གནས་ཚུལ་སྤེལ་ཕྱོགས་ཀྱི་སྣང་ཚུལ་ཞིག

ཉིན་ཞིག་ལ་བོད་ཀྱི་རང་བཙན་འཐབ་རྩོད་པ་འཇམ་དབྱངས་ནོར་བུ་ལགས་ཀྱིས་བཤད་དོན། དེང་སྐབས་འཛམ་གླིང་སྟེང་རྒྱ་གར་གྱི་གསར་འགོད་བརྒྱུད་ལམ་ལྟ་བུའི་ཆབ་སྲིད་ལ་དབྱིངས་ཞུགས་མཁན་དང་། སྩོལ་བ་འདོན་མཁན་ཞིག་མི་འདུག་ཟེར། ཁོང་གིས་བཤད་པ་བདེན་སྟེ། ཐོག་མ་དེར་རྒྱ་གར་ནི་འཛམ་གླིང་སྟེང་དམངས་གཙོ་དང་རང་དབང་གི་ལུང་པ་ཆེ་ཤོས་དེ་ཡིན། གཉིས་པ་ནས། རྒྱ་གར་ནི་ད་དུང་ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཁོ་ལ་ཆབ་སྲིད་དང་དཔལ་འབྱོར་བཅས་ཕྱོགས་གང་ཐད་ནས་རྩོད་གླེང་ཡང་དེ་བཞིན་དུ་ཡོད།

རྒྱ་གར་ལ་གསར་འགྱུར་གྱི་བརྒྱུད་ལམ་སྣ་མང་ཡོད་པ་རེད། ཡིན་ནའང་འདི་དག་གི་ཁྲོད་དུ་འགྲོ་སོང་ཤུགས་ཆེར་བཏང་སྟེ་གསར་འགོད་ཀྱི་ཟབ་སྦྱོང་སྤྲོད་མཁན་དང་། ལས་ཀར་གསར་བསྡུ་བྱེད་མཁན་དཀོན་པོ་རེད། སྤྱིར་བཏང་གྲོང་ཁྱེར་དང་མངའ་སྡེའི་རྒྱལ་ས་རེར་གསར་འགོད་པ་གཅིག་རེ་མ་གཏོགས་འཇོག་གི་མེད། རྒྱ་གར་གྱི་མངའ་སྡེ་འགའ་ཤས་ནི་འཛམ་གླིང་གི་རྒྱལ་ཁབ་མང་བོ་ཞིག་ལས་ཆེ་བ་ཡོད། དེར་བརྟེན་གསར་འགོད་པ་དེས་གསར་འགོད་གསལ་བསྒྲགས་རེ་དང་རྒྱལ་ས་དེར་བྱུང་བའི་དོན་རྐྱེན་ཆེ་ཤོས་ཀྱི་རིགས་མ་གཏོགས་འགོད་མི་ཐུབ་པ་ཆགས་གི་ཡོད། འོན་ཀྱང་། མི་སེར་གསར་འགོད་བརྒྱུད་ལམ་གྱིས་འདི་དག་ཐམས་ཅད་སྒྱུར་གིན་ཡོད།

ཉེ་ཆར་ནས། མཐའ་འཁོབས་ས་ཁུལ་གྱི་གནས་ཚུལ་རྣམས་ཀྱང་ཇི་ལྟར་བྱུང་བ་བཞིན་སྟོན་ཐུབ་གི་ཡོད། འདིས་སྲིད་གཞུང་ལ་ཤུགས་རྐྱེན་ཐེབས་གི་ཡོད་པ་མ་ཟད། ལས་དོན་ལ་ཁག་འཁུར་ཡོད་པ་ཞིག་གི་ཕྱོགས་སུ་འཁྲིད་ཀྱིན་ཡོད། གསར་འགྱུར་འདི་དག་སྒྲོག་མཁན་གྱི་བརྒྱུད་ལམ་ཁག་ལ་ལྟ་ཀློག་བྱེད་མཁན་ཤུགས་ཆེར་འཕར་ཞིང་། ཁྱབ་བསྒྲགས་བྱེད་མཁན་གྱི་རིགས་ཀྱང་འཚང་ཁ་རྒྱག་བཞིན་ཡོང་གི་ཡོད། འདི་ལྟར་གཅིག་ལ་གཅིག་བརྒྱུད། གཅིག་གིས་གཅིག་བསྒྲགས་ནས་སྡིངས་ཆ་ཆེན་པོ་རེ་འགྲུབ་གི་ཡོད། འདི་དག་ཐམས་ཅད་ནི་རྒྱ་གར་དུ་དར་གྱིན་པའི་༼མི་སེར་གསར་འགོད་རིག་པ་༽ཞེས་པའི་སྣང་ཚུལ་འདིའི་འོག་ནས་ཡོང་གི་ཡོད། རྒྱ་གར་གྱི་གནས་ཚུལ་ཤེས་རྟོགས་ཀྱི་རང་དབང་དང་མེ་སེར་གསར་འགོད་གསར་འགོད་རིག་པ་གཉིས་ནི་མིང་དོན་མཚུངས་པའི་ཁ་ཕྱོགས་སུ་འཁོར་ཡོད།

བྷ་གྷལ་པུར་ནི་རྡོ་རྗེ་གདན་ཆགས་ས་བྷི་ཧར་མངའ་སྡེའི་གྲོང་གསེབ་ཆུང་ཆུང་ཞིག་ཡིན། དེར་མི་སེར་གསར་འགོད་པ་ཞིག་གིས་ཁོའི་པར་ཆས་ཀྱི་ནང་དུ། ས་གནས་ཡུལ་མི་ཞིག་ལ་ལྕགས་ཐག་ཅིག་ཁྱེར་བའི་སྐྱོན་འཛུགས་འོག་ཐོག་མར་མི་རྣམས་རུབ་བརྒྱབས་ནས་རྡུང་བ་དང་། དེའི་རྗེས་ནས་ཉེན་རྟོག་པས་རྡུང་ཞིང་ཐ་ན་སྦག་སྦག་ལ་བཏགས་ནས་ལམ་ཐག་རིང་བོ་ཞིག་ལ་དྲུད་པའི་སྐོར་པར་བླངས་ནས་སྤེལ་བ་རེད། གནས་ཚུལ་འདི་གསར་འགྱུར་བརྒྱུད་ལམ་དང་རྒྱལ་ཡོངས་རང་བཞིན་གྱི་དོ་སྣང་སླེབས་ནས་བྷི་ཧར་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་དང་དེའི་ནང་ཉེན་རྟོག་པ་ཞུགས་ཡོད་པའི་སྐོར་ལ་སྐྱོན་བརྗོད་བྱས་ཤིང་། མངའ་སྡེ་གཞུང་ལ་གནོན་ཤུགས་སྤྲད་ཡོད་པ་རེད།

སྒྲུང་གཞན་པ་ཞིག་ནི། པན་ཇབ་མངའ་སྡེ་ནང་གི་མི་སེར་གསར་འགོད་པ་ཞིག་གིས། སྣུམ་སྐྱེལ་མཁན་གྱི་མེ་འཁོར་ཞིག་གི་ནང་རྐུན་མ་འཛུལ་གྱིན་པ་དང་། གཞན་ཞིག་ཏུ་བྱིས་པ་དང་། སྐྱེས་པ། བུད་མེད་མང་བོ་ཞིག་གིས་རང་རང་གི་ཟོམ་གྱི་ནང་དུ་སྣུམ་མ་རག་པར་ཡོད་པ་བསྟན་ལ། འདི་ལ་བརྟེན་ནས་ལས་བྱེད་ཉེས་ཅན་པ་མང་བོ་ཞིག་གི་ལས་ཀ་ཤོར་ཡོད་པ་རེད།

རྒྱལ་ཡོངས་དང་རྒྱལ་སྤྱིའི་གསར་ལམ་ཁག་གིས་ཤིང་ནགས་ལས་ཁུངས་ཀྱི་ལས་བྱེད་ཚོས་བྷེ་ཊུལ་ཞེས་པའི་ཡུལ་མཐའི་ཚོ་ཁག་ཅིག་ལ་ཤིང་ནགས་ཀྱི་ས་ཆ་བཟུང་བའི་སྐྱོན་འཛུགས་འོག ཚོ་ཁག་གྲོང་སྡེ་དེ་མེར་བསྲེག་དང་འཕྲོག་བཅོམ་བྱས་པའི་གནས་ཚུལ་དེ་བཀོད་ཡོད་ལ། གནས་ཚུལ་འདི་འགོད་མཁན་མི་སེར་གསར་འགོད་པ་དེས་ད་བར་དུ་གནས་ཚུལ་མང་བོ་ཞིག་སྤྲད་ཡོད་པ་རེད།

