ཨ་རིའི་སྲིད་འཛིན་སྐབས་ ༤༥ པ་ཊི་རུམ་ཕིའི་འཛིན་སྐྱོང་།

ཨ་རིའི་དབུས་གཞུང་འཛིན་སྐྱོང་ལྷན་ཚོགས་ཀྱི་དཔོན་རིགས་ཁྲོད། སྲིད་འཛིན་གྱིས་ཐད་བསྐོ་བཞག་གནང་ཆོག་པ་ཁག་ཅིག་དང་། སྲིད་འཛིན་གྱིས་མིང་འདོན་བྱས་རྗེས་གྲོས་ཚོགས་གོང་མས་རྒྱབ་སྐྱོར་ཐོབ་དགོས་པ་ཁག་ཅིག་བཅས་ཡོད་པ་རེད། ཐེངས་འདིའི་ཨ་རིའི་སྲིད་འཛིན་སྐབས་ ༤༥ བ་སྐུ་ཞབས་ཌོ་ནིལ་ཌི་ཊི་རུམ་ཕི་ཡིས་ད་སྔ་དཔོན་རིགས་ ༣༣ མིང་འདོན་བྱས་པའི་ཁོངས་ནས། ཁོང་གིས་ཐད་བསྐོ་གནང་ཟིན་པ་ ༡༠ དང་། ཨ་རིའི་གྲོས་ཚོགས་གོང་མོས་མང་མོས་ཐོབ་པ་ ༡༢ ། གྲོས་ཚོགས་ཀྱིས་བརྒྱབ་སྐྱོར་མ་ཐོབ་པར་ཟེགས་པ་ ༡༡ བཅས་བྱུང་ཡོད་པ་རེད།

1-Reince Priebus 1ཊི་རུམ་ཕི་ཁོ་རང་གིས་ཐད་ཀར་བསྐོ་བཞག་གནང་ཟིན་པའི་བློན་ཆེན་ ༡༠ ཡོད་པ་དག་ནི། ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཕི་རེ་བྷུ་སི་ (Reince Priebus) ལགས། ཕོ་བྲང་དཀར་པོའི་ལས་བྱེད་འགན་འཛིན་དུ་བསྐོས་ཡོད། ཁོང་ད་ལྟ་ལོ་ ༤༤ ཡིན་པ་དང་ཨ་རིའི་ནེའུ་རྗིར་སེ་ (New Jersey) མངའ་སྡེ་ནས་ཡིན་འདུག ཁོང་གི་ལས་འགན་ཕོ་བྲང་དཀར་པོའི་ནང་སྲིད་འཛིན་ཊི་རུམ་ཕིའི་བདེ་འཇགས་འགན་སྲུང་བྱེད་རྒྱུ་དེ་ཡིན་འདུག གསར་ལམ་ཁག་ཅིག་ནང་ཁོ་ལ་སྒྲིག་འཛུགས་ཀྱི་ཉམས་མྱོང་མེད་སྐོར་བཀོད་འདུག

2-Stephen K. Bannon 2དེ་སྔའི་ཨ་རིའི་ (Breitbart News) གསར་ཁང་གི་འགན་འཛིན་ཟུར་བ་སྐུ་ཞབས་བྷན་ནོན་ (Stephen K. Bannon) ལགས། ཊི་རུམ་ཕིའི་སྲིད་དོན་སློབ་སྟོན་པར་བསྐོས་ཡོད། ཁོང་ད་ལྟ་ལོ་ ༦༣ ཡིན་པ་དང་ཝེར་ཇེ་ནེ་ཡ་མངའ་སྡེའི་གྲོང་ཁྱེར་ནོར་ཧྥོལ་ཁི་ (Norfolk) ནས་ཡིན་འདུག ཁོང་ནི་རྒྱལ་ཞེན་རིང་ལུགས་པ་ཞིག་དང་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་ཡོད་པ། ཨ་རིའི་གནས་སྤོ་བ་དང་ཁ་ཆེ་བའི་ཐོག་དམ་དྲག་བྱེད་དགོས་པའི་ལངས་ཕྱོགས་འཛིན་མཁན་ཞིག་ཡིན་འདུག

3-Jared Kushner 3སྲིད་འཛིན་ཊི་རུམ་ཕི་ཡི་བུ་མོ་ཨེ་ཝན་ཀ་ (Ivanka) ཡི་མག་པ་ཀུ་ཞི་ནིར་ (Jared Kushner) ལགས། ཊི་རུམ་ཕི་ཁོ་རང་གི་བློ་འདོན་པར་བསྐོས་ཡོད། སྐུ་ཞབས་ཨེ་ཝན་ཀ་ད་ལྟ་ལོ་ ༣༦ ཡིན་པ་དང་ནེའུ་རྗིར་སེ་མངའ་སྡེའི་གྲོང་རྡལ་ལེ་ཝེན་ས་ཊོན་ (Livingston) ནས་ཡིན་འདུག ཨ་རིའི་ཁྲིམས་ལུགས་ནང་སོ་སོའི་གཉེན་ཚན་གཞུང་འཛིན་དཔོན་རིགས་སུ་བསྐོ་ཆོག་མིན་ཐད་གླེང་སློང་ཡོང་གི་ཡོད་པ་མ་ཟད། གནད་དོན་དེར་གྲོས་ཚོགས་གོང་མས་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

ཨ་རིའི་རྒྱལ་སྲུང་དང་དམག་དོན་གསང་བའི་ལས་ཁུངས་ (D.I.A) ཀྱི་འགན་འཛིན་ཟུར་བ་སྐུ་ཞབས་ཧྥི་ལེ་ཡན་ (Michael T. Flynn) ལགས། ཨ་རིའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པར་བསྐོས་ཡོད། ཁོང་ད་ལྟ་ལོ་ ༥༨ ཡིན་པ་དང་ཨ་རིའི་རའོ་ཌི་གླིང་ཕྲན་གྱི་མེ་ཌལ་ཊོ་ཝན་ (Middletown) གྲོང་རྡལ་ནས་ཡིན་འདུག ཁོང་ ༢༠༡༤ ལོར་ཨེ་རག་དང་ཨབ་གྷན་ནང་གི་དམག་འཁྲུག་སྐབས་ཁོས་བཤད་སྤྱོད་ཐལ་ཆ་ཤོར་བར་བརྟེན། སྲིད་འཛིན་ཨོ་བྷ་མས་ཁོང་ལས་གནས་ནས་ཕྱིར་འཕུད་བཏང་ཡོད་པ་དང་། ཨ་རིའི་རྒྱལ་ནང་གསང་བའི་ལས་ཁུངས་ (FBI) ཀྱིས། ཁོས་ཨ་རིའི་སྲིད་འཛིན་འོས་བསྡུའི་སྐབས་ཨུ་རུ་སུར་ལྐོག་འབྲེལ་བྱས་ཡོད་མེད་ཞིབ་འཇུག་བྱས་ཡོད།

ཨ་རིའི་སྲིད་འཛིན་བྷུ་ཤིའི་སྐབས་ཀྱི་རྒྱལ་སྲུང་དྲུང་ཆེའི་བློ་འདོན་པ་ཟུར་བ་སྐུ་ཞབས་བྷོ་སིར་ཊི་ (Thomas P. Bossert) ལགས། ཨ་རིའི་རྒྱལ་སྲུང་བློ་འདོན་པར་བསྐོས་ཡོད། ཁོང་ད་ལྟ་རང་ལོ་ ༤༢ ཡིན་པ་དང་། ཁོང་གིས་ཨ་རིའི་རྒྱལ་སྤྱིའི་ཆབ་སྲིད་དང་། དཔལ་འབྱོར་དང་འབྲེལ་བའི་ལས་དོན་སློབ་སྟོན་ལྷན་ཁང་ (Atlantic Council) དང་། ཨ་རིའི་རྒྱལ་སྲུང་སློབ་སྟོན་པ་བཅས་ཀྱི་འགན་འཁུར་རྒྱུ་ཡིན་འདུག

ལྕམ་ཁོན་ཝེ་ (Kellyanne Conway) ལགས། སྲིད་འཛིན་ཊི་རུམ་ཕིའི་བློ་འདོན་པར་ (Counselor) བསྐོས་ཡོད། ཁོང་མོ་ད་ལྟ་རང་ལོ་ ༥༠ ཡིན་པ་དང་ནེའུ་རྗིར་སེ་མངའ་སྡེའི་གྲོང་ཁྱེར་ཁམ་ཌིན་ (Camden) ནས་ཡིན་འདུག དེ་སྔའི་སྲིད་འཛིན་འོས་བསྡུའི་སྐབས་ཁོང་མོས་སྲིད་འཛིན་ཊི་རུམ་ཕི་ཡི་འོས་བསྡུའི་ལས་འགུལ་ཚོགས་པའི་མགྲིན་ཚབ་པ་དང་ལས་འགུལ་དོ་དམ་པ་བཅས་ཀྱི་འགན་འཁུར་ཡོད་འདུག

ཨ་རིའི་ཕྱུག་བདག་སྐུ་ཞབས་ཁཱ་རད་ཨེ་ཁཱན་ (Carl Icahn) ལགས། སྒྲིག་ཁྲིམས་བཅོས་བསྒྱུར་གྱི་དམིགས་བསལ་བློ་འདོན་པར་ (Special Adviser on Regulatory Reform) བསྐོས་ཡོད། ཁོང་ད་ལྟ་རང་ལོ་ ༨༠ ཡིན་ཞིང་ནེའུ་ཡོག་གྲོང་ཁྱེར་གྱི་ཁུན་སི་ (Queens) གླིང་ཕྲན་ནས་ཡིན་འདུག ཁོང་ཨ་རིའི་ཚོང་ལས་དོ་དམ་དང་མ་རྐང་འཛུགས་སྐྲུན་བཅས་ཀྱི་ཁེ་ལས་པ་ཆེན་པོ་ཞིག་ཡིན་ཞིང་། ༢༠༡༥ ལོར་ཁོང་ཨ་རིའི་ཕྱུག་བདག་མིང་གཞུང་ལས་ཨང་ ༣༡ པ་ཆགས་ཡོད་པ་དང་། ད་ལྟ་ཁོང་ལ་ཨ་སྒོར་ཐེར་འབུམ་ ༢༠ ལྷག་ཡོད་སྐོར་བརྗོད་འདུག

8-Donald F. McGahn II 8དེ་སྔའི་དངུལ་རྩིས་ཁྲིམས་རྩོད་པ་སྐུ་ཞབས་མཱ་ཁི་གྷན་ (Donald F. McGahn II) ལགས། ཕོ་བྲང་དཀར་པོའི་འཛིན་སྐྱོང་ལྷན་ཁང་ (white house counsel) གི་འགན་འཛིན་དུ་བསྐོས་ཡོད། ཁོང་ད་ལྟ་རང་ལོ་ ༤༨ དང་ནེའུ་རྗིར་སེ་མངའ་སྡེའི་གྲོང་ཁྱེར་ཨེ་ཊ་ལན་ཊི་ཁི་ (Atlantic City) ནས་ཡིན་འདུག ཁོང་གི་ལས་འགན་གཙོ་བོ་ཨ་རིའི་སྲིད་འཛིན་དང་ཁོང་གི་གཞུང་དོན་དང་འབྲེལ་བའི་དཀའ་རྙོག་སེལ་ཐབས་སྐོར་ལ་སློབ་སྟོན་གནང་རྒྱུ་དེ་ཡིན་འདུག

9-Peter Navarro 9ཁ་ལེ་ཧྥོར་ནེ་ཡ་གཙུག་ལག་སློབ་ཆེན་གྱི་སྤྱི་མང་དང་དཔལ་འབྱོར་སྲིད་ཇུས་ཚན་པའི་སློབ་དཔོན་ཆེན་མོ་སྐུ་ཞབས་ནཱ་ཝ་རོ་ (Peter Navarro) ལགས། ཨ་རིའི་བཟོ་ལས་དང་ཚོང་དོན་སྲིད་བྱུས་ཀྱི་འགན་འཛིན་དུ་བསྐོས་ཡོད། ཁོང་ད་ལྟ་རང་ལོ་ ༦༧ ཡིན་པ་དང་ཨ་རིའི་མ་ས་ཆུ་སི་ཊ་མངའ་སྡེའི་གྲོང་ཁྱེར་ཁམ་བྷི་རེ་རྗི་ (Cambridge) ནས་ཡིན་འདུག ཁོང་རྒྱ་ནག་གི་དཔལ་འབྱོར་སྲིད་ཇུས་ལ་སྐྱོན་བརྗོད་ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག

10-Sean Spicer 10ཨ་རིའི་སྤྱི་མཐུན་ཚོགས་པའི་མགྲིན་ཚབ་པ་སྐུ་ཞབས་སི་ཕེ་སིར་ (Sean Spicer) ལགས། སྲིད་འཛིན་ཊི་རུམ་ཕིའི་དམིགས་བསལ་ཕྱག་རོགས་དང་མགྲིན་ཚབ་དྲུང་ཆེར་བསྐོས་ཡོད། ཁོང་ད་ལྟ་རང་ལོ་ ༤༥ ཡིན་པ་དང་ཨ་རིའི་རའོ་ཌི་གླིང་ཕྲན་གྱི་གྲོང་རྡལ་བྷ་རེན་ཊོན་ (Barrington) ནས་ཡིན་འདུག

11-Mike Pence 11སྲིད་འཛིན་གྱིས་མིང་འདོན་བྱས་རྗེས་གྲོས་ཚོགས་གོང་མའི་ནང་མང་མོས་ཐོབ་པའི་དཔོན་རིགས་ ༡༢ ཡོད་པ་དག་ནི། ཨ་རིའི་ཨན་ཌེ་ཡ་ན་མངའ་སྡེའི་སྤྱི་ཁྱབ་སྐུ་ཞབས་མེ་ཀི་ཕིན་སི་ (Mike Pence) ལགས། ཨ་རིའི་སྲིད་འཛིན་གཞོན་པར་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། ཁོང་ནི་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་ཇུས་ལ་རྒྱབ་སྐྱོར་དང་། ཡེ་ཤུ་ཆོས་ལུགས་ལ་དད་མོས། རྙིང་ཞེན་རིང་ལུགས་པ་ཞིག་བཅས་ཡིན་འདུག ཁོང་གིས་ཨ་རིའི་ནང་གི་མཚན་མཐུན་གཉེན་སྒྲིག་ལ་ངོ་རྒོལ་དང་སྲིད་འཛིན་ཊི་རུམ་ཕིའི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་འདུག

12-James N. Mattis 12ཨ་རིའི་མཚོ་དམག་གི་དམག་སྤྱི་ཆེན་མོ་ཟུར་བ་སྐུ་ཞབས་མཱ་ཊེ་ (James N. Mattis) ལགས། ཨ་རིའི་རྒྱལ་སྲུང་དྲུང་ཆེར་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། ཁོའི་མཚང་མིང་ལ་ཁྱི་སྨྱོན་ (Mad Dog) ཟེར་གྱི་ཡོད་འདུག ཁོས་ཁ་ཆེ་དྲག་སྤྱོད་པར་དྲག་རྒོལ་སྔར་ལས་ཤུགས་ཆེ་རུ་གཏོང་རྒྱུ་དང་། ཨ་རིའི་དམག་ཁོངས་སུ་བུད་མེད་མང་དུ་གཏོང་དགོས་སྐོར་སོགས་བརྗོད་ཡོད་ཀྱང་། བྱང་ཆིངས་སྒྲིག་འཛུགས་ལ་མཉམ་འབྲེལ་དང་ཨེ་རན་གྱི་རྡུལ་ཕྲན་ཚོང་འབྲེལ་ཐོག་མོས་མཐུན། དེ་བཞིན། ཨུ་རུ་སུའི་ཐོག་སྲིད་ཇུས་མཁྲེགས་པོ་འཛིན་གྱི་ཡོད་པ་སོགས་ཀྱི་ཐད་ཊི་རུམ་ཕི་དང་ལྟ་བ་ཐ་དད་ཆགས་ཡོད་འདུག

13-Rex W. Tillerson 13ཨ་རིའི་ཁེ་ལས་པ་ཆེན་མོ་སྐུ་ཞབས་ཊེ་ལིར་སོན་ (Rex W. Tillerson) ལགས། ཨ་རིའི་ཕྱི་སྲིད་དྲུང་ཆེར་གྲོས་ཚོགས་ནང་མང་མོས་ཐོབ་ཡོད། གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྐུ་ཞབས་ཊེ་ལིར་སོན་ནི་ཨུ་རུ་སུར་ཚོང་འབྲེལ་ཆེན་པོ་ཡོད་པ་མ་ཟད། དེང་གི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་ཨ་རིའི་བདེ་འཇགས་སོགས་ལ་འདུ་ཤེས་ཟབ་མོ་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད། ཨ་རིའི་གྲོས་ཚོགས་ཀྱིས་ཨུ་རུ་སུའི་སྲིད་འཛིན་གྱིས་སི་རི་ཡའི་ནང་ཟིང་འཁྲུག་བསླངས་པ་དེ་ནི་ཕུ་ཊེན་གྱི་ནག་ཉེས་ཤིག་ཏུ་བརྩི་བ་དེར་ཁོ་རང་གིས་ངོས་ལེན་མེད་སྐོར་བརྗོད་ཡོད།

14-Mike Pompeo 14ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་བ་སྐུ་ཞབས་ཕཱོམ་ཕའོ་ (Mike Pompeo) ལགས། ཨ་རིའི་གསང་བའི་ལས་ཁུངས་ (CIA) ཀྱི་འགན་འཛིན་དུ་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། ཁོས་ད་ལྟའི་ཨ་རིའི་གསང་བའི་ལས་ཁུངས་ཀྱི་སྒྲིག་འཛུགས་ལ་བཅོས་བསྒྱུར་བཏང་སྟེ། ཨ་རིའི་བདེ་འཇགས་སྲུང་སྐྱོབ་སྔར་ལས་ཚད་མཐོ་རུ་གཏོང་རྒྱུ་དང་། ད་དུང་ཨུ་རུ་སུས་ཨ་རིའི་འོས་བསྡུའི་ནང་ཐེ་གཏོགས་བྱས་པའི་བདེན་དཔང་ར་སྤྲོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།

15-John F. Kelly 14ཨ་རིའི་མཚོ་དམག་གི་དམག་སྤྱི་ཟུར་བ་སྐུ་ཞབས་ཀི་ལེ་ (John F. Kelly) ལགས། ཨ་རིའི་བདེ་སྲུང་དྲུང་ཆེར་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། ཁོས་སྲིད་འཛིན་ཊི་རུམ་ཕི་ཡིས་ཐག་གཅོད་བྱས་པའི་ཨ་རིའི་ནང་གི་ཁྲིམས་འགལ་གནས་སྤོ་ཕྱིར་འཕུད་དང་། མཐའ་མཚམས་ལ་རྩིག་གྱང་བསླང་རྒྱུ་སོགས་ལག་བསྟར་བྱ་དགོས་ཀྱང་། ཁོས་སྲིད་འཛིན་ཊི་རུམ་ཕིའི་སྲིད་ཇུས་དེ་དག་ཐོག་ཡིད་ཆེས་དེ་ཙམ་མེད་པའི་གནས་ཚུལ་ཐོན་ཡོད། དེ་སྔོན་ཁོས་སྲིད་འཛིན་ཨོ་བྷ་མའི་གཞུང་ལ། ཨ་རིའི་དམག་མའི་བཙོན་ཁང་ (Guantànamo Bay camp) གི་སྒོ་རྒྱག་དགོས་པ་དང་། ཨ་རི་དང་མེག་སི་ཁོའི་བར་གྱི་ཁྲིམས་འགལ་གནས་སྤོ་བ་བཀག་སྡོམ་བྱ་དགོས་སྐོར་སོགས་བརྗོད་བརྗོད་ཡོད་འདུག

16-Nikki R. Haley 15ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་ཟུར་བ་དང་ལྷོ་ཁ་རོ་ལེ་ན་མངའ་སྡེའི་སྤྱི་ཁྱབ་ལྕམ་ཧ་ལེ་ (Nikki R. Haley) ལགས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རིའི་སྐུ་ཚབ་ལ་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། ཁོང་མོས་རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གི་ཨ་རིའི་སྐུ་ཚབ་གནང་སྟེ་དཀྱིལ་ཤར་ཡུལ་གྲུའི་ཟིང་འཁྲུག་དང་། རྡུལ་ཕྲན་མཚོན་ཆའི་དཀའ་རྙོག་སོགས་ལ་ཨ་རིའི་ངོ་ཚབ་བྱས་ཏེ་གདོང་ལེན་བྱ་དགོས། སྤྱི་ཚོགས་ནང་ཁོ་མོར་མི་རིགས་ལྟ་བ་ཤུགས་ཆེན་པོ་ཡོད་པའི་གླེང་ཕྱོགས་ཡོད་ཅིང་། དེ་ནི་ ༢༠༡༥ ལོར་ཨ་རིའི་མི་རིགས་དཀར་ནག་གི་ཡེ་ཤུ་ལྷ་ཁང་ཞིག་ཏུ་མེ་མདའི་དོན་རྐྱེན་བྱུང་སྐབས། ཁོ་མོས་ལྷོ་ཁ་རོ་ལེ་ན་མངའ་སྡེ་གཞུང་གི་དར་ཆ་ཕབ་ནས་རིགས་ཞེན་གྱི་རྣམ་འགྱུར་ཤུགས་ཆེན་བསྟན་ཡོད་ཚུལ་བཤད།

ཨ་རིའི་ངལ་རྩོལ་དྲུང་ཆེ་ཟུར་བ་ལྕམ་ཀྲོ་ (Elaine L. Chao) ལགས། ཨ་རིའི་སྐྱེལ་འདྲེན་དྲུང་ཆེར་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། ཁོང་མོ་ད་ལྟ་རང་ལོ་ ༦༣ ཡིན་ཞིང་། ཁོང་མོ་ནི་ཨ་རི་བ་དང་རྒྱ་རིགས་འདྲེས་མའི་མི་སེར་ཞིག་ཡིན་འདུག ཁོང་མོའི་སྐྱེས་ཡུལ་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་ཡིན་འདུག ཁོང་མོ་ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་མི་ཡིན་འདུག

18-Scott Pruitt 17ཨ་རིའི་ཨོ་ཀ་ལ་ཧོ་མ་ (Oklahoma) མངའ་སྡེའི་ཁྲིམས་དོན་སྤྱི་ཁྱབ་པ་སྐུ་ཞབས་ཕི་རེ་ཊ་ (Scott Pruitt) ལགས། ཨ་རིའི་ཁོར་ཡུག་སྲུང་སྐྱོབ་འཛིན་སྐྱོང་ (E.P.A.) འགན་འཛིན་དུ་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། སྐུ་ཞབས་ཕི་རེ་ཊ་ལགས་ད་ལྟ་རང་ལོ་ ༤༨ ཡིན་པ་དང་ཨ་རིའི་ཀིན་ཊུ་ཀེ་མངའ་སྡེའི་གྲོང་ཁྱེར་ཌན་ཝེད་ (Danville) ནས་ཡིན་འདུག གྲོས་ཚོགས་གོང་མའི་དྲི་བ་དྲིས་ལན་སྐབས། སྐུ་ཞབས་ཕི་རེ་ཊ་ལགས་ཀྱིས་སྲིད་འཛིན་ཊི་རུམ་ཕི་ཡི་གོ་ལའི་གནམ་གཤིས་འགྱུར་ལྡོག་དང་། ཨ་རིའི་ཁོར་ཡུག་སྲུང་སྐྱོབ་སྒྲིག་ཁྲིམས་ཐོག་འཛིན་པའི་ལངས་ཕྱོགས་ལ་འདོད་མོས་མེད་པའི་རྣམ་འགྱུར་བསྟན་ཡོད།

19-Linda McMahon 18ལྕམ་མ་ཁི་མ་ཧོན་ (Linda McMahon) ལགས། ཨ་རིའི་ཚོང་ལས་ཆུང་ཚགས་རིགས་ཀྱི་འཛིན་སྐྱོང་ (Small Business Administration) འགན་འཛིན་དུ་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། ཁོང་མོ་ད་ལྟ་རང་ལོ་ ༦༨ དང་ཨ་རིའི་བྱང་རྒྱུད་ཁ་རོ་ལེ་ན་མངའ་སྡེའི་གྲོང་ཁྱེར་ནེའུ་བྷི་རན་ (New Bern) ནས་ཡིན་འདུག ཁོང་མོའི་ལས་འགན་གཙོ་བོ་ཨ་རིའི་ཉོ་ཚོང་ཆུང་ཚགས་རིགས་ཀྱི་བུན་དངུལ་གཏོང་ལེན་དོ་དམ་བྱ་རྒྱུ་དེ་ཡིན། གྲོས་ཚོགས་གོང་མའི་དྲི་བ་དྲིས་ལན་སྐབས། ཁོ་མོས་སྲིད་གཞུང་གིས་ཉོ་ཚོང་ཆུང་ཚགས་རིགས་ལ་དམ་དྲག་བྱེད་བཞིན་པ་དེར་འདོད་པ་མེད་པའི་ལྟ་ཚུལ་བཏོན་ཡོད།

20-Mick Mulvaney 20ཨ་རིའི་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་མུལ་ཝ་ནེ་ (Mick Mulvaney) ལགས། ཨ་རིའི་འཆར་རྩིས་དོ་དམ་ (Office of Management and Budget) འགན་འཛིན་དུ་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། སྐུ་ཞབས་མུལ་ཝ་ནེ་ལགས་ད་ལྟ་རང་ལོ་ ༤༩ དང་ཨ་རིའི་ཝེར་རྗེ་ནེ་ཡ་མངའ་སྡེའི་གྲོང་ཁྱེར་ཨ་ལེ་ཁི་སིན་ཌི་རེ་ཡ་ (Alexandria) ནས་ཡིན་འདུག ཁོང་གི་ལས་འགན་གཙོ་བོ་གཞུང་གི་དཔྱ་ཁྲལ་རིགས་དང་མ་དངུལ་འཛུགས་སྐྲུན་སྐོར་ཡིན་ཞིང་། གྲོས་ཚོགས་གོང་མའི་དྲི་བ་དྲིས་ལན་སྐབས། ཁོས་ཨ་རིའི་དམག་དོན་འགྲོ་གྲོན་ཉུང་དུ་གཏོང་དགོས་པའི་བསམ་ཚུལ་བཏོན་པ་དེར་གྲོས་ཚོགས་ཀྱིས་སྐྱོན་བརྗོད་བྱས་ཡོད་འདུག

21-Dan Coats 21ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཁོ་ཊི་ (Dan Coats) ལགས། ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་འགན་འཛིན་ (Director of National Intelligence) དུ་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། ཁོང་ད་ལྟ་རང་ལོ་ ༧༣ ཡིན་པ་དང་ཨ་རིའི་མེ་ཆེ་གྷན་མངའ་སྡེའི་གྲོང་ཁྱེར་རྗ་ཁི་སོན་ (Jackson) ནས་ཡིན་འདུག ཁོང་གིས་དེ་སྔོན་ཨ་རིའི་དབུས་གསང་བའི་ལས་ཁུངས་དང་དམག་དོན་ཞབས་ཞུ་ལྷན་ཚོགས་ནང་ཕྱག་ལས་གནང་སྐབས་བྱས་རྗེས་ཆེན་པོ་ཡོད་ཀྱང་ད་ལྟའི་སྲིད་འཛིན་ཊི་རུམ་ཕི་ཡི་དམག་དོན་ཐོག་འདོད་མོས་མེད་པའི་གནས་ཚུལ་ཐོན་ཡོད།

དེ་སྔའི་ཁྲིམས་རྩོད་པ་ལེ་ཐེ་རྫིར་ (Robert Lighthizer) ལགས། ཨ་རིའི་ཚོང་དོན་སྐུ་ཚབ་ཏུ་གྲོས་ཚོགས་ཀྱི་མང་མོས་ཐོབ་ཡོད། ཁོང་ད་ལྟ་རང་ལོ་ ༦༩ དང་ཨ་རིའི་ཨ་ཞ་ཊ་གྷུ་ལ་ (Ashtabula) གྲོང་ཁྱེར་ནས་ཡིན་འདུག ཁོང་གི་ལས་འགན་གཙོ་བོ་སྲིད་འཛིན་ཊི་རུམ་ཕི་ཡི་ཚོང་དོན་སྲིད་ཇུས་གཞིར་བཟུང་ཐོག་དེ་སྔ་རྒྱལ་ཁབ་བར་བཞག་པའི་ཚོང་དོན་གྲོས་ཆོད་གསར་རྙིང་ཁག་ལ་འཕོ་འགྱུར་གཏོང་རྒྱུ་དེ་ཡིན་འདུག

 

23-Jeff Sessions 23སྲིད་འཛིན་ཊི་རུམ་ཕིས་མིང་འདོན་བྱས་ཀྱང་གྲོས་ཚོགས་ཀྱི་མང་མོས་མ་ཐོབ་པར་ཟེགས་པ་ ༡༡ བྱུང་ཡོད་པ་དག་ནི། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་སི་ཞོན་ (Jefferson Sessions) ལགས། ཨ་རིའི་ཁྲིམས་དོན་སྤྱི་ཁྱབ་པར་མིང་འདོན་བྱས་ཀྱང་གྲོས་ཀྱི་མང་མོས་ཐོབ་མེད། ཁོ་ཨ་རིའི་གནས་སྤོ་བཀག་སྡོམ་སྲིད་བྱུས་ལ་འདོད་པ་མེད་པ་མ་ཟད། སྤྱི་མང་ལ་ཐེབས་པའི་མནར་གཅོད་སྔོན་འགོག་གི་ཁྲིམས་སྲོལ་ལག་བསྟར་བྱ་རྒྱུ་ཡིན་མིན་གསལ་བཤད་བྱས་མེད་ལ། གྲོས་ཚོགས་གོང་མའི་འཐུས་མི་ཚོས་སྐུ་ཞབས་སི་ཞོན་ལ་མི་རིགས་དབྱེ་འབྱེད་ཀྱི་ལྟ་བ་ཤུགས་ཆེན་པོ་ཡོད་པར་ངོས་འཛིན་བྱས་ཡོད།

ཨ་རིའི་མ་རྐང་ཁྲོམ་རྭའི་འགན་འཛིན་ཟུར་བ་སྐུ་ཞབས་མ་ནུ་ཆེན་ (Steven Mnuchin) ལགས། ནོར་སྲིད་དྲུང་ཆེར་མིང་འདོན་བྱས་ཀྱང་གྲོས་ཚོགས་ཀྱི་མང་མོས་ཐོབ་མེད། ཁོའི་ལས་འགན་མ་རྐང་ཁྲོམ་རྭར་དངུལ་ལོ་མཁོ་འདོན་དང་། ཕྱིའི་རྒྱལ་ཁབ་ཀྱི་ཁེ་ལས་སྡེ་ཁག་ལ་དཔལ་འབྱོར་ཉེས་ཆད་ལག་བསྟར་བྱ་རྒྱུ་སོགས་ཡིན། ཨ་རིའི་དམངས་གཙོ་ཚོགས་པའི་དངུལ་འཛིན་ཚོགས་ཆུང་གི་འཐུས་མི་ཚོས། སྐུ་ཞབས་མ་ནུ་ཆེན་ལགས་ཀྱིས་དེ་སྔོན་ཨ་སྒོར་ས་ཡ་ ༡༠༠ ཙམ་ཕྱི་འབྲེལ་དངུལ་ཁང་བརྒྱུད་དེ་གཏོང་ལེན་བྱས་ཏེ་ཁྲལ་འཇལ་མེད་པའི་ཉེས་འཛུགས་བྱས་ཡོད།

25-Ryan Zinke 25ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་བ་སྐུ་ཞབས་རྫེན་ཀི་ (Ryan Zinke) ལགས། ཨ་རིའི་ནང་སྲིད་དྲུང་ཆེར་ (Interior Secretary) མིང་འདོན་བྱས་ཀྱང་གྲོས་ཚོགས་ཀྱི་མང་མོས་ཐོབ་མེད། ཁོའི་ལས་འགན་གཙོ་བོ་སྤྱི་མང་གི་ས་ཞིང་དང་ཐོན་ཁུངས་སྲུང་སྐྱོབ་དོ་དམ་བྱ་རྒྱུ་དེ་ཡིན་པ་དང་། གོ་ལའི་གནམ་གཤིས་གྱུར་ལྡོག་ཐོག་སྲིད་འཛིན་ཊི་རུམ་ཕི་དང་ཁོང་གཉིས་ཀྱི་ལྟ་ཚུལ་ཁ་ཁ་ཆགས་ཡོད།

26-Sonny Perdue 26ཨ་རིའི་རྗོར་རྗེ་ཡཱ་མངའ་སྡེའི་གྲོང་ཁྱེར་སྤྱི་ཁྱབ་ཟུར་བ་སྐུ་ཞབས་ཕིར་ཌུ་ (Sonny Perdue) ལགས། ཨ་རིའི་ཞིང་ལས་དྲུང་ཆེར་མིང་འདོན་བྱས་ཡོད་ཀྱང་གྲོས་ཚོགས་ཀྱི་མང་མོས་ཐོབ་མེད། ཁོང་གི་འགན་གཙོ་བོ་ཨ་རིའི་ཞིང་ལས་ཐོན་སྐྱེད་ལ་ལྟ་ཞིབ་དང་ཟ་འབྲུའི་བདེ་འཇགས་འགན་སྲུང་བྱ་རྒྱུ་དེ་ཡིན་པ་དང་། ཕྱོགས་གཞན་ཞིག་ནས་སྲིད་འཛིན་ཊི་རུམ་ཕི་ཡི་ཚོང་དོན་ཕྱོགས་ལ་འགན་འཁུར་དགོས་ཀྱི་ཡོད་འདུག

27-Wilbur Ross 27ཨ་རིའི་མ་རྐང་འཛུགས་སྐྲུན་ཁེ་ལས་ཀྱི་འབྱོར་ལྡན་པ་སྐུ་ཞབས་རའོ་སི་ (Wilbur Ross) ལགས། ཨ་རིའི་ཚོང་དོན་དྲུང་ཆེར་མིང་འདོན་བྱས་ཀྱང་གྲོས་ཚོགས་ཀྱི་མང་མོས་ཐོབ་མེད། ཁོས་ཨ་རི་རྒྱལ་སྤྱིའི་ཚོང་ལས་སྒྲིག་འཛུགས་ཁག་ནས་ཕྱིར་བུད་དེ་རང་དབང་གིས་ཉོ་འཚོང་བྱ་རྒྱུ་དང་། རྒྱ་ནག་གི་ཚོང་ཟོག་ནང་འདྲེན་ལ་ཁྲལ་ལྕི་མོ་འགེལ་དགོས་པའི་ལྟ་ཚུལ་བཏོན་ཡོད།

28-Andrew F. Puzder 28ཨ་རིའི་ཁེ་ལས་པ་སྐུ་ཞབས་ཕི་རྫ་ཌིར་ (Andrew Puzder) ལགས། ཨ་རིའི་ངལ་རྩོལ་དྲུང་ཆེར་མིང་འདོན་བྱས་ཡོད་ཀྱང་གྲོས་ཚོགས་ཀྱི་མང་མོས་ཐོབ་མེད། ཁོས་ཨོ་བྷ་མའི་ངལ་རྩོལ་སྲིད་ཇུས་ལ་འཕོ་འགྱུར་བཏང་སྟེ་ཊི་རུམ་ཕིའི་སྲིད་ཇུས་ལག་བསྟར་ལ་འདོད་མོས་བྱེད་ཀྱིན་ཡོད་སྟབས། ཨ་རིའི་གྲོས་ཚོགས་དང་ངལ་རྩོལ་སྒྲིག་འཛུགས་ཁག་གིས་ཁོ་ལ་སྐྱོན་བརྗོད་བྱེད་ཀྱིན་ཡོད་འདུག

28-Tom Price 29གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཕི་རེ་སི་ (Tom Price) ལགས། ཨ་རིའི་འཕྲོད་བསྟན་དྲུང་ཆེར་མིང་འདོན་བྱས་ཡོད་ཀྱང་གྲོས་ཚོགས་ཀྱི་མང་མོས་ཐོབ་མེད། ཁོས་དེ་སྔ་ཨ་རིའི་གྲོས་ཚོགས་ཀྱིས་གཏན་འབེབས་བྱས་པའི་འཕྲོད་བསྟན་ཁྲིམས་ཡིག་དེས་མི་མང་ལ་གྱོང་ཆེན་པོ་རག་གི་ཡོད་སྟབས། སྲིད་བྱུས་དེར་འཕོ་འགྱུར་བཏང་སྟེ་སྲིད་འཛིན་ཊི་རུམ་ཕི་ཡི་འཕྲོད་བསྟན་སྲིད་བྱུས་ལག་བསྟར་བྱེད་དགོས་པའི་བསམ་ཚུལ་བཏོན་ཡོད།

30-Ben Carson 30གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཁར་སོན་ (Ben Carson) ལགས། ཨ་གྲོང་སྡེ་འཕེལ་རྒྱས་དང་ས་ཁང་འཛུགས་སྐྲུན་དྲུང་ཆེར་མིང་འདོན་བྱས་ཀྱང་གྲོས་ཚོགས་ཀྱི་མང་མོས་ཐོབ་མེད། གྲོས་ཚོགས་གོང་མའི་དྲི་བ་དྲིས་ལན་སྐབས། ཁོས་མི་མང་གི་སྡོད་གནས་བདེ་འཇགས་གཙོ་བོ་ཡིན་པ་དང་། ད་ལྟའི་ཨ་རིའི་ས་ཁང་འཛུགས་སྐྲུན་རྩ་ཁྲིམས་དང་། གུན་གསབ་གཏམ་དངུལ་སོགས་ལ་བཅོས་བསྒྱུར་གཏོང་དགོས་སྐོར་བརྗོད་ཡོད།

31-Rick Perry 31ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཕི་རེ་ (Rick Perry) ལགས། ཨ་རིའི་ནུས་ཤུགས་ཐོན་ཁུངས་དྲུང་ཆེར་མིང་འདོན་བྱས་ཀྱང་གྲོས་ཚོགས་ཀྱི་མང་མོས་ཐོབ་མེད། ཁོའི་འགན་གཙོ་བོ་རྡུལ་ཕྲན་མཚོན་ཆ་གཙོ་བྱས་པའི་ཨ་རིའི་གོ་མཚོན་དོ་དམ་བྱ་རྒྱུ་ཡིན་ཞིང་། ཁོས་དེང་སྐབས་འཛམ་གླིང་སྟེང་མིའི་ཚེ་སྲོག་གི་གོད་ཆག་ཆེན་པོ་འབྱུང་བཞིན་ཡོད་པ་དེ་ཟློག་ཐབས་མེད་པའི་རང་བྱུང་ཆོས་ཉིད་ཅིག་ཡིན་པ་ལས་རྡུལ་ཕྲན་མཚོན་ཆའི་གནོད་སྐྱོན་གཅིག་པུ་མིན་སྐོར་བཤད་ཡོད།

32-Betsy DeVos 32ཨ་རིའི་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཟུར་བ་ལྕམ་ཌི་ཝོ་སི་ (Betsy DeVos) ལགས། ཨ་རིའི་ཤེས་རིགས་དྲུང་ཆེར་མིང་འདོན་བྱས་ཀྱང་གྲོས་ཚོགས་ཀྱི་མང་མོས་ཐོབ་མེད། གྲོས་ཚོགས་གོང་མའི་དྲི་བ་དྲིས་ལན་སྐབས། དམངས་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི་ཚོས་ཁོང་མོར་སྤྱི་མང་གི་ཤེས་ཡོན་སློབ་གསོའི་ཐད་མཐུན་འགྱུར་སྔར་ལས་ཆེ་རུ་གཏོང་དགོས་པའི་བསམ་ཚུལ་བཏོན་པར་སྤྱི་མཐུན་ཚོགས་པའི་འཐུས་མི་ཚོས་སྐྱོན་བརྗོད་བྱས་ཡོད་འདུག

33-David J. Shulkin 33སྐུ་ཞབས་ཤཱིད་ཀེན་ (David J. Shulkin) ལགས། ཨ་རིའི་དམག་ཟུར་ལྟ་སྐྱོང་ལས་དོན་ལྷན་ཁང་གི་དྲུང་ཆེར་མིང་འདོན་བྱས་ཀྱང་གྲོས་ཚོགས་ཀྱི་མང་མོས་ཐོབ་མེད། སྲིད་འཛིན་ཊི་རུམ་ཕི་ཡིས་སྲིད་འཛིན་ཟུར་བ་ཨོ་བྷ་མ་གཞུང་གིས། ཨ་རིའི་དམག་ཟུར་ལྟ་སྐྱོང་ལས་དོན་ཐོག་འཐུས་ཤོར་བཏང་ཡོད་པའི་སྐྱོན་བརྗོད་བྱས་ཏེ། ཁོང་གིས་མ་འོངས་པར་ཨ་རིའི་དམག་ཟུར་ལྟ་སྐྱོང་ལས་དོན་དམིགས་འབེན་གཙོ་བོར་འཛིན་རྒྱུ་ཡིན་སྐོར་བཤད་ཡོད་པ་རེད།

གསར་འགོད་པ། པདྨ་རྒྱལ།

བསྐྱར་བཅོས།: ༢༠༡༧/༠༣/༠༥

Leave a Reply

2 thoughts on “ཨ་རིའི་སྲིད་འཛིན་སྐབས་ ༤༥ པ་ཊི་རུམ་ཕིའི་འཛིན་སྐྱོང་།

  1. སྲས་སྐུ་ངོ་།

    འདི་འདྲ་ཞིག་འབྲི་དགོས་པ་ན་བསམས་ཡོད། ཏག་ཏག་བྲིས་འདུག ཕན་ཐོགས་ཏག་ཏག་ཡོད་རེད་། བཙན་བྱོལ་ནང་གི་གསར་འགོད་་གསལ་བསྒྲགས་ཆུང་ཚགས་རིགས་སྐོར་འབྲི་བ་ལས་འདི་རིགས་ཧ་ཅང་ཡག་པོ་འདུག

    དེ་བཞིན་ཨ་རིའི་སྲིད་འཛིན་གསར་བས་ཉེ་བའི་བདུན་ཕྲུག་གསུམ་རིང་སྲིད་འཛིན་གྱི་འཛིན་སྐྱོང་དབང་ཆ་གནད་དོན་གང་དག་གི་སྒང་ཏུ་བཏང་ཡོད་པ་དང་། དེ་དག་ལས་ཁ་ཆེ་རྒྱལ་ཁབ་དྲུག་གི་སྲིད་དོན་མི་སྣ་མ་ཡིན་པའི་མི་སེར་ཨ་རིར་ཡོང་བར་ཟླ་གསུམ་རིང་བཀག་འགོག་བྱས་པ་དང་། དཀའ་ངལ་གང་དག་འཕྲད་བཞིན་ཡོད་པ་དང་། ཨ་རིའི་ཁྲིམས་དཔོན་འགའ་ཞིག་གིས་བཀག་འགོག་བཀའ་ཁྱབ་རྩིས་མེད་བཏང་བ་ལ་གཞུང་འཛིན་ཁྲིམས་རྩོད་པས་ཁ་མཆུ་རྒྱག་པ་བཞིན་པ་དང་ཨ་རིའི་ནང་སེ་རི་ཡའི་སྐྱབསབཅོལ་བ་༢༠༠༠༠ ཙམ་ལེན་གི་ཡོད་མེད་སྐོར་སོགས་འབྲི་ཐུབ་ན་ཡག་པོ་འདུག་

    ཡ་དེ་ཙམ་ཡིན།

  2. གསར་འགོད་པ་པདྨ་རྒྱལ་ལགས་ཐུགས་རྗེ་ཆེ། གསར་འགྱུར་སྤུས་ཇེ་དག་ནས་གཏིང་ཇེ་ཟབ་རྒྱ་ཇེ་ཆེ་རེད།