སྲིད་འཛིན་གསར་པའི་ཐག་གཅོད་གསུམ།

ཨ་རིའི་སྲིད་འཛིན་ཌོ་ནལ་ཊོ་རུམ་ཕི་ཡིས་དེ་རིང་ཞོགས་པར་སྲིད་འཛིན་གྱི་དམིགས་བསལ་དབང་ཚད་ཚིག་ཐོ་(Presidential Memoranda)ཞེས་པའི་ཐོག་ལས་དོན་གལ་ཆེན་གསུམ་ལ་ཐག་གཅོད་མཚན་རྟགས་བརྒྱབ་ཡོད་འདུག

སྲིད་འཛིན་གྱི་དམིགས་བསལ་དབང་ཚད་ཚིག་ཐོ་བརྒྱུད་དེ་ལས་དོན་གསུམ་ཐག་གཅོད་བྱས་པ་དག་ནི།

༡ ༽ ཨ་རི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་ཚོང་འབྲེལ་མཐུན་ཚོགས་(TPP)ཚོགས་ཁོངས་ནས་ཕྱིར་འཐེན།

༢༽  དམག་ཁོངས་འཕུད་པའི་གཞུང་འབྲེལ་ལས་ཁུངས་ཁག་ཏུ་ལས་བྱེད་བསྡུ་མཚམས་འཇོག་རྒྱུ།

༣ ༽ གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ཕྱི་རྒྱལ་ཁག་ལ་མི་འབོར་ཉུང་འཕྲིའི་སྲིད་བྱུས་ཐོག་དངུལ་གཏོང་རྒྱུ་མཚམས་འཇོག་རྒྱུ།

འདི་ནི་སྲིད་འཛིན་ཊི་རུམ་ཕི་ཡིས་དམ་འབུལ་ཞུས་རྗེས་ཀྱི་གཞུང་འབྲེལ་ཕྱག་ལས་དངོས་སུ་མགོ་འཛུགས་གནང་བའི་ཉི་མ་དང་པོ་དེ་ཆགས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

4 thoughts on “སྲིད་འཛིན་གསར་པའི་ཐག་གཅོད་གསུམ།

  1. མིང་རྟགས་གསུམ་པ་དེས་གངས་ཅན་སྐྱིད་གཞུང་ལ་དཀའ་ངལ་བཟོ་ངེས་རེད། དེ་འདྲ་ཞིག་ཨེ་ཡིན་ན། ང་ཚོའི་སྲིད་སྐྱོང་གིས་ཐོག་མར་སྲིད་སྐྱོང་འོས་མིར་ལངས་སྐབས། རང་ཁ་རང་གསོ་དང་། རང་མགོ་རང་ཐོན་གསུང་ཡོད་པ་རེད། རྗེས་ལ་ལྔ་དང་ལྔ་བཅུ་གསུང་ཡོད་པ་རེད། ཧཧཧ། སྤྱིར་བཏང་བྱ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་གཞན་ལ་ལག་པ་བཟེད་རྒྱུའི་མཇུག་འབྲས་ན་དཀའ་ངལ་ཞིག་ཡོད་ཡོད་པ་རེད།

  2. བོད་ཀྱི་དུས་བབ་ཀྱི་གསར་འགྱུར་འདི་སྙིང་བསྡུ་ཧ་ཅང་ཡག་པོ་འདུག

    གསར་འགྱུར་ཨ་མའི་དྲ་ཐག་འགོད་ན་གསལ་ཁ་ཆེ་རུ་འགྱུར་ངེས་རེད། བཀྲིས་བདེ་ལེགས།