གནས་མཆོག་རྡོ་རྗེ་གདན་ནས་ཆིབས་ཐོན་གནང་།

༧གོང་ས་མཆོག་གི་རྡོ་རྗེ་གདན་ཁུལ་གྱི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ་དེ་རིང་ཞོགས་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་བསྒྱུར་བསྐྱངས་གནང་སོང་།

IMG_6788༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་གྱིས་གཙོས་གནས་མཆོག་རྡོ་རྗེ་གདན་ཁུལ་གྱི་ཟླ་ཕྱེད་ལྷག་རིང་གི་མཛད་འཕྲིན་རྣམས་ལེགས་པར་གྲུབ་སྟེ། དེ་རིང་ཞོགས་པའི་ཆུ་ཚོད་ ༧།༣༠ ཙམ་གྱི་ཐོག་རྡོར་གདན་རྣམ་རྒྱལ་གྲྭ་ཚང་གི་བཞུགས་གནས་ནས་སེར་སྐྱ་མི་མང་གི་ཕེབས་སྐྱེལ་ཁྲོད་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཆིབས་ཐོན་གནང་སོང་།

སྐུ་སྒེར་དྲ་བའི་མཛད་འཆར་ནང་གསལ་ལྟར་ན། ཕྱི་ཟླ་ ༢ ཚེས་ ༥ ཉིན་ཝེ་ཌི་ཡ་ལོ་ཀེ་ (Vidyaloke) ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ༧གོང་ས་མཆོག་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཊོ་ཀ་ཊོ་ར་ཚོགས་ཁང་དུ་ (Talkatora) རྒྱ་གར་གྱི་ཤེས་རབ་དང་ཞབས་རྗེས་ (Reviving Indian Wisdom in Contemporary India) ཞེས་པའི་བརྗོད་གཞིའི་ཐོག་མི་མང་ལ་གསུང་བཤད་བསྩལ་གནང་རྒྱུ་དང་། ཕྱི་ཟླ་ ༣ ཚེས་ ༡༢ ཉིན་གྱི་ཞོགས་པར་བཞུགས་སྒར་དྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྐྱེས་རབས་གསུང་ཆོས་བསྩལ་གནང་རྒྱུ་ཡིན་འདུག

གནས་མཆོག་རྡོ་རྗེ་གདན་ནས་པདྨ་མཚོས་སྤེལ།

བསྐྱར་བཅོས།: ༢༠༡༧/༠༤/༢༡

Leave a Reply

One thought on “གནས་མཆོག་རྡོ་རྗེ་གདན་ནས་ཆིབས་ཐོན་གནང་།

  1. ༅༅། རྗེ་རྒྱལ་བའི་སྐུ་བརྟན་པར་ཤོག།
    མ་སྐྱེ་འགྲོ་ཐམས་ཅན་བློ་སེམས་བདེ།
    ཁྱེད་བྱམས་བརྕེ་རྒྱ་མཚོའི་གཏིང་ལས་ཟབ།
    ཁྱེད་མཛད་འཕྲིན་ཟླ་འོད་བཞིན་དུ་གསལ།
    རྗེ་བླ་མ་ཁྱེད་ལ་སྙིང་ནས་བསྟོད།