ཧོའུ་ཅིན་ཐའོ་ཡི་མ་རྩ།

ཕྱི་ཚེས་༥ཉིན། གནས་ཚུལ་ཤེས་རྟོགས་བྱུང་བ་ལྟར་ན། རྒྱ་ནག་གི་སྲིད་འཛིན་མ་གནས་འཛམ་གླིང་གི་ཨང་དང་པོར་ཆགས་ཡོད་པ་དང༌། སྤྱི་ལོ་༡༩༧༨ནས་༢༠༠༣བར་ལོ་ངོ་༢༥རིང་རྒྱ་ནག་གི་ནོར་སྲིད་ཡོང་སྒོ་དེ་རྒྱ་སྒོར་དུང་ཕྱུར་༡༡༣༢ནས་དུང་ཕྱུར་ཁྲི་༣ལ་འཕར་ཡོད་ལ་སྔོན་མའི་ལྡབ་༢༨ཡིན་པ་རེད། དུས་ཡུན་གཅིག་གི་ནང་དུ་དུང་ཕྱུར་༥༠ནས་དུང་ཕྱུར་༧༠༠༠ལ་འཕར་ཡོད་པ་དང༌། འཕར་ཚད་ལྡབ་༨༧ཡིན་འདུག   ལོ་འདི་དག་རིང་ལོ་རེར་ཆ་སྙོམས་༢༣%འཕར་སྣོན་བྱེད་བཞིན་ཡོད་འདུག་ལ། ༢༠༠༣ལོར་༡༩་༠༣%ལ་འཕར་བ་དང༌། འཇར་པན་ལས་༢་༣%ཡི་མཐོ་ལ། དབྱིན་ཡུལ་ལས་༤་༡༩%  གོ་རི་ཡ་ལས༥་༠༦%  ཧྥ་རན་སི་ལས་༦་༥% ཁ་ན་ཊ་ལས་༧་༡  ཨ་རིའི་༩་༩%བཟུང་བ་སོགས་ལོ་ངོ་༢༨ནང་གཞུང་འཛིན་མི་སྣའི་ལས་གནས་འཛད་གྲོན་མ་དངུལ་ལྡབ༡༤༠འཕར་ཡོད་པ་རེད། རྒྱལ་ནང་གི་སྤྱིའི་ཡོང་སྒོའི་བསྡུར་ཚད་སྤྱི་ལོ་༡༩༧༨ལོའི་༤%ནས་༢༠༠༥ལོའི་༢༤%ཡིན་པ་དང༌། བཞི་ཆ་གཅིག་དང་ཉེ་འདུག   ཕྱི་རྒྱལ་ཁག་ཏུ་སྲིད་འཛིན་དོ་དམ་མ་དངུལ་དེ་ནོར་སྲིད་ལས་༣%ནས་༦%ཡིན་འདུག
རྒྱ་ནག་གི་ནོར་སྲིད་ཀྱི་སྤྱི་ཡོང་སྒོའི་༣༥% ཟ་འཐུང་དང་ཕྱི་རྒྱལ་ཁག་ཏུ་མངགས་གཏོང་བྱེད་པ་དང་གཞུང་གི་རླངས་འཁོར་བེད་སྤྱོད་སོགས་སུ་བཀོད་བཞིན་ཡོད་པ་དང༌།  ད་ལྟའི་བར་དུ་ཟ་འཐུང་སོགས་སྤྱིའི་མ་དངུལ་དང་ལྐོག་ཟ་རུལ་ཟུང༌། འཕྲོ་བརླགས་སོགས་ཀྱི་རྒྱ་ནག་གི་ཡོང་སྒོའི་འགྲོ་གྲོན་གྱི་གོ་གནས་ཆེ་ཤོས་བཟུང་ཡོད་ཚུལ་བརྗོད་ཡོད་པ་རེད། 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply