ཁོར་ཡུག་སྲུང་སྐྱོབ་ཀྱི་གཟེངས་རྟགས།

མ་ཡུམ་འཇིག་རྟེན་འདིའི་པང་ཁ་རུ་འཚོ་བཞིན་པའི་ང་ཚོ་འགྲོ་བ་མིའི་རིགས་ཀྱིས་མ་ཡུམ་འཇིག་རྟེན་ཁོང་གིས་སྤྲོད་བཞིན་པའི་བརྩེ་འཇམ་དྲོད་ཁོལ་ཁོ་ན་ལ་མགོ་འཁོར་ནས་མ་བསྡད་པར་མ་ཡུམ་འཇིག་རྟེན་འདིར་བཟོས་ཡོད་པའི་ང་ཚོའི་ནག་ཉེས་ཁ་གསབ་དང་། རྨ་ཁ་བསྐྱར་གསོ་ཡོང་བར་ནུས་ཤུགས་འབུལ་དགོས། འདི་ནི་ཕྱི་ལོ་ ༢༠༠༨ ལོའེ་གངས་དཀར་ཏི་སི་ཁོར་ཡུག་གོ་རྟོགས་ལས་འགུལ་ཁང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་གཟེངས་རྟགས་ཐོབ་པའི་ཨ་ཅག་བསྟན་འཛིན་པདྨོ་ལགས་ནི་སིམ་ལར་སྐྱེས་ཤིང་བོད་ཁྱིམ་སློབ་གྲྭའི་ནང་འཛིན་རིམ་བཅུ་པ་ཐོན་རྗེས་ཌལ་ཧོར་གཏན་སློབ་ནས་འཛིན་རིམ་བཅུ་གཉིས་སློབ་མཐར་སོན། དེ་རྗེས་ལོ་གཉིས་རིང་དགེ་རྒན་འོས་སྦྱོང་གི་སློབ་ཚན་ཐོག་སློབ་གཉེར་བྱས་རྗེས་ ༡༩༩༠ ལོ་ནས་བོད་ཁྱིམ་ཁོངས་སུ་དགེ་རྒན་དང་བོད་ཁྱིམ་དགེ་འོས་སློབ་གཉེར་ཁང་དུ་དགེ་རྒན་གྱི་ཕྱག་ལས་གནང་བཞིན་ཡོད། ཁོང་གིས་ཁོར་ཡུག་བདག་གཅེས་དང་བསྐྱར་གསོ་ཐུབ་པའི་ཤོག་སྙིགས་རིགས་བེད་སྤྱོད་བསྐྱར་གཏོང་ཐུབ་པའི་དཔེ་མཚོན་གང་མང་ཞིག་འཛིན་གྲྭའི་ནང་ཁྲིད་སྟོན་བྱེད་བཞིན་ཡོད་པ་རེད། དེ་བཞིན་ས་གནས་ཁོར་ཡུག་སྲུང་སྐྱོབ་ཐད་མ་སྐུལ་དང་བླངས་ཀྱིས་ཕྱག་ལས་གནང་བཞིན་ཡོད་ལ། ཁོར་ཡུག་སྲུང་སྐྱོབ་ཐོག་ནས་ང་ཚོས་ང་ཚོའི་མི་རབས་རྗེས་མར་མིག་ལྟོས་ངན་པ་ཞིག་འཇོག་བཞིན་ཡོད་པ་དེ་ཁོ་མོའི་སེམས་ཁྲལ་ཆེ་ཤོས་དེ་ཆགས་ཡོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply