ཧེ་ཐི་ལིར་གྱི་ཁ་པར་རིན་སྡུར་ཚོང་གྱུར་བྱས།

འཛམ་གླིང་དམག་ཆེན་གཉིས་པའི་སྐབས་ཧེ་ཐི་ལིར་གྱིས་བེད་སྤྱོད་བྱས་མྱོང་པའི་ཁ་པར་ཞིག་ཨ་སྒོར་(༢༤༣.༠༠༠)བྱས་ཏེ་རིན་སྡུར་ཚོང་སྒྱུར་གྱི་ལམ་ནས་བཙོང་འདུག

ཁ་པར་བཙོང་མཁན་གྱིས་ཨ་རིའི་མཱ་རེ་ལན་དྷི་ཆཱ་སི་ཕེཀ་གྲོང་ཁྱེར་(Chesapeake City, Maryland)ནས་ཐོག་མ་རིན་གོང་ཨ་སྒོར་(༡༠༠.༠༠༠)ནས་མགོ་ཚུགས་དེ་རིན་སྡུར་ཚོང་སྒྱུར་བྱ་རྒྱུ་བསྒྲགས་ཡོད་འདུག་ལ།

ཁ་པར་དེ་ ༡༩༤༥ ལོར་འཇར་མན་གྲོང་ཁྱེར་བྷིར་ལན་བྷན་ཁིར་(Berlin bunker)ས་གནས་སུ་རྙེད་སོན་བྱུང་ཡོད་པ་དང་། ཁ་པར་དེའི་ཁ་མདོག་དམར་པོ་དང་རྒྱབ་ངོས་སུ་འཇར་མན་ནཱ་ཛའི་མགོ་ཁྲིད་ཧེ་ཐི་ལིར་གྱི་མིང་བརྐོས་ཡོད་པ་ཞིག་ཡིན་འདུག

ཁ་པར་དེ་འཇར་མཱན་ནཱ་ཛིའི་དམག་ཆེན་གཉིས་པ་ཤོར་ནས་མགོ་བཏགས་བྱས་པ་དང་སི་ཝེ་ཊན་དམག་མི་ཞིག་གིས་དབྱིན་ཇིའི་ལས་ཁུངས་མགོ་ཁྲིད་སྐུ་ཞབས་རཱལ་ཧྥི་རཱེ་ནཱར་(Ralph Rayner)ལ་ལེགས་སྐྱེས་སུ་སྤྲད་པ་ཡིན་འདུག

ཁ་སང་གཟའ་ཉི་མའི་ཉིན་ཁ་པར་དེ་ལོ་རྒྱུས་རང་བཞིན་གྱི་རིན་སྡུར་ཚོང་སྒྱུར་ཁང་(Alexander Historical Auctions house)ནས་བཙོང་ཡོད་པ་དང་ཚོང་སྒྱུར་ཁང་གིས་ཉོ་མཁན་གྱི་མིང་ཕྱི་བསྒྲགས་བྱས་མེད།

ཚོང་སྒྱུར་ཁང་གིས་ཁ་པར་དེ་ནི་ཧེ་ཐི་ལིར་གྱིས་འཛམ་གླིང་དམག་ཆེན་གཉིས་པའི་སྐབས་མི་ས་ཡ་མང་པོའི་ཚེ་སྲོག་འཕྲོག་པ་དང “གཏོར་བཤིག་གཏོང་བྱེད་ཀྱི་མཚོན་ཆ་ཞིག་ཏུ་གྱུར་ཡོད་པ་རེད།” ཅེས་བརྗོད་ཡོད་འདུག

ད་དུང་ཤེལ་དཀར་གྱིས་བཟོས་པའི་ཧེ་ཐི་ལིར་གྱི་ཁྱི་(ཨ་ལཱ་སི་ཊན་ཁྱི། འཇར་མན་པས་ལུགས་རྫིའི་ཁྱི་ཞེས་འབོད།)ཅིག་ལ་རིན་གོང་ཨ་སྒོར་ ༢༤ ,༣༠༠ བྱས་ནས་བཙོང་ཡོད་འདུག

ལོ་སྔོན་མར་ཧེ་ཐི་ལིར་རང་གིས་བརྩམས་པའི་ཁོའི་མི་ཚེའི་ལོ་རྒྱུས་དང་ཆབ་སྲིད་ཀྱི་ལྟ་ཚུལ་འཁོད་ཡོད་པའི་དེབ་མཱེན་ཁྨ་ཧྥི(Mein Kampf)<<ངའི་འཐབ་རྩོད།>>ཅེས་པའི་དེབ་དེར་ཨ་སྒོར་ ༢༠,༦༥༥ བྱས་བཙོང་ཡོད་པ་དང་། དཔར་སྐྲུན་ཁང་གིས་བཤད་པ་ལྟར་ན་ ༢༠༡༦ ལོ་དེབ་དེ་འཛམ་གླིང་ཡོངས་ལ་གྲངས་ ༨༥,༠༠༠ ནས་ཚོང་འགྲེམས་ཡག་ཤོས་ཀྱི་དེབ་ཆགས་ཡོད་པར་བརྗོད་ཡོད་འདུག

སངས་རྒྱས་དཀོན་མཆོག

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply