ཨབ་གྷན་གྱི་གས་གཏོར་ཆེན་མོ།

ཨབ་གྷན་དུ་ཡོད་པའི་རྒྱ་གར་གཞུང་ཚབ་ཁང་གི་མདུན་དུ་འབར་རྫས་ཤིག་ཆེན་པོ་ཞིག་གཏོར་ཏེ་མི་ ༤༡ བསད་ཡོད་པ་དང་། ༡༣༠ ལྷག་རྨས་ཡོད་འདུག 

ཕྱི་ཚེས་ ༧ ཉིན་འབར་རྫས་དེ་གཏོར་ཡོད་འདུག་ལ། འདི་ནི་ ༢༠༠༡ ལོར་ཨ་རིས་སྣེ་ཁྲིད་པའི་བྱང་དམག་དོན་སྒྲིག་འཛུགས་ཀྱིས་ཡུལ་དེའི་གཞུང་མག་རྟིང་བསླགས་པ་ནས་བཟུང་ད་བར་དུ་གཏོར་བའི་འབས་གས་ཁྲོད་ཤུགས་ཆེ་ཤོས་དང་། མི་བསད་པའི་གྲངས་འབོར་མང་ཤོས་ཆགས་ཡོད་པ་རེད། གནས་ཚུལ་ཤེས་གསལ་ལྟར་ན། འདས་པའི་ཟླ་བ་གཉིས་ཀྱི་ནང་དུ་ཨབ་གྷན་ནང་བསད་པའི་གྲངས་ཀ་དེ་ཨི་རག་གི་གྲངས་འབོར་ལས་བརྒལ་ཡོད་པ་དང་། ཕྱི་ཚེས་ ༧ ཉིན་གྱི་གཏོར་རྒོལ་དེ་ནི་ཨབ་གྷན་དང་ནུབ་ཕྱོགས་སྟོབས་ཤུགས་གཉིས་ཀའི་ངོས་ནས་ཨབ་གྷན་སྲིད་འཛིན་ ཧ་མེ་ཌ་ ཁར་ཛེ་ཡི་གཞུང་གི་ནུས་ཤུགས་ཉམས་ཞན་དང་ཨབ་གྷན་གྱི་འདབས་འབྲེལ་ས་མཚམས་ཀྱི་ཚོ་བ་ཁག་གི་ས་ཆར་པཱ་ཀི་སི་ཐན་གྱི་དྲག་སྤྱོད་པའི་ནུས་ཤུགས་རྒྱས་ཀྱིན་པའི་ངོས་འཛིན་བྱས་པའི་དུས་མཚམས་ཏག་ཏག་དེར་བྱུང་ཡོད་པ་རེད།

འདས་པའི་ལོ་བདུན་གྱི་ནང་དུ་ཐེངས་དང་པོར་མངའ་ཁུལ་གྱི་གཞུང་ཚབ་ཁང་དུ་འབར་རྫས་གཡུག་པའི་ཁྲོད་འདིར་ཉུང་མཐར་ཡང་རྒྱ་གར་གྱི་མི་སེར་བཞི་བསད་ཡོད་འདུག དེའི་ཁྲོད་ཨབ་གྷན་གྱི་ཉེན་རྟོག་པ་ ༦ གྱང་བསད་ཡོད་འདུག ལྷག་འཕྲོས་རྣམས་ནི་མི་དམངས་དཀྱུས་མ་ཡིན་འདུག ཨབ་གྷན་གྱི་གཞུང་འབྲེལ་མི་སྣ་དག་གིས་ཐེངས་འདིར་རྒྱ་གར་གྱི་གཞུང་ཚབ་ཁང་མདུན་དུ་འབར་རྫས་གཏོར་བ་དེ་ནི་པཱ་ཀི་སི་ཐན་གྱི་དྲག་སྤྱོད་པ་དག་ཊ་ལི་བྷན་ངོ་ལོག་པར་ལག་འབྲེལ་བྱས་ཏེ་པཱ་ཀི་སི་ཐན་གྱིས་དུས་ཡུན་རིང་པུར་རྒྱ་གར་དང་མཉམ་དུ་ས་མཚམས་ཀྱི་རྩོད་རྙོག་ཡོད་པ་དེར་གནོན་ཤུགས་སྤྲད་པ་ཞིག་ཡིན་པའི་དོགས་པ་བྱེད་ཀྱི་ཡོད་པ་རེད།

རྒྱ་གར་ཕྱི་སྲིད་ལས་ཁུངས་ཀྱིས་འདི་ལ་དྲག་སྤྱོད་པའི་ཚུས་རྒོོལ་ཞེས་མིང་བཏགས་ཡོད་ལ། གནས་ཚུལ་འདིའི་ཐད་རྒྱ་གར་གཞུང་གིས་ཞིབ་འཇུག་བྱེད་ཀྱི་ཡིན་ལུགས་བཤད་ཡོད་པ་རེད། ཨབ་གྷན་སྲིད་འཛིན་གྱིས་གཟའ་ཟླ་བའི་ཉིན་བཤད་དོན། ཨབ་གྷན་གྱི་ཞི་བདེའི་དགྲ་བོ་དག་གིས་ཀ་བྷུལ་གྱི་རྒྱལ་སྤྱིའི་འབྲེལ་བར་གནོད་སྐྱོན་གཏོང་རྩིས་དང་། ལྷག་པར་དང་ཨབ་གྷན་དང་རྒྱ་གར་གྱི་འབྲེལ་བར་དོ་ཕོག་གཏོང་རྩིས་རེད། འདི་ལྟའི་ཚུར་རྒོལ་གྱིས་ཨབ་གྷན་དང་རྒྱལ་ཁབ་གཞན་གྱི་མཐུན་འབྲེལ་ལ་གནོད་པ་བྱེད་མི་ཐུབ་ཅེས་གསུངས་ཡོད།

མང་ཚོགས་བསད་རྨས་བྱུང་བ་སྐོར་ཞིག་ནི་གཞུང་ཚབ་ཁང་དེའི་ཉེ་འཁྲིས་ཀྱི་ཚོང་བ་ཡིན་པ་དང་། མང་བོ་ཞིག་ནི་གྲལ་སྟར་སྒྲིག་ཅིང་ཨབ་གྷན་ནས་རྒྱ་གར་ལ་ཐོངས་ཆེན་ཞུ་མཁན་གྱི་གྲས་ཡིན་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply to kthardoe Cancel Reply

One thought on “ཨབ་གྷན་གྱི་གས་གཏོར་ཆེན་མོ།