རྒྱ་ནག་གཅིག་གི་སྲིད་ཇུས་ལ་མོས་མཐུན་ཡོད་ཟེར།

ཊི་རུམ་ཕིས་ཞི་ཅིན་ཕིན་ལ་ཁ་པར་བཏང་སྟེ་ཁོས་རྒྱ་ནག་གཅིག་གི་སྲིད་ཇུས་ལ་མོས་མཐུན་བྱེད་རྒྱུ་ཡིན་ལུགས་བཤད་ཡོད་འདུག

c916dce8-ef46-11e6-930f-061b01e23655

དེ་རིང་བྷེ་བྷེ་སེ་སོགས་རྒྱལ་སྤྱིའི་གསར་ལམ་ཆེ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཕྱི་དྲོར་ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཁ་པར་བཏང་སྟེ། ཁོས་དེ་སྔོན་རྒྱ་ནག་ཐོག་འཛིན་པའི་ཆབ་སྲིད་ལངས་ཕྱོགས་ལ་འགྱུར་བ་བཏང་སྟེ། ད་ལྟ་རྒྱ་ནག་གཅིག་གི་སྲིད་ཇུས་ལ་མོས་མཐུན་བྱེད་ཀྱི་ཡོད་སྐོར་བཤད་ཡོད་པ་དང་། དེ་ནི་ཊི་རུམ་ཕིས་ཨ་རིའི་སྲིད་འཛིན་དམ་འབུལ་ཞུས་རྗེས་ཁ་པར་སྐུད་ལམ་ནས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་ལ་ཐད་ཀར་འབྲེལ་བ་བྱས་པ་ཐེངས་དང་པོ་དེ་ཆགས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ཊི་རུམ་ཕི་ཡིས་ཞི་ཅིན་ཕིན་ལ་ཡི་གེ་ཞིག་བཏང་བའི་ནང་། ཁོས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་ཡར་རྒྱས་ཡོང་ཐབས་སུ། རྒྱ་ནག་དང་ལྷན་དུ་མཉམ་ལས་བྱེད་པར་རེ་ལྟོས་བྱས་ཡོད་པ་དང་། དེ་ནི་ཕྱོགས་གཉིས་ཀར་ཁེ་ཕན་ཡོད་པ་ཞིག་ཡིན་ཚུལ་བརྗོད་ཡོད་འདུག

རྒྱ་ནག་གཅིག་གི་སྲིད་ཇུས་ཞེས་པ་དེ་ནི། རྒྱ་ནག་གཞུང་གིས་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པར་སྒྲུབ་ཀྱི་ཡོད་ཀྱང་། ཆབ་སྲིད་དཔྱད་བརྗོད་པའི་ཁྲོད། གལ་སྲིད་རྒྱ་ནག་གཅིག་གི་སྲིད་བྱུས་ཁས་ལེན་བྱས་ན། ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་དགོས་སམ། རྒྱ་ནག་ཐའེ་ཝན་གྱི་ཆ་ཤས་ཡིན་དགོས། དེ་ལ་རྩོད་གཞི་ཡོད་པར་བརྗོད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

One thought on “རྒྱ་ནག་གཅིག་གི་སྲིད་ཇུས་ལ་མོས་མཐུན་ཡོད་ཟེར།

  1. ༅༅། ཨ་རི་སྲིད་འཛིན་གསར་པས་དང་པོ་རྒྱ་ནག་ལ་ཡིན་མདོག་རྫིག་མདོག་
    གིས་སྐད་ཆ་བཤད་ཀྱང་མཐའ་མ་སྔར་མུས་བཞིན་གྱི་སྐད་ཆ་བཤད་པ་ལས་
    འགྱུར་བ་ཅི་ཡང་མེད།