་འདུག བཀའ་ཤག་ཐོན་ཕྱིན་གྲོས་ཚོགས་ཐེངས་གཉིས་ལ་ཚོགས་མ་ཐུབ་པར་གྲོལ་དགོས་བྱུང་ཡོད་པ་དེ་ཚང་མ་བཀའ་ཤག་གིས་བཟོས་སོང་། ད་རེས་བཀའ་ཕྱག་གི་གནང་སྟངས་དེ་མིག་དཔེ་འོས་པ་ཞིག་མཐོང་མ་སོང་། གནང་སྟངས་འདི་ལ་བལྟས་ན་ཁྲིམས་བཟོ་ལྷན་ཚོགས་ཀྱིས་མང་མོས་དང་སྤྱི་མོས་གང་རུང་གི་ལམ་ནས་ཐག་གཅོད་པ་ལ་བཀའ་ཤག་གི་གཏན་ནས་ཉན་འཇོག་མ་གནང་བར་ཐོན་སོང་ནི། དེ་ལ་འདོད་མོས་མ་བྱུང་།

    1. ངོ་མ་བཀའ་ཤག་གི་བྱེད་སྟངས་དེ་འགན་ཁུར་མེད་པ་མཟད་ཅོལ་ཆུང་གི་བྱ་སྤྱོད་ལས་མ་འདས། ངོ་མ་ཡིད་ཕོངས་པའི་གནས་རེད།