བུད་མེད་ཅིག་གིས་རང་གི་གཉེན་ཉེ་ཚོས་མོ་རང་ལ་མནར་གཅོད་གཏོང་གི་ཡོད་ཚུལ་ཕྱི་ལ་དོ་སྣང་སྤྲོད་ཆེད་གྱོན་ཆས་མ་གོན་པར་སྲང་ལམ་ལ་ཡོང་བ་དེ་མི་སེར་གསར་འགོད་པ་ཞིག་གིས་པར་བླངས་ནས་གསར་འགྱུར་བརྒྱུད་ལམ་ཆེ་ཁག་ལ་སྤྲད་པ་དང་། དེ་བཞིན། དམག་འཁྲུག་སྐབས་བཙོན་དུ་ཚུད་མཁན་ཞིག་གི་ཁ་ཆེ་སྐྱེས་དམན་དེས་རང་གི་ཁྱོ་ཀ་དམག་ས་ནས་ཕྱིར་ལོག་མ་བྱུང་རྗེས་མི་གཞན་པ་ཞིག་མཉམ་དུ་ཆང་ས་བརྒྱབས་ཤིང་། མོའི་ཕོ་སྐྱེས་ཀྱི་ཨ་ཕས་མོ་རང་ལ་བཙན་གཡེམ་བྱས་པའི་སྐོར་ཡང་མི་སེར་གསར་འགོད་པ་ཞིག་གིས་གསར་འགོད་བརྒྱུད་ལམ་ལ་སྤྲད་ཡོད་པ་རེད།

རྒྱ་གར་དུ་མི་སེར་གསར་འགོད་རིག་པའི་རྨང་གཞི་མགྱོགས་པོར་ཚུགས་གི་ཡོད་ལ། དྲ་རྒྱ་ལས་ཀྱང་མགྱོགས་ཤོས་དང་ཁྱབ་ཤོས་ནི་བརྙན་འཕྲིན་ཡིན་སྟབས་སྒྲུང་ཕལ་ཆེ་བ་བརྙན་འཕྲིན་ནང་སྟོན་གི་ཡོད། ཡིན་ནའང་དྲ་རྒྱ་དང་གློག་ཀླད་ཀྱི་དར་ཚད་མགྱོགས་སྟབས། མི་འགྱངས་པར་འདི་ལ་འགྱུར་བ་འགྲོ་རྒྱུའི་སྔོན་དཔག་བྱེད་ཀྱི་ཡོད་པ་རེད།

བརྒྱུད་ལམ་ནི་བརྙན་འཕྲིན་དང་དྲ་རྒྱ་གང་ཡིན་ཡང་ཆོག གལ་ཆེ་ཤོས་ནི་དམངས་གཙོ་མུ་མཐུད་འཚོ་པ་དང་། རྩོད་པ། འཕེལ་བ་བཅས་དགོས་ན་དེའི་འཕེལ་རིམ་ཁྲོད་མང་ཚོགས་ཀྱིས་ནུས་ཤུགས་ཡོད་པའི་སྒོ་ནས་མཉམ་ཞུགས་བྱེད་པ་དང་། མཉམ་ཞུགས་ཀྱི་གསར་འགོད་རིག་པ་དར་སྤེལ་བྱེད་རྒྱུ་ནི་མེད་དུ་མི་རུང་བར་གྱུར་ཡོད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “གནས་ཚུལ་སྤེལ་ཕྱོགས་ཀྱི་སྣང་ཚུལ་ཞིག

