སྤྱི་ཚོགས་ཀྱི་བདེ་འཇགས་བཅས་ལ་ཕན་གནོད་དཔྱད་ཞིབ་གནང་གལ་ཆེ།

གུས་གསོལ། དེ་ནས་༢༠༠༧ཟླ་༡ཚེས༣འཁོད་ཡིག་གུས་པར་གནང་འབྱོར་བྱུང་བར་ཐུགས་རྗེ་ཆེ་ཞུ། འདི་ཟླའི་ཚེས་༡༥ཉིན་དེ་ག་གསར་ཁང་ནས་བོད་ཀྱི་དུས་བབ་གསར་ཤོག་འདོན་འགྲེམ་བྱས་ནས་མི་ལོ་བཅུ་འཁོར་བའི་དུས་དྲན་སྟབས་བདེ་ཞིག་གོ་སྒྲིག་གནང་མུས་ལ་རྗེས་སུ་ཡི་རངས་ངང་མུ་མཐུད་མཇུག་སྐྱོང་ཡར་རྒྱས་གོང་འཕེལ་ཡོང་བའི་རེ་སྨོན་དང༌།  ཆབས་ཅིག་འདི་ནས་རེ་བསྐུལ་ཞུ་རྒྱུར། གསར་ཤོག་གི་དམིགས་ཡུལ་དང་གསར་འགོད་པའི་རང་དབང་གཉིས་འགལ་འཛོལ་མི་འགྱུར་བའི་སླད། གསར་འགོད་པའི་རང་དབང་ཞེས་པའི་ཚིག་དོན་སྣང་མེད་མ་བཏང་པར། བོད་མིའི་འཕྲལ་ཕུགས་ཀྱི་རྩ་དོན་དང༌། ཁྲིམས་ལུགས་དང་མཐུན་མིན།  མང་ཚོགས་ཀྱི་ཁེ་ཕན༌། སྤྱི་ཚོགས་ཀྱི་བདེ་འཇགས་བཅས་ལ་ཕན་གནོད་དཔྱད་ཞིབ་གནང་གལ་ཆེ་བ་བཅས་དེ་དོན་དགོངས་པར་མངའ་བ་མཁྱེན་མཁྱེན།   བཙན་བྱོལ་བོད་མིའི་ཁྲིམས་རྩོད་པ་བློ་གྲོས་བཟང་པོས།  ༢༠༠༧ཟླ༡ཚེས༡༥ལ། 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply