སྤྱི་ལོ་ ༢༠༠༥ ལོར་འདི་ག་གསར་ཁང་ནས་འདོན་སྤེལ་བྱས་ཤིང་། རྩོམ་པ་པོ། དགེ་འདུན་རབ་གསལ་ཡིན།
དཔེ་དེབ་ཀྱི་ནང་དོན་གཙོ་བོ། རྩོམ་པ་པོ་ཁོང་རང་ཉིད་ལོ་རབས་བརྒྱད་ཅུ་བའི་ནང་རྒྱ་གར་ལ་སྐྱབས་བཅོལ་དུ་ཡོང་བའི་སྔ་རྗེས་དང་། ལམ་བར་གྱི་མཐོང་ཐོས་མྱོང་གསུམ་གྱི་བརྒྱུད་རིམ་བརྩམས་སྒྲུང་གི་འབྲི་ཐབས་སྤྱད་དེ་བྲིས་ཡོད་ལ། དེབ་དེའི་སྔོན་བརྗོད་དུ་སྐུ་ཞབས་པད་པ་འབུམ་ལགས་གྱིས། ད་ཕན་ཕྲན་གྱིས་བཀླགས་པའི་ཁོང་གི་རྩོམ་ནི་གསར་འགྱུར་གྱི་རིགས་དང་། སྐབས་དོན་དཔྱད་བརྗོད། རིག་གཞུང་དཔྱད་རྩོམ། སྙན་རྩོམ་བཅས་ཡིན། ཁོང་གི་རྩོམ་གང་ཞིག་བཀླགས་ན་ཡང་བརྗོད་བདེ་དོན་གསལ་ཡིན་པ་དེར་ཕྲན་ནས་རྒྱུན་དུ་ཡིད་སྨོན་བྱེད་ཀྱིན་ཡོད། ཅེས་བརྗོད་ཡོད་པ་བཞིན་དེབ་ཆུང་འདི་སུ་ཞིག་གིས་ཀློག་ཀྱང་། མཚམས་རེར་དགའ་བ་འཕེལ་ཏེ་དགོད་ཁ་ཤོར་བ་དང་། མཚམས་རེར་གདུང་བ་སྐྱེས་ཏེ་མིག་ཆུ་བཞུར་བ་སོགས། འདས་བའི་ལོ་ངོ་ལྔ་བཅུར་ཉེ་བའི་རིང་། ལོ་རེ་བཞིན་བོད་མི་སྐྱབས་བཅོལ་བ་སྟོང་ཕྲག་མང་པོ་རྒྱ་དམག་གི་མེ་མདའི་ཧྲག་བར་བརྒྱུད་ཅིང་། རི་བོ་ཧི་མ་ལ་ཡའི་གྲོག་རུང་དང་གཡང་གཟར་བགྲོད་པའི་དཀའ་སྡུག་གོ་རིམ་དངོས་དག་མཚོན་པར་བྱས་ཡོད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།