  1. སྨྲ་ཤེས་དོན་གོ།

    ཤ་ཁྲག་གཅིག་པའི་བྱས་རྗེས།

    ད་ལམ་ཉེར་བའི་ཆར་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་གྱི་ཡ་ང་བའི་གོད་ཆག་བྱུང་བ་བརྟེན། རང་རིགས་སྤུན་ཟླ་ཁྲི་ཕྲག་ལས་བརྒལ་བ་རྐྱེན་ལམ་དུ་འདས་གྲོངས་སུ་གྱུར། འོན་ཀྱང་ཁོང་འདས་པོ་རྣམས་ཀྱི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གཅོ༹ས་རིས་མིན་བླ་ཆེན་རྣམ་པ་དང་ཆོས་རྒྱུད་སོ་སོ་གདན་ས་ཁག་གི་དགེ་འདུན་འདུས་མོང་ཡོངས་ནས་བསྔོ་སྨོན་རྒྱ་ཆེར་གནང་གི་ཡོད་པ་མ་ཆ༹ད། བོད་མི་ཅ༹མ་ཟས་བ་ཡོངས་རྗོ༹གས་ཀྱི་གདུང་སེམས་མཉམ་བསྐྱེད་ཐོག་སོ་སོར་གང་ཐུབ་རོགས་རིམ་རྒྱ་ཆེར་གནང་གི་ཡོད་པར་སྨོས་ཅི་དགོས། ཡིན་ན་ཡང་ཐུགས་སྐྱོ་བའི་གནས་ཚུལ་ལྟར་ན། ས་གནས་Belgiumགནས་སྡོད་རྒྱ་གར་སྡེ་ར་རྡུན་ནས་ཡིན་པ་བོད་པའི་བུ་མོ་ཆེ༹་དབང་སྒྲོལ་མ་དང་སྐྱིད་འཇོ༹མས་གཉིས་ནས་རང་སྣང་གང་ཤར་གྱི་ཤུལ་ལུས་རྒྱ་ཆེན་མི་དམངས་ཡོངས་ལ་རྩིས་མེད་རྡོག་རིལ་བཏང་སྟེ། ཁོ་མོས་བོད་མི་རིགས་ཀྱི་ལ་རྒྱ་དོར་ནས་གླུ་གར་དགོང་ཆོ༹གས་ཅིག་གོ་བསྒྲིགས་བྱས་སྟབས། ས་གནས་སྐུ་ཆ༹བ་སྐུ་ངོ་བདེ་དོན་ལགས་ཀྱི་གཅོ༹ས་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པས་ཁོ་མོ་གཉིས་ལ་གླུ་གར་དགོང་ཆོ༹གས་ཕྱིར་འཐེན་ཡོང་བའི་འབོད་བསྐུལ་བྱས་ཀྱང་ཉན་མི་འདུག།
    དེ་བརྟེན་ཤུལ་ལུས་རྒྱ་ཆེན་འབྲེལ་ཡོད་མི་མོང་ནས་གདུང་སེམས་མཉམ་བསྐྱེད་ཐོག་ཁོ་མོ་གཉིས་ལ་བསྐྱར་དུ་འབོད་བསྐུལ་བྱས་རྗེས། ཆོ༹གས་འདུ་ཐོག་ཆོ༹གས་པ་ཁག་གི་འགན་འཇི༹ན་རྣམ་པ་དང་མི་མོང་ཁ་ཤས་ངུ་འབོད་བྱེད་དགོས་པ་བྱུང་འདུག། མཐའ་མ་ཁོ་མོ་གཉིས་འུ་ཐུག་ནས་དགོང་ཆོ༹གས་ཕྱིར་འཐེན་བྱས་འདུག་པས་ཤིན་ཏུ་ངོ་མཆ༹ར་ཆེ།།

  2. སྨྲ་ཤེས་དོན་གོ།

             ( རོགས་སྐྱོར་གནང་བ་ )

    ༄༄།། ད་ལམ་ཉག་ཕྲ་བའི་དུས་སྐབས་འདིར་རང་བྱུང་ཁོར་ཡུག་ལ་ས་ཡོམ་གྱི་གནོད་འཆེ༹་འོག།  འཇ༹མ་གླིང་ཕྱོགས་གང་ས་དང་ལྷག་པར་དུ་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་སྐྱེ་རྒུ་གྲོང་སྡེ་དང། རོང་པོ་  སྐར་མདའ་  འབྲོག་མདའ་   ཁྲུན་འདུ་   ནང་ཆེན་བཅས།   ས་ཕྱོགས་གང་ས་ལ་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད་པར་བརྟེན།      དཔལ་ལྡན་ར་ཉག་དགོན་ཕུན་ཆོ༹གས་ཐེག་ཆེན་གླིང་གི་ཁྲི་པ་སྐྱབས་རྗེ་ལྡན་མ་ཁམས་མགྱོགས་རིན་པོ་ཆེ་མཆོག།   ས་ཡོམ་གྱི་རྐྱེན་ངན་བྱུང་བ་གསོན་མ་ཐག་མྱུར་དུ་ Taiwan ནས་མཁའ་ལམ་རྒྱུད་ཟིར་ལིང་ལ་ཕེབས།   དེ་ནས་ཁོང་གི་ཐབས་ཤེས་རྒྱུད་དམིགས་གསལ་སྨན་པ་ཁ་ཤས་ཁྲིད་ནས་ཡུལ་ཤུལ་ས་ཁུལ་དུ་ཕེབས་འདུག་པ་མ་ཆ༹ད།   ར་ཉག་དགོན་པའི་དགེ་འདུན་པ་ ༡༧༠ དང་ལྷན་དུ་མི་རྒྱུ་གཉིས་གི་ཐོག་རོགས་རིམ་རྒྱ་ཆེར་གནང་འདུག།   ལྷག་པར་དུ་ར་ཉག་དགོན་པའི་དགེ་འདུན་པ་ཆོ༹འི་ས་འོག་ནས་བོད་རིགས་ཉིས་བརྒྱ་ལྷག་གི་ཆེ༹་སྲོག་སྐྱོབ་གནང་ཡིན་པ་རེད།   སྤྱིར་གནས་ཆུ༹ལ་གོ་དོན་ལྟར་ན།   ཁམས་མགྱོགས་རིན་པོ་ཆེ་དགོན་པ་གསར་པ་ཧ་ཅང་གི་ལེགས་གྲུབ་བྱུང་ཡོད་ཀྱང་ཡིན་ན་ས་ཡོམ་གྱི་གནོད་སྐྱོན་ཆ༹བ་ཆེན་བྱུང་ཡོད།     འོན་ཀྱང་ཁོང་གིས་གནས་ཆུ༹ལ་དེ་དག་ལ་མ་གཟིགས་ནས་རང་རིགས་སྤུན་ཟླ་ཤུལ་ལུས་རྒྱ་ཆེར་མི་དམངས་ཡོངས་ཀྱི་ཆེད་དུ་དམིགས་སྟེ།   ད་ལྟ་བར་དུ་འགྲོ་སོང་གཏོང་ཆོ༹ད་བྱས་ན།  གྲོ་འབྲས་རྒྱ་མ་༡༢༠༠༠   ཅ༹མ་པ་རྒྱ་མ་༡༥༠༠   མར་རྒྱ་མ་༡༠༠༠  ཐུག་པ་ཤོག་སྒམ་༡༠༠༠    ཉལ་ཆས་༣༠༠༠   གྱོན་ཆས་༢༥༠༠  རས་གུར་༡༠༠  དེ་མིན་ཟས་རིགས་འདྲ་མིནདང་   ཉམ་ཐག་དབུལ་པོ་ཁྱིམ་ཆ༹ང་རེ་ལ་སྒོར་༣༠༠  གནང་ཡོད།    བསྡོམས་པས་རྒྱ་སྒོར་ཁྲི་ ༢༡༥ ལྷག་གཏོང་ཟིན་ཀྱང་ད་དུང་ཡོང་མི་མཐུད་ནས་གནང་རྩིས་ཡིན་འདུག།     དེ་ཡང་མ་ཆ༹ད་རིན་པོ་ཆེ་ཁོང་གིས་ཤུལ་ལུས་ཡོངས་ཀྱི་ཆེད་དུ་དམིགས་ནས་ཕྱི་རྒྱལ་ཡུལ་གྲུ་དང་རྒྱ་ནང་གི་ཆོ༹གས་པ་ཁག་སོ་སོ་ལ་རོགས་རིམ་འབོད་བསྐུལ་གནང་འཆར་ཡིན་འདུག་པ་མ་ཆ༹ད་ཁོང་གིས་གསར་འཇུ༹གས་གནང་བ་སྨོན་ལམ་ཆོ༹གས་ཆུང་རྒྱུད།        ཆེ༹་འདས་ཡོངས་ཀྱི་ཆེད་དུ་ཉིན་ལྟར་སྐྱབས་གནས་འཕགས་པའི་དགེ་འདུན་པ་རྣམས་ཀྱི་བསྔོ་བ་སྨོན་ལམ་དང་མི་དམངས་བརྒྱ་ཕྲག་དུ་མ་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གཟུངས་སྔགས་འབུམ་ཆོ༹གས་ཆོ༹གས་ཀྱི་ཡོད་རེད་ཟེར།  གོང་གི་གནས་ཆུ༹ལ་དེ་དག་ས་གནས་དགོན་པའི་གྲ་བློ་བཟང་གི་གསུང་པ་ལྟར་བྲིས་ཡིན།  སྤྱིར་གསར་འགྱུར་རྒྱུད་ལམ་ཁག་ནས་གནས་ཆུ༹ལ་སྤེལ་བ་ལྟར་ན།    རང་ཡུལ་གངས་ཅན་ལྗོངས་ནས་ཆོལ་ཁ་སོ་སོ་དགོན་སྡེ་ཁག་དང་བླ་ཆེན་རྣམ་པ་གཅོ༹ས་རང་རིགས་བོད་ཀྱི་ཡུལ་ཤུལ་ས་ཁུལ་ལ་རོགས་རིམ་རྒྱ་ཆེར་གནང་ཡོད་པ་མ་ཆ༹ད།   ཕྱི་རྒྱལ་ཡུལ་གྲུ་ཁག་སོ་སོ་དང་  སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དབུས་རིས་མིན་བླ་ཆེན་རྣམ་པ་དང་དགོན་སྡེ་ཡོངས་ཀྱི་རོགས་རིམ་གནང་ཡོད་པས་འདིར་མ་བྲིས་སོ།།