འབུ་སྲིན་གྱི་གནོད་འཚེ

སྤྱི་ཟླ་གཉིས་པའི་གངས་སྐྱོན་དང༌། ཟླ་གསུམ་པའི་ལྷ་སའི་དོན་རྐྱེན།  ཟླ་ལྔ་བའི་ས་ཡོམ། དཔལ་འབར་བསྐོར་བསྐྱོད། རང་བྱུང་ཆུ་ལོག་གི་གནོད་སྐྱོན། ཁོར་ཡུག་འབག་བཙོག་སོགས་རང་བྱུང་གནོད་འཚེ་རིམ་གྱི་བྱུང་ཟིན་ནའང༌།  ཟླ་༧པའི་ནང་ཞེད་སྣང་འཕར་མ་ཞིག་སླེབས་པ་ནི་འབུ་སྲིན་གྱི་གནོད་འཚེ་ཡིན་འདུག    རྒྱ་ནག་གི་ཅང་ཞི་ཞིང་ཆེན་གྱི་གྲོང་སྡེ་ནང་འབུ་སྲིན་མང་པོ་ཞིག་ཟླ་༦པའི་ཚེས་༣༠ནས་སླེབས་པ་དང༌། ཟླ་༧ཚེས་༣ཉིན་གྲོང་སྡེ་མི་སྣའི་ཤེས་རྟོགས་བྱུང་ཞིང་ས་ཞིང་ཡོངས་འབུ་ཡི་ཁྱབས་ཡོད་ཚུལ་དང་འབུ་སྲིན་དེ་ནི་རྐང་ལག་སྟོང་ཕྲག་ཅན་ཞིག་ཡིན་ཚུལ་དང༌།   ཐེངས་འདིར་འབུ་སྲིན་ཁྲི་བརྒྱ་ཕྲག་ལྷག་ཡོད་ཚུལ་དང་ད་ལྟའི་བར་བྱུང་མ་མྱོང་ཚུལ་སོགས་འགྲེལ་བརྗོད་གནང་འདུག    གཞན།     གཟའ་འཁོར་འདིའི་ནང་པེ་ཅིན་དང་སྤྱི་ལེ་བརྒྱ་ཕྲག་ལྷག་ཡོད་པའི་ཕྱི་སོག་ཁྲི་ཧྥིན་མངའ་སྡེ་ཡི་ལིན་གོའུ་ལེ་མེན་དང་བོའོ་ལན་ཚ་འར་ཁུལ་དུ་ཆ་ག་པའི་གནོད་འཚེ་ཐེབས་ཡོད་ལ། སྤྱི་ལེ་གྲུ་བཞི་མ་༡༩༣༧ལྷག་གི་རྩྭ་སར་གནོད་སྐྱོན་ཕོག་ཡོད་པ་དང༌།   སྤྱི་ལེ་གྲུ་བཞི་མ་༨༤༨ལྷག་གིས་སར་གནོད་སྐྱོན་ཚབས་ཆེན་ཕོག་འདུག   ནང་སོག་རང་སྐྱོང་ཁུལ་གྱི་མི་ཁྲི་གསུམ་སྟོང་གསུམ་དང༌། ལག་རྩལ་ཆེད་མཁས་པ་སྟོང་གཅིག་ལྷག་བཀོད་སྒྲིག་བྱས་ཏེ་འབུ་སྲིན་སྔོན་འགོག་བྱེད་པ་དང༌། འབུ་སྲིན་འདི་འཕུར་ཐེངས་གཅིག་གིས་ལམ་བར་གྱི་ས་ཞིང་མུའུ་ཁྲི་སུམ་བརྒྱ་ཉི་ཤུ་ཟོས་ཚར་བ་དང༌།  སྨན་གཏོར་མཁན་མི་ཁྲི་བཅུ་ལྷག་དང་འབུ་གསོད་སྨན་རྫས་ཏུན་ཉིས་བརྒྱ།   ད་དུང་གནམ་གྲུ་བཞི་ཡི་འབུ་སྲིན་དང་འཐབ་བཞིན་ཡོད་འདུག་ལ།  རྒྱལ་ས་དང་ཐག་ཉེ་སྟབས་གནད་ཡོད་མི་སྣ་དང་ཆེད་མཁས་པས་ཨོ་ལིམ་པིག་རྩེད་འགྲན་ལ་གནོད་པ་བྱེད་རྒྱུ་སེམས་འཚབ་ཡོད་ཚུལ་བརྗོད་འདུག

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “འབུ་སྲིན་གྱི་གནོད་འཚེ