འཁྲུངས་སྐར་ཉིན་བྷུ་ཤུས་བོད་སྐད་བཤད་པ།

སྲིད་འཛིན་བྷུ་ཤུས་བོད་སྐད་བཤད་པ་མིན་ནའང་། བོད་དོན་བཤད་ཡོད་དེ། ཕྱི་ཚེས་ ༦ ཉིན་ཁོང་གིས་རང་ཉིད་པེ་ཅིན་གྱི་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོར་ཞུགས་དགོས་པའི་རྒྱུ་མཚན་གསལ་བཤད་བྱས་ཤིང་། འདི་ནི་ལུས་རྩལ་གྱི་བྱེད་སྒོ་རེད། ཁོང་ཉིད་སོང་ནས་ཨ་རིའི་རྩེད་འགྲན་པ་ཚོར་ཀི་འབོད་བྱེད་དགོས་ཟེར།
སྲིད་འཛིན་བྷུ་ཤུ་ཕྱི་ཚེས་ ༦ ཉིན་རྒྱབ་ཁབ་བརྒྱད་ཀྱི་ཚོགས་ཆེན་སྟེང་ཞུགས་ཆེད་ཉི་ཧོང་དུ་ཕེབས་ཡོད་པ་དང་། དེར་ཁོང་གིས་ཉི་ཧོང་སྲིད་བློན་ཡ་སོ་ཧྥུ་ཁུ་ཌ་དང་མཉམ་དུ་གསར་འགོད་འདུ་འཛོམས་ཤིག་འཚོགས་ཏེ་ཁོང་ཉིད་ཨོ་ལིམ་པིག་མཛད་སྒོར་ཞུགས་དགོས་པའི་རྒྱུ་མཚན་བཤད་ཡོད་པ་རེད། ཁོང་གིས་གསར་འགོད་པ་ཚོར། ངས་ཨོ་ལིམ་པིག་དེ་ནི་ང་ཚོའི་རྩེད་འགྲན་པ་ཚོར་རྒྱལ་ཁའི་ཀི་འབོད་བྱེད་པའི་གོ་སྐབས་ཤིག་ལ་མཐོང་གི་ཡོད། འདི་ནི་ལུས་རྩལ་བའི་བྱེད་སྒོ་ཞིག་རེད། ངས་རྒྱ་ནག་དང་མཉམ་དུ་ལས་ཀ་བྱེད་རྒྱུའི་སྐལ་བ་བྱུང་། ངའི་སྲིད་འཛིན་གྱི་ལས་རྒྱུན་རིང་ངས་རྒྱ་ནག་གི་སྲིད་འཛིན་སྔ་ཕྱི་གཉིས་ཕེབས་པ་རེད། ང་ཁོང་ཚོར་ཐུག་ཐེངས་རེ་རེར་ངས་ཆོས་ལུགས་དད་མོས་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྐོར་བཤད་གི་ཡོད། དེའི་རྐྱེན་གྱིས། ངའི་ཐག་གཅོད་ནི་ཞུགས་རྒྱུ་དེ་ཡིན། ངས་བསམ་ན་ངའི་སེམས་ཁྲལ་དག་བཤད་པར་ང་ལ་ཨོ་ལིམ་པིག་དགོས་པ་མི་འདུག ངས་འདི་ལྟར་ལས་ཀྱིན་ཡོད།
ངའི་ཡིད་ཆེས་ལ་རྒྱ་ནག་གི་མང་ཚོགས་ཀྱིས་འཛམ་གླིང་གི་དབུ་ཁྲིད་དག་གི་ཐག་གཅོད་ལ་གཟབ་ནན་གྱིས་བལྟས་བསྡད་ཡོད་པ་རེད་བསམ་གྱི་འདུག དེའི་རྐྱེན་གྱིས། ངར་ཡིད་ཆེས་བྱུང་བ་ཞིག་ལ་ཨོ་ལིམ་པིག་རྩེད་འགྲན་གྱི་མཛད་སྒོ་ལ་མི་ཞུགས་པ་ནི། ཨོ་ལིམ་པིག་རྟེན་འབྲེལ་མཛད་སྒོར་མི་ཞུགས་པ་ནི་རྒྱ་མི་རིགས་ཀྱི་གཉའ་གཅོག་པའམ་དམའ་འབེབ་དུ་འགྱུར་གི་རེད། འདིས་དོན་དག་ཚང་མ་སྔར་བས་ཁག་པོ་བཟོ་གི་རེད་ལ། རྒྱ་ནག་གི་མགོ་ཁྲིད་ཚོ་མཉམ་དུ་སྐད་ཆ་ལྷུག་པོར་བཤད་ཁག་པར་འགྱུར་གི་རེད། ངས་སྒྲུབ་དགོས་པ་དག་སྒྲུབ་ཀྱིན་པའི་རྒྱུ་མཚན་འདི་ཡིན། ངས་རྩེད་འགྲན་པ་དག་ལ་ཀི་འབོད་བྱེད་པར་རེ་ལྟས་བྱས་བསྡད་ཡོད། ངས་བསམ་ན། ངའི་བསམ་པར་ལུས་རྩལ་ལ་ཧུར་ཐག་བྱེད་མཁན་རྩེད་འགྲན་པ་དག་གིས་རང་གི་སྲིད་འཛིན་གྱིས་དར་ཆ་གཡུག་གིན་པ་མཐོང་ན་ཡག་པོ་ཡོད་པ་རེད།
