རྒྱའི་མི་སེར་གྱི་མིག་ཆུ།

ཁོ་ཚོ་རྒྱ་ནག་གུང་ཁྲན་ཏང་གི་དབུ་ཁྲིད་པའི་སྤྱི་ཚོགས་ཞིག་ཏུ་ཡོད་ཀྱང༌། མི་སེར་གྱི་དཀའ་ངལ་དང་རེ་བ་དེ་རིང་ཡིན་ཡང་མངོན་འགྱུར་བྱེད་མི་ཐུབ་པ་འདི་ཡོད་སྐྱོ་བའི་གནས་ཚུལ་ཞིག་རེད། རྒྱལ་ཁབ་ཀྱི་མདུན་རྒྱབ་གཉིས་མཐུན་པོ་མེད་པས་དངོས་ཡོད་གནས་ཚུལ་ཧ་གོ་རྒྱུ་ཁག་པོ་འདུག་ཟེར།

 པེ་ཅིན་ཨོ་ལིམ་པིག་རིང་ལ་རྒྱ་ནག་གིས་ས་གནས་གཏན་འཁེལ་ངང༌། ཁྲིམས་མཐུན་གྱི་སྒོ་ནས་ཞི་བའི་ངོ་རྒོལ་བྱེད་ཆོག་པ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་སྤེལ་ཡོད་པ་བཞིན། རྒན་མོ་ལོ་ན་ ༧༩ ལ་སོན་པའི་བའུ་ཏེན་ཡན་དང༌། ཁྱིམ་མཚེས་རྒན་མོ་རང་ལོ་ ༧༧ ལ་སོན་པའི་ཝང་ཞོའུ་ཡེན་གཉིས་ཀྱིས་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་ཆོག་པའི་སྙན་ཞུ་ཕུལ་ཡོད་ཀྱང༌། རྒྱ་ནག་གིས་ཆོག་མཆན་མ་སྤྲད་པ་མ་ཟད། ལོ་ན་རྒས་པའི་བུད་མེད་འདི་གཉིས་ལ་ལོ་གཅིག་གི་ངལ་རྩོལ་བསྒྱུར་བཀོལ་དགོས་པའི་བཙན་བཀའ་བཏང་འདུག བའུ་ཏེན་ཡན་གྱི་བུས་གསར་ལམ་ཁག་ཏུ། ཁོ་ཚོ་རྒྱ་ནག་གུང་ཁྲན་ཏང་གིས་དབུ་ཁྲིད་པའི་སྤྱི་ཚོགས་ཤིག་ཏུ་ཡོད་ཀྱང༌། མི་སེར་གྱི་དཀའ་ངལ་དང་རེ་བ་དེ་རིང་ཡིན་ཡང་མངོན་འགྱུར་བྱེད་མི་ཐུབ་པ་འདི་ཡིད་སྐྱོ་བའི་གནས་ཚུལ་ཞིག་རེད། རྒྱལ་ཁབ་ཀྱི་མདུན་རྒྱབ་གཉིས་མཐུན་པོ་མེད་པས་དངོས་ཡོད་གནས་ཚུལ་ཧ་གོ་རྒྱུ་ཁག་པོ་འདུག་ཚུལ་བརྗོད་ཡོད།

རྒྱ་ནག་གིས་པེ་ཅིན་དུ་ཚོགས་རྒྱུའི་ཨོ་ལིམ་པིག་རྩེད་འགྲན་གྱི་ཆེད་དུ་སྤྱི་ལོ་ ༢༠༠༡ ལོར་ལམ་ཀ་གསར་བ་བཟོས་ནས། རྒན་རྒོན་འདི་གཉིས་ཀྱི་ཁང་པ་གཙོ་བྱས་པའི་མི་སེར་ཚོའི་ཁང་པ་བཤིག་པའི་རྐྱེན་གྱིས། རྒན་རྒོན་འདི་གཉིས་ཀྱིས་ཨོ་ལིམ་པིག་ལ་ངོ་རྒོལ་བྱེད་འདོད་སྐྱེས་འདུག དེ་ལས་ཀྱང་རྒན་མོ་གཅིག་གི་བུའི་གནའ་མས། གསར་ལམ་ཁག་ཏུ་བརྗོད་པ་ལྟར་ན། རྒན་མོ་རང་ལོ་ ༧༧ ལ་སོན་པའི་ཝང་ཞོའུ་ཡེན་ནི་མིག་གིས་མི་མཐོང་བའི་ལོང་པ་ཞིག་དང༌། རྐང་ལག་ཐང་པོ་མེད་པ་ཞིག་རེད་འདུག

གནད་དོན་འདིའི་སྒང་ལ་རྒྱ་ནག་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཆིན་ཀང་གིས། གཟའ་ལྷག་པའི་ཉིན་གསར་ལམ་ཁག་ཏུ་རྒྱ་ནག་ཡིན་ཡང་འཛམ་གླིང་གི་རྒྱལ་ཁབ་གཞན་དང་འདྲ་བར་གཞུང་ལ་ངོ་རྒོལ་བྱེད་པར་ཁྲིམས་ལ་ཉན་དགོས་ཚུལ་བརྗོད་ཡོད་པ་རེད། ནེའུ་ཡོག་ཏུ་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ལྟ་རྟོག་ཚོགས་པའི་ནའེ་ཁའོ་ལའ་བྷིས་ཁའུ་ལེན་ Nicholas Bequelin  གྱིས། རྒན་རྒོན་འདི་གཉིས་ཀྱི་གནས་ཚུལ་སྒང་ལ། རྒྱ་ནག་གིས་རྒྱལ་སྤྱིའི་རྩེད་འགྲན་ལྟ་བུའི་རྒྱལ་སྤྱི་རང་བཞིན་གྱི་ལས་འགུལ་སྒྲུབ་ཐུབ་གི་ཡོད་ཀྱང༌། རྒྱ་ནག་ལ་རྒྱལ་སྤྱིའི་སྒང་གི་འགྲོ་བ་མིའི་ཐོབ་ཐང་ཕྱོགས་ཀྱི་བརྩི་བཀུར་ཐོབ་རྒྱུ་ད་དུང་ལམ་ཐག་རིང་པོ་ཡིན་ཚུལ་བཤད་ཡོད། 
   
   

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply