རླངས་འཁོར་སྟེང་གནད་ཡོད་མི་སྣ་མཚོན་པའི་གློག་དམར་བེད་སྤྱོད་མི་ཆོག

ཁ་སང་ཕྱི་ཟླ་ ༤ ཚེས་ ༡༩ ཉིན་རྒྱ་གར་གཞུང་གི་དཔལ་འབོར་བློན་ཆེན་སྐུ་ཞབས་(Arun Jaitley)མཆོག་གིས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཏེ། འབྱུང་འགྱུར་ཕྱི་ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་རྒྱ་གར་རྒྱལ་ཡོངས་ཀྱི་གནད་ཡོད་མི་སྣ་སུ་འདྲ་ཞིག་ཡིན་ཡང་རླངས་འཁོར་སྟེང་གནད་ཡོད་མི་སྣ་མཚོན་པའི་གློག་དམར་བེད་སྤྱོད་གཏོང་མི་ཆོག་པ་བསྒྲགས་འདུག

གསལ་བསྒྲགས་ནང་། ༢༠༡༧ ཟླ་ ༥ ཚེས་ ༡ ཉིན་ནས་བཟུང་རྒྱ་གར་གཞུང་གི་སྲིད་འཛིན་སྲིད་བློན་དང་ཁྲིམས་དཔོན་ཆེན་མོ་སུ་ལའང་གནད་ཡོད་མི་སྣའི་གློག་དམར་(VIP Red Light)དེ་བེད་སྤྱོད་བྱེད་པའི་དབང་ཆ་་མེད། མ་འོངས་པར་ཉེན་རྟོག་པའི་རླངས་འཁོར་དང་མེ་གསོད་རུ་ཁག་གི་རླངས་འཁོར། དེ་བཞིན་སྨན་ཁང་གི་མྱུར་སྐྱོབ་རླངས་འཁོར་སོགས་ཀྱིས་རང་རང་གི་དེ་སྔའི་ཛ་དྲག་གློག་བརྡ་རིགས་བེད་སྤྱོད་གཏོང་ཆོག་པ་ལས་གཞན་སུ་གང་ལའང་དམིགས་བསལ་མེད་ཅེས་འཁོད་ཡོད་འདུག

གནས་ཚུལ་དེའི་སྐོར་སྲིད་བློན་མུ་དྷེ་མཆོག་གིས་ཁོ་རང་གི་སྤྱི་ཚོགས་བརྒྱུད་ལམ་སྟེང་། “རྒྱ་གར་གྱི་མི་མང་ཚང་མ་གནད་ཡོད་མི་སྣ་རེད།” ཅེས་འཁོད་ཡོད་འདུག གསར་འགྱུར་བརྒྱུད་ལམ་ཁག་ཏུ་ཐེངས་འདིའི་ཐག་གཅོད་དེ་མདུན་སྐྱོད་ཆེན་པོ་ཞིག་ཡིན་པ་མ་ཟད། དཔོན་ཉམས་རིང་ལུགས་མེད་པ་བཟོས་ཏེ་སྤྱི་ཚོགས་འདྲ་མཉམ་ཡོང་ཐབས་ཡག་པོ་ཞིག་ཡིན་པའི་གླེང་སློང་འབྱུང་བཞིན་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༤/༢༠

Leave a Reply

2 thoughts on “རླངས་འཁོར་སྟེང་གནད་ཡོད་མི་སྣ་མཚོན་པའི་གློག་དམར་བེད་སྤྱོད་མི་ཆོག

  1. སྲས་སྐུ་ངོ་།

    ཧ་ཧ་ཧ།སྣང་བ་འགྲོ་སོང་། དངུལ་ནག་ཁྲོམ་ར་ནང་ཡོང་ཆེད་ཤོག་དངུལ་གསར་བ་བརྗེས། སྤྱི་ཚོགས་ནང་འདྲ་མཉམ་ཡོང་ཆེད་གནད་ཡོད་མི་སྣའི་རླངས་འཁོར་སྟེང་གི་གློག་དམར་མར་བླངས། ཡག་པོ་རེད།

    ཟླ་རྗེས་མ་ནས་བཟུང་གངས་སྐྱིད་ཀྱི་གློག་དམར་གཅིག་པུ་དེའི་རྫིག་ཉམས་ཀྱང་མེད་པ་ཆགས་འགྲོ