ཁྱོད་ཚོས་མཁྱེན་གསལ་ལྟར། ང་ཚོས་ས་ཁོད་ཁ་ཤས་ནས་ཐུན་མོང་གི་ལས་དོན་ལ་ཡར་རྒྱས་གཏོང་ཐུབ་ཡོད་པ་རེད། ས་ཁོད་གཞན་པ་འགའ་ནས་གཏོང་ཐུབ་ཡོད་པ་མ་རེད། དེ་ལ་མ་ལྟོས་པར། ང་རང་གི་མཐོང་ཚུལ་ལ་ཧ་ཅང་གསལ་བོ་ཡིན། དཔེར་ན། སྤྱི་ཚོགས་ཧྲིལ་བོ་ཞིག་གིས་ཆོས་ལུགས་ལ་བརྩི་བཀུར་བྱེད་གི་ཡོད་པ་རེད། མི་རྣམས་ཆོས་ལུགས་ལ་ཞེད་དགོས་པ་ཡོད་པ་མ་རེད། མ་གཞི་ནས། དོན་དམ་གྱི་ཆོས་ལུགས་པ་ནི་རང་གི་ཁྱིམ་མཚེས་ལ་དགའ་གི་རེད། མི་དམངས་ཀྱིས་རང་དབང་གི་ཐོག་ནས་མཆོད་འབུལ་བྱེད་ཐུབ་ན་རྒྱ་ནག་ལ་ཁེ་ཕན་རག་གི་རེད།
འདི་ལྟར་བལྟས་ན་ཡར་རྒྱས་ཤིག་ཡོད་པ་འདྲ། མ་མཐའ་ཡང་ཏཱ་ལའི་བླ་མ་དང་མཉམ་དུ་བཀའ་མོལ་གནང་སྟངས་ལ་ཡར་རྒྱས་འདུག འདིའི་ཞོར་ལ། ཁྱེད་ཚོས་ཤེས་གསལ་ལྟར། ང་ནི་ཡོངས་གྲགས་ཀྱིས་ཏཱ་ལའི་བླ་མའི་འགྲམ་ནས་ལངས་མཁན་གྱི་སྲིད་འཛིན་ཐོག་མ་དེ་རེད། སྲིད་འཛིན་ཧུའོ་ཅིན་ཐའོ་ལ་ངས་འདི་ལྟར་བྱེད་ཀྱི་ཡིན་ཅེས་བཤད་པ་ཡིན། ཁོ་དེའི་ཕྱོགས་ལ་དེ་ཙམ་ཞིག་དགའ་མ་སོང་། དེ་ལྟར་ཡང་། ངས་སྐུ་ཞབས་སྲིད་འཛིན་ལགས། ང་ནི་ཆོས་ལུགས་དད་མོས་རང་དབང་ལ་ཡིད་ཆེས་བྱེད་མཁན་ཞིག་ཡིན་ཅེས་བཤད་པ་ཡིན།
འདིའི་དབང་གིས། ངའི་རེ་བ་ལ་ངར་ཕྱོགས་གཉིས་ཡོད། ང་ལ་འདི་ནས་ཁོང་མཉམ་དུ་ཕྱོགས་གཉིས་ཡོད་ཆོག་གི་རེད། ང་པེ་ཅིན་དུ་ཡོད་དུས་ངས་སྒྲུབ་ཐག་ཆོད་ཡིན། དེས་མི་ཚད། ཡིན་དང་ཡིན། བརྗོད་གཞི་འདི་རིམ་པས་སླེབས་ཡོང་གི་རེད། ཅེས་བརྗོད་ཡོད་པ་རེད།

བསྐྱར་བཅོས།: ༢༠༠༨/༠༧/༠༧

Leave a Reply to wopasang Cancel Reply

7 thoughts on “འཁྲུངས་སྐར་ཉིན་བྷུ་ཤུས་བོད་སྐད་བཤད་པ།

  1. འབྲོག་རུ་ཆོས་གྲགས།

    ཆབ་སྲིད་ཀྱི་གཏམ་ལ་ཉན་མ་ཤེས་ན་ང་ཚོ་ཕམ་པའི་ཉེན་ཁ་ཡོད།་་་་ཕལ་ཆེར་སྲིད་འཛིན་ཁོ་རང་གི་དགོས་དབང་་་་་་་་་་་་མིན་འགྲོ་བསམ་གི་འདུག