རང་ལུས་མེར་སྲེག་གནང་མཁན་དབང་ཕྱུག་ཚེ་བརྟན་ལཊ་རེད་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་དཀར་མཛེས་རྫོང་ཐོག་ནས་སྐུ་ལུས་མེར་སྲེག་གནང་མཁན་གྱི་མཚན་ལ་དབང་ཕྱུག་ཚེ་བརྟན་ཞུ་ཡི་འདུག

དབང་ཕྱུག་ཚེ་བརྟན་ལགས་ཀྱིས་སྐུ་ལུས་མེར་བསྲེགས་གནང་སྟེ་སྐར་མ་ ༢ ཙམ་ལས་མ་འགོར་བར་ཉེན་རྟོག་པ་བསླེབས་ཏེ། ཁོང་གི་ལུས་སྟེང་གི་མེ་བསད་དེ་བཙན་འཁྱེར་བྱས་ཡོད་པ་དང་། ད་ལྟའི་ཆར་ཁོང་ཤི་གསོན་གང་ཡིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག་ཀྱང་། སྐུ་ལུས་མེར་བསྲེགས་གནང་སྐབས་ཡུལ་དངོས་སུ་ཡོད་པའི་བོད་མི་ཚོས་བརྗོད་པ་ལྟར་ན། རྒྱུན་རིང་པོ་མེ་འབར་ཁོམ་མ་བྱུང་བར་ཉེན་རྟོག་པ་བསླེབས་ཡོད་སྟབས་ཁོང་ཕལ་ཆེར་སྐུ་གྲོངས་མེད་སྐོར་བརྗོད་ཀྱི་ཡོད་པ་རེད།

ཕྱི་ལོ་ ༢༠༠༩ ནས་ད་ལྟའི་བར་བོད་ནང་རྒྱ་གཞུང་གི་བཙན་གནོན་སྲིད་བྱུས་ལ་ཞི་རྒོལ་གྱིས་སྐུ་ལུས་མེར་སྲེག་གནང་མཁན་ཁྱོན་ ༡༤༧ བྱུང་བ་ཕྱི་ནས་ཤེས་རྟོགས་གསལ་པོ་བྱུང་ཡོད་པ་དང་། དེའི་ནང་ནས་བོད་མི་ ༡༢༥ སྐུ་གྲོངས་ཟིན་པ་ཁ་གསལ་ཆགས་ཡོད་ཀྱང་། ད་དུང་མི་གྲངས་ ༢༢ ཙམ་འདས་གསོན་གང་ཡིན་ད་དུང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༤/༡༨

Leave a Reply

One thought on “རང་ལུས་མེར་སྲེག་གནང་མཁན་དབང་ཕྱུག་ཚེ་བརྟན་ལཊ་རེད་འདུག