སྤྱི་ལོ་ ༢༠༠༡ ལོར་འདི་ག་གསར་ཁང་ནས་འདོན་སྤེལ་བྱས་ཤིང་། རྩོམ་པ་པོ། དུས་བབ་རྩོམ་སྒྲིག་པ་དགེ་འདུན་རབ་གསལ་དང་། ན་གཞོན་རྩོམ་པ་པོ་པད་མ་འབུམ་གཉིས་ཡིན།
ནང་དོན་གཙོ་བོ། སྤྱི་ལོ་ ༡༩༩༧ ལོར་བོད་ཀྱི་དུས་བབ་གསར་ཤོག་ཐོག་མར་དབུ་བརྙེས་པ་ནས། ༢༠༠༡ ལོའི་བར་གྱི་བོད་ཕྱི་ནང་གི་སྤྱི་ཚོགས་གནས་བབ་དང་། ཆབ་སྲིད་འཕོ་འགྱུར། རིག་གནས་འཕེལ་འགྲིབ་སོགས་ལ་གནད་དུ་ཐིངས་པའི་དཔྱད་བརྗོད་སྤེལ་བའི་རྩོམ་ཡིག་ཁག་ ༤༦ ཙམ་བསྡུ་སྒྲིག་བྱས་ཏེ་བཀོད་ཡོད་ལ། གསར་འགྱུར་གཙོ་འདོན་ཚགས་པར་རིགས་ཀྱི་རྩོམ་སྒྲིག་པ་སྤྱི་མཚུངས་ལྟར། སྤྱི་ཚོགས་བདེ་འཇགས་དང་དཀའ་རྙོག་འདུམ་སྒྲིག་གི་འགན་འཁྲི་དང་། སྐབས་དོན་ཆབ་སྲིད་དབྱེ་ཞིབ་དང་ཡང་དག་ལྟ་བ་དྲིལ་བསྒྲགས་ཀྱི་འགན་འཁྲི། སྐད་ཡིག་སྲུང་འཛིན་དག་ཐེར་གྱི་འགན་འཁྲི། གཞུང་གི་རུལ་སུངས་དང་ནོར་འཁྲུལ་སྲིད་བྱུས་ལ་ཐེར་འདོན་དང་དགག་རྒྱག་གི་འགན་འཁྲི། དམངས་ཀྱི་བསམ་བློར་སྐུལ་འདེད་དང་ཀུན་སྤྱོད་ཚུལ་ལྡན་སློབ་གསོའི་འགན་འཁྲི་སོགས་ནམ་ཡང་ཁ་འབྲལ་ཐབས་མེད་པ་བཞིན། དཔེ་དེབ་འདིའི་ནང་གི་རྩོམ་ཡིག་ཕལ་ཆེ་པར་ཡང་དགག་སྒྲུབ་རྩོམ་ཡིག་གི་ཁྱད་ཆོས་ལྡན་ཡོད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།