སྤྱི་ལོ་ ༢༠༠༤ ལོར་འདི་ག་གསར་ཁང་ནས་འདོན་སྤེལ་བྱས་ཤིང་། ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་དཔལ་ལྡན་རྒྱལ་ལགས་གྱིས་དབྱིན་ཡིག་ནས་བོད་སྒྱུར་བྱས་པ་ཡིན།
དེབ་འདིའི་ནང་དོན་གཙོ་བོ་ནི། དུས་རབས་ཉི་ཤུའི་དུས་དཀྱིལ་དུ་ཨ་རིའི་ནང་མི་རིགས་དབྱེ་འབྱེད་ཀྱི་རླུང་འཚུབ་ཁྲོད་དུ་ཤ་མདངས་ནག་པོ་ཡིན་པའི་མི་རྣམས་ལ་མཐོང་ཆུང་དང་དམའ་འབེབས། གཉའ་གནོན། མི་ཆོས་དང་འགལ་པའི་མནར་གཅོད་དང་བཤུ་གཞོག་བྱེད་སྐབས་འཇིགས་ཞུམ་མེད་པར་སྤྱི་འབངས་ཀྱི་ཐོབ་ཐང་རྩོད་ལེན་ལས་འགུལ་གྱི་སྣེ་འཁྲིད་མཁན་སློབ་དཔོན་མར་ཊིར་ལུ་ཐར་ཁིན་ ( Martin Luther King ) ལགས་ཀྱི་སྐུ་ཚེའི་གསུང་བཤད་སྙན་གྲགས་ཆེ་ཤོས་ཏེ། ༡༩༦༣ ལོའི་ཟླ་ ༨ ཚེས་ ༢༨ ཉིན་ཨ་རིའི་སྲིད་འཛིན་འདས་པོ་ལིན་ཁོན་གྱི་དྲན་རྟེན་ཁང་ཆེན་གྱི་མདུན་དུ་། ང་ལ་རྨི་ལམ་ཞིག་ཡོད། ཅེས་པའི་གསུང་བཤད་དང་། ནོ་བྷེལ་ཞི་བདེ་གཟེངས་རྟགས་བཞེས་སྐབས་གསར་འགོ་པས་ཁོང་ལ། ནོ་བྷེལ་ཞི་བདེ་གཟེངས་རྟགས་ཐོབ་པར་ཁྱེད་ཉིད་ལ་དོན་སྙིང་ཅི་ཡོད། ཅེས་དྲིས་བའི་ལན་དུ་ཕུལ་བའི་གསུང་བཤད། དེ་བཞིན། སྐུ་ཞབས་མལ་ཁམ་ཨེཀེ་སི་ ( Malcolm ) ལགས་ཀྱི། དཀའ་རྙོག་འདི་ནི་ཨ་རི་ཁོ་ནའི་དཀའ་རྙོག་མ་ཡིན་པར་འཛམ་གླིང་ཡོངས་ཀྱི་དཀའ་རྙོག་རེད། ཅེས་པའི་གསུང་བཤད་གཅིག་བཅས་བོད་ཡིག་ཐོག་ཕབ་བསྒྱུར་བྱས་ཏེ་བཀོད་ཡོད།
དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།