འབར་མའི་དམངས་གཙོ་ཚོགས་པའི་སློབ་སྟོན་པ་ལྐོག་གསོད།

འབར་མའི་དམངས་གཙོ་ཚོགས་པའི་ཁྲིམས་ལུགས་སློབ་སྟོན་པ་སྐུ་ཞབས་ཀཱོ་ནེ་ལགས་ཆོས་ལུགས་རྩོད་རྙོག་གི་གནད་དོན་ཆེད་ཕྱིན་ཏེ་ཕྱིར་ལོག་པའི་ལམ་བར་དུ་མི་ཞིག་གིས་མེ་མདའ་བརྒྱབ་ནས་བསད་ཡོད་འདུག

_93861259_mediaitem93861256

ཟླ་འདིའི་ཚེས་ ༢༩ ཉིན་འབར་མ་རྒྱལ་ཡོངས་དམངས་གཙོ་ཚོགས་པའི་ཁྲིམས་ལུགས་སློབ་སྟོན་པ་དང་ཁྲིམས་རྩོད་པ་སྐུ་ཞབས་ཀཱོ་ནེ་(Ko Ni )ལགས་སུ། འབར་མའི་གྲོང་ཁྱེར་ཡོང་གཱོང་(Yangon )གནམ་ཐང་དུ་མི་ཞིག་གིས་མེ་མདའ་བརྒྱབ་སྟེ་བསད་ཡོད་འདུག

ཀཱོ་ནེ་རཱཀ་ཧི་ནཱི་མངའ་སྡེའི་(Rakhine state)ནང་གི་ཆོས་ལུགས་རྙོག་དྲའི་གནད་དོན་ཞིག་གི་ཆེད་དུ་ཕེབས་ཏེ་ཕྱིར་ལོག་བཞིན་ཡོད་འདུག སྐབས་དེར་ཁོའི་ལག་པར་ལོ་གསུམ་ཅན་གྱི་རང་གི་ཚ་བོ་བཟུང་ཡོད་འདུག ལྐོག་གསོད་པ་དེ་ཁོའི་རྗེས་སུ་དེད་ཡོང་ནས་ཁོའི་མགོ་ལ་མེ་མདའ་བརྒྱབ་ཡོད་ཅིང་། དེ་མ་ཐག་ཁོ་ས་ལ་འགྱེལ་ཡོད་འདུག་ཀྱང་ཁོའི་ལག་པར་བཟུང་བའི་ཚ་བུ་ལ་གནོད་སྐྱོན་གང་ཡང་བྱས་མི་འདུག

ད་ལྟ་ཁོང་ལ་མེ་མདའ་རྒྱག་མཁན་གྱི་ཉེས་ཅན་དེ་འཛིན་བཟུང་བྱས་ཡོད་ཅིང་། ཉེན་རྟོག་པས་བརྗོད་པ་ལྟར་ན། ཉེན་ཅན་དེའི་མིང་ལ་ཅེས་ལེན་(Kyi Lin)ཟེར་ཞིང་ད་ལྟ་རང་ལོ་ ༥༣ ཡིན་འདུག འབར་མའི་ནང་སྲིད་དོན་འོག་མི་བསད་པ་ཧ་ཅང་ཉུང་ཞིང་། ད་ལྟ་ཁོང་གི་གྲོངས་རྐྱེན་དེ་ཡང་ཆོས་ལུགས་ཀྱི་གནད་དོན་ཡིན་པར་དོགས་པ་བྱེད་ཀྱིན་ཡོད་ཀྱང་ད་དུང་གསལ་ཁ་བྱུང་མི་འདུག

ཀཱོ་ནེ་ནི་འབར་མའི་རྩ་ཁྲིམས་ལ་བརྩི་བཀུར་ཞུ་མཁན་གྱི་ཁྲིམས་རྩོད་པ་ཞིག་ཡིན་པ་དང་། ལྕམ་ཨཱང་སེན་སོའུ་ཀེ་ཡི་ཁྲིམས་ལུགས་སློབ་སྟོན་པའང་ཡིན་འདུག ཁོས་ནམ་རྒྱུན་འབར་མའི་ཁ་ཆེའི་གྲངས་ཉུང་མི་རིགས་ཀྱི་བདེ་འཇགས་དང་ཐོབ་ཐང་སྐོར་ལ་སྐད་ཆ་ཤོད་བཞིན་ཡོད་པ་དང་། དེ་སྔོན་འབར་མའི་དམག་གཞུང་གི་སྒེར་སྤྱོད་ལའང་མཐའ་གཅིག་ཏུ་ངོ་རྒོལ་འཐབ་རྩོད་བྱས་མྱོང་ཡོད་འདུག

མེ་མདའ་བརྒྱབ་སྟེ་ཆུ་ཚོད་ ༢༤ ཏག་ཏག་ཟིན་མཚམས་ཁོང་འདས་གྲོངས་སུ་ཕྱིན་ཡོད་པ་དང་། མི་ཚོགས་ཧ་ཅང་ཕོན་ཆེན་པོས་ཁོང་གི་ཕུང་བོ་དུར་འཇུག་ཕེབས་སྐྱེལ་བྱས་ཡོད་ཅིང་། ཁ་ཆེ་གཙོ་བོར་གྱུར་བའི་ནང་པ་དང་ཡེ་ཤུ་པ་སོགས་ཆོས་ལུགས་འདྲ་མིན་གྱི་མི་སྣ་འཛོམས་ཏེ་གདུང་སེམས་མཉམ་སྐྱེད་དང་མྱ་ངན་ཞུས་ཡོད་འདུག

_93866824_coffinreu

འབར་མ་རྒྱལ་ཡོངས་དམངས་གཙོ་ཚོགས་པས། ཀཱོ་ནེ་ནི་ནང་པའི་རྒྱལ་ཁབ་འདིའི་གལ་འགངས་ཆེ་བའི་མི་སྣ་ཞིག་དང་། “སུས་ཀྱང་ཚབ་མཚོན་མི་ཐུབ་པ་ཞིག་ཡིན་” ཞེས་བརྗོད་འདུག ཡིན་ན་ཡང་ལྕམ་ཨཱ་སེན་སོའུ་ཀེ་ཡིས་ད་སྔ་དེའི་སྐོར་ལ་སྐད་ཆ་གང་ཡང་བཤད་མི་འདུག

རྒྱལ་ཡོངས་དམངས་གཙོ་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་ཏེ་ “ང་ཚོས་ཀཱོ་ནེ་ལྐོག་གསོད་དོན་རྐྱེན་དེ་ནི། འཇིགས་སྐུལ་དྲག་སྤྱོད་པས་མང་གཙོ་ཚོགས་པའི་ཉེན་རྟོག་པ་ཚོར་རྒོལ་བའི་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད།” ཅེས་བརྗོད་ཡོད་འདུག དེ་བཞིན། དམངས་གཙོ་ཚོགས་པའི་དབུ་ཁྲིད་རྒན་པ་ཊེན་ཨོ་(Tin Oo)ཡིས་ཀྱང་། “ ཀཱོ་ནེ་ལྐོག་གསོད་དོན་རྐྱེན་དེ་ནི། རྒྱལ་ཁབ་ཀྱི་གྱོང་གུད་ཆེན་པོ་ཞིག་དང་། ང་ཚོ་དང་ང་ཚོའི་ཚོགས་པའི་གྱོང་གུད་རེད།” ཅེས་བརྗོད་ཡོད་འདུག

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་ “ལྐོག་གསོད་དོན་རྐྱེན་གང་འདྲ་ཡིན་ཡང་དེར་གནད་འགག་ཅིག་ཡོད། དེར་ཞིབ་འཇུག་རང་བཞིན་གྱིས་ཐག་གཅོད་བྱས་ན། མི་ཞིག་གསོད་དགོས་པའི་གནད་དོན་དེར་འགྲོ་བ་མིའི་ཐོབ་ཐང་འཐབ་རྩོད་ཀྱི་ངོས་ནས་འགྲེལ་བཤད་བརྒྱབ་ན་རེ་ཐག་ཆད་རྒྱུ་མེད་པའི་འཐབ་རྩོད་པ་ཟེར་བ་རེད།” ཞེས་བརྗོད་ཡོད་འདུག

འབར་མའི་ནང་གི་ཨ་རིའི་གཞུང་ཚབ་པ་སི་ཁོ་ཊི་མཱར་ཁུལ་ (Scot Marcie)གྱིས་ “ང་ལ་བཤད་རྒྱུ་གཅིག་རང་ཡོད་པ་དེ་ནི། ང་ཚོ་ཚང་མ་དངོས་ནས་ཧང་སང་དགོས་པ་དང་། སེམས་སྐྱོ་དགོས་པ་ཞིག་ཆགས་སོང་། ཀཱོ་ནེ་ཡིས་རང་གི་རྒྱལ་ཁབ་དང་དམངས་གཙོའི་ཆེད་དུ་དཀའ་ལས་དང་། ཞབས་འདེགས་མང་པོ་ཞིག་བསྒྲུབས་པ་ཤེས་ཀྱི་ཡོད།” ཅེས་བརྗོད་འདུག

འབར་མའི་ནང་ཆོས་ལུགས་རྩོད་ཉོག་རྒྱུན་པར་འབྱུང་བཞིན་ཡོད་པ་དང་། ད་ལྟ་ལྕམ་ཨང་སེན་སོའུ་ཀེ་ཡི་སློབ་སྟོན་འོག་འཛིན་སྐྱོང་བྱེད་བཞིན་པའི་འབར་མའི་གཞུང་གིས་མི་རིགས་དང་ཆོས་ལུགས་རྩོད་ཉོག་དྲང་བདེན་ཡོང་གི་མེད་པའི་བསམ་ཚུལ་ཤུགས་ཆེ་རུ་འགྲོ་བཞིན་ཡོད་པ་མ་ཟད། ནང་པ་དང་ཁ་ཆེ་བར་མི་གསོད་དོན་རྐྱེན་ཡང་ཡང་འབྱུང་གི་ཡོད་འདུག འབར་མའི་ནང་ཁ་ཆེ་ཆོས་ལུགས་པ་ནི་གྲངས་ཉུང་མི་རིགས་ཆགས་ཡོད་འདུག

སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply