སྲིད་འཛིན་གྱིས་ཁྲིམས་དཔོན་ལས་ཚབ་གནས་དབྱུང་བཏང་།

ཁ་སང་གཟའ་ཟླ་བའི་ཉིན། ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས། ཨ་རིའི་ཁྲིམས་དཔོན་ལས་ཚབ་ལྕམ་ཤཱ་ལེ་ཡ་ཊི་ (Sally Yates) ལགས་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་དང་། ཁོང་མོ་གནས་དབྱུང་གཏོང་དོན་མོ་རང་གིས་སྲིད་འཛིན་ཊི་རུམ་ཕི་ཡི་གནས་སྤོའི་སྲིད་ཇུས་ལ་ངོས་ལེན་མ་བྱས་པས་ཡིན་འདུག

Part-GTY-543412482-1-1-1

ཨ་རིའི་ཁྲིམས་དཔོན་ལས་ཚབ་ལྕམ་ཡ་ཊི་ལགས་ཀྱིས། སྲིད་འཛིན་ཊི་རུམ་ཕི་ཡི་གནས་སྤོའི་སྲིད་ཇུས་དེ་ཨ་རིའི་ཁྲིམས་ཁང་གི་ཁྲིམས་ལུགས་དང་། ཐོབ་ཐང་སོགས་ལ་མཐུན་པ་ཞིག་ཏུ་ངོས་འཛིན་བྱེད་ཐུབ་ཀྱི་མི་འདུག ཅེས་བརྗོད་འདུག

ཊི་རུམ་ཕི་གཞུང་གིས་གནས་ཚུལ་དེའི་སྐོར་ལ་གསལ་བསྒྲགས་སྤེལ་ཏེ། ལྕམ་ཡ་ཊི་ཡིས་ཨ་རིའི་མཐའ་མཚམས་དང་རྒྱལ་ཁབ་སྲུང་སྐྱོབ་བྱེད་པར་ངོས་ལེན་མི་བྱེད་པར་ཁྲིམས་ཁང་ལ་མགོ་སྐོར་བཏང་སོང་། ཞེས་པའི་ཉེས་འཛུགས་འོག་ལྕམ་ཡ་ཊི་གནས་དབྱུང་བཏང་སྟེ། ཁོང་མོའི་ཚབ་ཏུ་སྐུ་ཞབས་ཌ་ན་བྷིན་ཊི་ (Dana Boente) ལགས་མིང་འདོན་བྱས་ཡོད་འདུག

ཨ་རིའི་སྲིད་འཛིན་ཟུར་བ་ཨོ་བྷ་མས་ཊི་རུམ་ཕི་ཡིས་མི་རིགས་དབྱེ་འབྱེད་སྲིད་ཇུས་དེ་མི་སྒེར་གྱི་ཆོས་དད་དང་འབྲེལ་བ་ཡོད་སྟབས་དེར་ངོས་ལེན་བྱེད་ཐབས་རྩ་བ་ནས་མེད་སྐོར་བརྗོད་ཡོད་འདུག དེ་ནི་སྲིད་འཛིན་ཟུར་བ་ཨོ་བྷ་མས་སྲིད་འཛིན་གསར་བ་ཊི་རུམ་ཕི་ཡིས་སྲིད་དབང་བཟུང་སྟེ་ཉིན་ ༡༠ ཕྱིན་མཚམས་ཁོང་ལ་སྐྱོན་བརྗོད་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག

སྐུ་ཞབས་ཊི་རུམ་ཕི་ཡིས། ང་ལ་ཡང་སི་རི་ཡའི་ཟིང་འཁྲུག་ནང་ཚུད་པའི་མི་མང་གི་དཀའ་ངལ་ལ་གདུང་སེམས་ཆེན་པོ་ཡོད་ཀྱང་། ངའི་ཐོག་མའི་རྒྱལ་དོན་གལ་འགངས་ཆེ་ཤོས་དེ་ང་ཚོའི་རྒྱལ་ཁབ་སྲུང་སྐྱོབ་དང་རྒྱལ་ཁབ་ལ་ཞབས་ཞུ་བསྒྲུབ་རྒྱུ་དེ་ཡིན། འོན་ཀྱང་ང་སྲིད་འཛིན་ཡིན་པའི་ཆ་ནས་དཀའ་ངལ་ལ་འཕྲད་ཡོད་པའི་སྐྱབས་བཅོལ་མི་མང་ལ་རོགས་རམ་བྱེད་པའི་འགན་འཁུར་ཡོད། ཅེས་བརྗོད་འདུག

རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་ཨལ་ཧུ་སེན་ (al Hussein) ལགས་ཀྱིས། ཊི་རུམ་ཕི་ཡིས་ཁ་ཆེ་ལུང་པ་ཁག་ཅིག་གི་སྐྱབས་བཅོལ་བ་བཀག་སྡོམ་བྱས་པ་དེ་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་འགལ་འདུག རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་རྩ་ཁྲིམས་ནང་མི་རིགས་དབྱེ་འབྱེད་བྱེད་ཆོག་གི་མ་རེད། ཅེས་བརྗོད་འདུག

གཞན། ཧྥ་རན་སིར་ཡོད་པའི་རྒྱལ་མཚམས་མེད་པའི་སྨན་པའི་མཐུན་ཚོགས་ (MSF) ནས། སྐུ་ཞབས་ཊི་རུམ་ཕི་ཡི་གནས་སྤོ་སྲིད་ཇུས་དེས། རྒྱལ་སྤྱིའི་མི་མང་མུ་མཐུད་ཟིང་འཁྲུག་ནང་དེད་དེ། ཐད་ཀར་མི་མང་གི་ཚེ་སྲོག་ལ་ཉེན་ཁ་བཟོ་བཞིན་ཡོད་པ་དང་། སྐུ་ཞབས་ཊི་རུམ་ཕི་ཡི་སྐྱབས་བཅོལ་བ་བཀག་སྡོམ་སྲིད་ཇུས་དེ་ནི། ཟིང་འཁྲུག་ཁྲོད་ནས་བྲོལ་བྱོལ་དུ་ཡོང་མཁན་མི་མང་ལ་བཟོས་པའི་མི་སྤྱོད་ལས་འདས་པའི་གདུག་རྩུབ་ཅིག་རེད། ཅེས་བརྗོད་འདུག

ཡུ་རོབ་མཐུན་ཚོགས་ངོས་ནས་ཊི་རུམ་ཕི་གཞུང་གིས་རྒྱལ་ཁབ་ཕན་ཚུན་བར་གྱི་འགྲུལ་སྐྱོད་བཅད་པ་དེས་རྒྱལ་ཁབ་ ༢༨ ཀྱིས་གྲུབ་བའི་ཡུ་རོབ་གླིང་ལ་ཤུགས་རྐྱེན་ག་འདྲ་ཐེབས་མིན་ཐད་ཞིབ་འཇུག་བྱ་རྒྱུ་ཡིན་སྐོར་བརྗོད་འདུག

main_900

ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡིས་ཉེ་ལམ་ཁ་ཆེ་རྒྱལ་ཁབ་ ༧ སྟེ། ཨེ་རག་ (Iraq) དང་སི་རི་ཡ་ (Syria)། ཨེ་རན་ (Iran) དང་སུ་ཌན་ (Sudan)། ལི་བྷེ་ཡ་ (Libya) དང་སོ་མ་ལེ་ཡ་ (Somalia)། ཡ་མིན་ (Yemen) བཅས་དང་། རྒྱལ་ཁབ་ ༥༧ ལས་གྲུབ་པའི་ཁ་ཆེ་མཉམ་ལས་སྒྲིག་འཛུགས་ (OIC) ཁོངས་ཞུགས་རྒྱལ་ཁབ་ཁག་གི་མི་སེར་ཨ་རིའི་ནང་འགྲུལ་སྐྱོད་བཀག་འགོག་བྱ་རྒྱུ་བསྒྲགས་ཡོད་སྟབས། ཁ་སང་ཁ་ཆེ་མཉམ་ལས་སྒྲིག་འཛུགས་ཁོངས་ཞུགས་རྒྱལ་ཁབ་ཁག་གི་མི་མང་གིས་ངོ་རྒོལ་བྱས་ཏེ། ཨ་རིའི་སྲིད་འཛིན་ཊི་རུམ་ཕི་ཡི་མི་རིགས་དབྱེ་འབྱེད་ཀྱི་སྲིད་ཇུས་དེས། རྒྱལ་སྤྱིའི་འཇིགས་སྐུལ་དྲག་སྤྱོད་དང་ཟིང་འཁྲུག་ཇེ་ཆེར་གཏོང་སྲིད་པའི་ཉེན་བརྡ་བཏང་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply