བྱང་ཀོ་རི་ཡའི་རྡུལ་ཕྲན་ཐད་ཨ་རིའི་བློ་འཚབ།

བཟོ་ལས་ཡར་ཐོན་ཅན་གྱི་རྒྱལ་ཁབ་བརྒྱད་ཀྱི་ཚོགས་འདུ་དེ་མགོ་འཛུགས་མ་བྱས་པའི་ཉིན་གཅིག་སྔོན་ཏེ། ཚེས་ ༦ ཉིན། ཨ་རིའི་སྲིད་འཛིན་བྷུ་ཤུ་ལགས་ཉི་ཧོང་ནང་འབྱོར་ཏེ་ཁོང་དགུང་ལོ་ ༦༢ལ ཕེབས་བའི་སྐྱེས་སྐར་བཏང་ཡོད་པ་དང༌། དེ་རྗེས་ཁོང་དང་ཉི་ཧོང་སྲིད་བློན་རྣམ་གཉིས་མཇལ་འཕྲད་གནང་ཡོད་པ་རེད། བྱང་ཀོ་རི་ཡའི་རྡུལ་ཕྲན་གྱི་གནད་དོན་དེ་ཨེ་ཤ་ཡ་དང་ལྷག་པར་དུ་ཨེ་ཤ་ཡའི་ཞི་བདེ་རྒྱ་མཚོའི་མངའ་ཁུལ་གྱི་བདེ་འཇགས་བརྟན་ལྷིང་དང་འབྲེལ་བ་དམ་པོ་ཡོད་པར་བརྟེན། ཁོང་གཉིས་ཀྱིས་གནད་དོན་དེའི་ཐད་གླེང་སློང་བྱས་ཡོད། སྲིད་འཛིན་བྷུ་ཤུ་ལགས་ཀྱིས་བྱང་ཀོ་རི་ཡའི་གཞུང་གིས་རྡུལ་ཕྲན་ལས་གཞི་དེ་མཚམས་འཇོག་ཐོག་རྡུལ་ཕྲན་ལས་གཞིའི་བཙོ་སྦྱངས་མ་ལག་རྩ་མེད་བཟོས་ཟིན་པའི་སྙན་ཐོ་སོགས་ཟླ་སྔོན་མའི་ཚེས་ ༢༦ ཉིན་ང་ཚོར་སྦྲད་བྱུང་ཡང༌། རྡུལ་ཕྲན་མཚོན་ཆའི་གྲུབ་ཆར་བེད་སྤྱོད་བྱེད་ཐུབ་པའི་ཡུ་རེན་ནམ་རྫས་རིགས་དང་བདེ་འཇགས་གནད་དོན་ཁག་ཅིག་གི་ཐད་གནས་སྟངས་གསལ་བོ་འཁོད་མེད་པས་ད་དུང་ཡང་བྱང་ཀོ་རི་ཡའི་རྡུལ་ཕྲན་ཐད་བློ་འཚབ་ཡོད། ཐེངས་འདིའི་བྱང་ཀོ་རི་ཡའི་ལག་བསྟར་དེ་ནི་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་ཞིག་ཡིན་ན་ཡང་ད་དུང་ལག་བསྟར་བྱེད་དགོས་པའི་གནད་དོན་ཁག་ཅིག་ཡོད་སྐོར་བརྗོད་ཡོད། འདི་ནི་སྲིད་འཛིན་བྷུ་ཤུ་ཚོགས་ཆེན་དེར་ཚོགས་ཞུགས་གནང་ཐེངས་མཐའ་མ་དེ་ཆགས་རྒྱུ་ཡིན་ལ། ར་ཤི་ཡའི་སྲིད་འཛིན་མན་ཊི་བུ་ཊི་ཤུ་ལགས་ཚོགས་ཆེན་དེར་ཚོགས་ཞུགས་གནང་ཐེངས་དང་པོ་ཆགས་ཡོད་པས་ཁོང་གཉིས་ཀྱིས་ཡུ་རོབ་ནང་འཛུགས་འཆར་ཡོད་པའི་ཨ་རིའི་འཕུར་མདེལ་འགོག་སྲུང་མ་ལག་ཐད་ཟུར་དུ་གྲོས་མོལ་གནང་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply