ཨ་མཆོག་ཕུལ་བྱུང་ཀློད་གྲོལ་བཏང་།

ཨ་མཆོག་གླུ་བ་ཕུལ་བྱུང་ལགས་ཀྱི་བཙོན་འཇུག་དུས་ཡུན་རྫོགས་ཏེ་དེ་རིང་སྔ་དྲོར་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་འདུག

maxresdefaultབོད་མི་ཞིག་གིས་འདི་གའི་གསར་འགོད་པར། གླུ་བ་ཨ་མཆོག་ཕུལ་བྱུང་ལགས་ཀྱི་བཙོན་འཇུག་དུས་ཡུན་ཧྲིལ་པོ་རྫོགས་ཏེ། དེ་རིང་སྔ་དྲོར་སི་ཁྲོན་མིན་ཡཱང་བཙོན་ཁང་ནས་ཀློད་གྲོལ་བཏང་ཡོད་པ་དང་། དོ་དགོང་ཁོང་ཕ་ཡུལ་དུ་འབྱོར་གྱི་ཡོད་སྐོར་བརྗོད་བྱུང་ལ། ད་ལྟའི་ཆར་ཁོང་གི་སྐུ་གཟུགས་གནས་སྟངས་ག་འདྲ་ཡོད་སོགས་ཤེས་རྟོགས་ཐུབ་ཀྱི་མི་འདུག

རྒྱ་ནག་གཞུང་ནས་ཕྱི་ལོ་ ༢༠༡༢ ལོར་ཁོང་གིས་འགྲེམས་སྤེལ་བྱས་པའི་ཆེད་སྒྲིག་འོད་སྡེར་ལྔ་པ་(ཁུར་གྱིས་ནོན་པའི་ང་ཚོ)ཞེས་པའི་ནང་ཆབ་སྲིད་ཀྱི་གནད་དོན་ཡོད་པའི་ཉེས་མིང་གཡོགས་ཏེ་འཛིན་བཟུང་བཀའ་རྒྱ་བསྒྲགས་ཡོད་པར་བརྟེན། ཁོང་ཕ་ཡུལ་ནས་ཉེན་ཡོལ་དུ་འགྲོ་དགོས་བྱུང་ཡོད་ཀྱང་། ལོ་དེའི་ཕྱི་ཟླ་ ༨ ཚེས་ ༣ ཉིན་གྱི་དགོང་མོར། རྔ་བ་བོད་རིགས་རང་སྐྱོང་ཁུལ་གྱི་བསྟི་གནས་འབར་ཁམས་ཀྱི་ཇ་ཁང་ཞིག་ནས་གློ་བུར་དུ་འཛིན་བཟུང་བྱས་པ་མ་ཟད། ཡུན་རིང་ཞིག་ལ་གོ་ཐོས་མེད་པར་གྱུར་ཡོད་ཀྱང་མཐར་ཁྲིམས་ཐག་བཅད་དེ་མེན་ཡཱང་བཙོན་ཁང་དུ་བཅུག་ཡོད་པ་རེད།

གསར་འགོད་པ། པདྨ་མཚོ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply