ཡུལ་ཤུལ་གནམ་ཐང་།

རྒྱ་ནག་གཞུང་གིས་ཨ་སྒོར་ས་ཡ་ ༧༥ འགྲོ་སོང་བཏང་སྟེ། མཚོ་སྔོན་ཡུལ་ཤུལ་ཁུལ་དུ་གནམ་ཐང་ཞིག་རྒྱག་གི་ཡོད་ལ། གནམ་ཐང་འདི་ནི་མདོ་དབུས་མཐོ་སྒང་གི་དཀྱིལ་སྙིང་ལ་འཁེལ་ཡོད་ཟེར།

ཕྱི་ཚེས་ ༢༧ ཉིན་གནམ་ཐང་འདིའི་རྨང་གཞི་ཡོངས་སུ་ཚར་ཡོད་པ་དང་། རྒྱུག་ཚད་ལ་མི་ཊར་ ༣༨༠༠ ཡོད་པ་དང་། རྒྱ་མཚོའི་ངོས་ནས་མི་ཊར་ ༣༩༠༠ སར་ཆགས་ཡོད་ཅིང་། འདིའི་འགྲོ་སོང་ཐད་རