བོད་ཡིག་བོད་སྐད་ལ་འཐམ་བཞིན་པའི་བོད་ཕྲུག

བདུན་ཕྲག་སྔོན་མར་སུད་སིའི་ས་གནས་ཨར་གྷོའོ་ནང་། སུད་སིའི་བོད་མིའི་སློབ་གྲྭ་ཁག་གི་སློབ་ཕྲུག་ཚོར་བོད་སྐད་ཡིག་འགྲན་བསྡུར་ཐེངས་ ༤ པ་དེ་སྤེལ་ཡོད་འདུག

16426279_1439619402757239_8659539797001541258_nསུད་སའི་བོད་རིགས་སློབ་གྲྭ་ཁག་གི་འགན་འཛིན་སྟག་ལྗང་འཆི་མེད་ལགས་ཀྱིས་ངོ་སྤྲོད་གནང་བ་ལྟར་ན། དེ་སྔ་བོད་དགེ་དཀོན་མཆོག་ལགས་ཀྱིས་སྣེ་འཁྲིད་དེ་སེང་གྷ་ལན་དུ། སུད་སི་རྒྱལ་ཡོངས་བོད་སློབ་ཁག་གི་ཕ་སྐད་གཙང་མའི་འགྲན་བསྡུར་ཞེས་པ་ཞིག་གོ་སྒྲིག་གནང་ཡོད་པ་དང་། རྗེས་སུ་སྲིད་སྐྱོང་མཆོག་སུད་སིར་ཕེབས་སྐབས་ཤིག་ལ་ཡུ་རོབ་ཁུལ་གྱི་བོད་སློབ་ཁག་གི་དགེ་ལས་ལྷན་འཛོམས་ཤིག་གནང་སྟེ། བོད་སྐད་འགྲན་བསྡུར་གྱི་ལས་གཞི་འདི་སུད་སི་ལེག་ཏན་སིཊ་ཡན་བོད་རིགས་མི་མང་བོད་སློབ་ཁག་གིས་འགན་བཞེས་རྒྱུ་བྱས་ཡོད་འདུག

ཐེངས་འདིའི་བོད་སྐད་ཡིག་འགྲན་བསྡུར་ནང་། བོད་ཀྱི་སྣོད་བཅུད་མཚོན་པའི་རི་མོ་འགྲན་བསྡུར་དང་། བོད་ཀྱི་ཡིག་གཟུགས་འགྲན་བསྡུར། བོད་ཡིག་ཀློག་སྟངས་འགྲན་བསྡུར། བོད་སྐད་ཀྱི་དགོད་བྲོའི་གཏམ་གླེང་འགྲན་བསྡུར། བོད་དང་འབྲེལ་བའི་དྲི་རྩལ་འགྲན་བསྡུར། བོད་ཀྱི་རིག་གཞུང་གླེང་བའི་གཏམ་བཤད་འགྲན་བསྡུར། བོད་སྐད་ཀྱི་རྐྱང་གཞས་དང་མཉམ་གཞས་འགྲན་བསྡུར། ཞབས་བྲོ་འགྲན་བསྡུར་བཅས་སྡེ་ཚན་ ༨ ལ་བགོས་ཏེ་འགྲན་བསྡུར་གནང་ཡོད་འདུག

༡༽ བོད་ཀྱི་སྣོད་བཅུད་མཚོན་པའི་རི་མོ་འགྲན་བསྡུར་ནང་། སློབ་ཕྲུག་ཆུང་བའི་ཁྲོད་ཨང་དང་པོ་སིང་གྷ་ལེན་གྱི་སློབ་ཕྲུག་ཡེ་ཤེས་དོན་གྲུབ་དང་། ཨང་གཉིས་པ་ཨར་གྷོའོ་སློབ་ཕྲུག་ཡིད་དགའ་བདེ་བ། ཨང་གསུམ་པ་སོ་ལོ་ཐོན་གྱི་སློབ་ཕྲུག་བསྟན་འཛིན་སྒྲོལ་དཀར་བཅས་ཡིན་འདུག སློབ་ཕྲུག་ཆེ་བའི་ཁྲོད་ཨང་དང་པོ་ཨར་གྷོའི་སློབ་ཕྲུག་བསྟན་འཛིན་ཆོས་འཛིན། ཨང་གཉིས་པ་སྦན་གྱི་སློབ་ཕྲུག་བསྟན་འཛིན་སིམ་གཞིས་ཚང་། ཨང་གསུམ་པ་ས་གནས་སོ་ལོ་ཐོན་སློབ་ཕྲུག་བཟང་མོ།

༢༽ བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ལས་སློབ་ཕྲུག་ཆུང་བའི་ཁྲོད་ཨང་དང་པོ་ཝ་ལི་སིར་གྱི་སློབ་ཕྲུག་གུན་དཀའ་དང་། ཨང་གཉིས་པ་ཡོ་ནའི་སློབ་ཕྲུག་པད་མ་བསམ་འགྲུབ། ཨང་གསུམ་པ་ཛུ་རིག་སློབ་ཕྲུག་བདེ་གསལ་བཅས་ཡིན་འདུག འབྲིང་བའི་ཁྲོད་ཨང་དང་པོ་རི་ཁོན་གྱི་སློབ་ཕྲུག་བསྟན་འཛིན་ལྷ་ཆོས། ཨང་གཉིས་པ་རི་ཁོན་གྱི་སློབ་ཕྲུག་བསྟན་འཛིན་སྒྲོལ་མ། ཨང་གསུམ་པ་ལུ་ཛན་གྱི་སློབ་ཕྲུག་ཀརྨ་སྒྲོལ་མ་བཅས་ཡིན་འདུག སློབ་ཕྲུག་ཆེ་བའི་ཁྲོད་ཨང་དང་པོ་ཐཱོན་གྱི་སློབ་ཕྲུག་བསྟན་འཛིན་ཀུན་བཟང་། ཨང་གཉིས་པ་ཐཱོན་གྱི་སློབ་ཕྲུག་བསྟན་འཛིན་དཔལ་སྐྱིད། ཨང་གསུམ་པ་ཨར་གྷོའོ་སློབ་ཕྲུག་བསྟན་འཛིན་ཆོས་འཛིན།

༣༽ བོད་ཡིག་ཀློག་རྩལ་འགྲན་བསྡུར་ལས་སློབ་ཕྲུག་ཆུང་བའི་ཁྲོད་ཨང་དང་པོ་ཐཱོན་གྱི་སློབ་ཕྲུག་ཀུན་དགའ་ལེགས་པོ། ཨང་གཉིས་པ་ཨར་གྷོའོ་སློབ་ཕྲུག་ཡིད་དགའ་བདེ་བ། ཨང་གསུམ་པ་སྦན་གྱི་སློབ་ཕྲུག་བསྟན་འཛིན་ཚེ་དཔལ་བཅས་ཡིན་འདུག སློབ་ཕྲུག་རྒན་པའི་ཁྲོད་ཨང་དང་པོ་སོ་ལོ་ཐོན་གྱི་སློབ་ཕྲུག་ཚེ་དབང་ལྷ་མོ། ཨང་གཉིས་པ་ཨར་གྷོའོ་སློབ་ཕྲུག་དཀོན་མཆོག ཨང་གསུམ་པ་ཐཱུན་གྱི་སློབ་ཕྲུག་བསྟན་འཛིན་ཀུན་བཟང་།

༤༽ དགོད་བྲོའི་གཏམ་གླེང་འགྲན་བསྡུར་ཁྲོད་ཨང་དང་པོ་ཨར་གྷོའོ་སློབ་ཕྲུག་བསྟན་འཛིན་ཡིད་དགའ་དང་བསྟན་འཛིན་ཡེ་ཤེས། ཨང་གཉིས་པ་ལུ་ཛན་གྱི་སློབ་ཕྲུག་རྡོ་རྗེ་ཚེ་སྒྲོན་དང་ཟླ་བ་ལྷ་མོ། ཨང་གསུམ་པ་ཝ་དན་སི་ཝེལ་གྱི་སློབ་ཕྲུག་དབྱིངས་གསལ།

༥༽ བོད་དང་འབྲེལ་བའི་དྲི་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོ་སོ་ལོ་ཐོན་བོད་སློབ། ཨང་གཉིས་པ་སྦན་བོད་སློབ། ཨང་གསུམ་པ་ཨར་གྷོའོ་བོད་སློབ་བཅས་ཡིན་པ་དང་། རྒྱལ་རབས་སྐོར་གྱི་དྲི་རྩལ་འགྲན་བསྡུར་ཁྲོད་ཨང་དང་པོ་སྦ་སེལ་བོད་སློབ། ཨང་གཉིས་པ་སོ་ལོ་ཐོན་བོད་སློབ། ཨང་གསུམ་པ་སིང་གྷ་ལེན་བོད་སློབ། རྒྱུན་ཤེས་སྐོར་ནས་ཨང་དང་པོ་གྷུ་ལ་རའོ་སི་བོད་སློབ། ཨང་གཉིས་པ་སོ་ལོ་ཐོན་བོད་སློབ། ཨང་གསུམ་པ་སྦ་སེལ་བོད་སློབ།

༦༽ གཏམ་བཤད་འགྲན་བསྡུར་ཁྲོད་ཨང་དང་པོ་ཨར་གྷའོ་སློབ་ཕྲུག་བསྟན་འཛིན་ཆོས་འཛིན་དང་ས་གནས་སྦན་གྱི་སློབ་ཕྲུག་བསྟན་འཛིན་བྱམས་པ། ཨང་གཉིས་པ་རི་ཁོན་གྱི་སློབ་ཕྲུག་བསྟན་འཛིན་སྒྲོལ་མ། ཨང་གསུམ་པ་ལུ་ཛན་གྱི་སློབ་ཕྲུག་ཀརྨ་འཕྲིན་ལས་སྒྲོལ་མ།

༧༽ བོད་སྐད་རྐྱང་གཞས་འགྲན་བསྡུར་ཁྲོད། ཨང་དང་པོ་རི་ཁོན་གྱི་སློབ་ཕྲུག་བསྟན་འཛིན་ཚེ་རིང་། ཨང་གཉིས་པ་ཨར་གྷའོ་སློབ་ཕྲུག་སྐྱིད་འཛོམས། ཨང་གསུམ་པ་ཝ་དན་སི་ཝེལ་གྱི་སློབ་ཕྲུག ཚེ་རིང་སྤ་རྒྱལ།

༨ ༽ འཁྲབ་གཞས་འགྲན་བསྡུར་ཁྲོད། ཨང་དང་པོ་སོ་ལོ་ཐོན་བོད་སློབ། ཨང་གཉིས་པ་ཨར་གྷའོ། ཨང་གསུམ་པ་སྦན་དང་ཧོར་རྒན་གཉིས་བཅས་རེད་འདུག

16473158_1439629392756240_9168998255787803836_n

ཙ་ཡུས་ཕུན་ཚོགས་ནས།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply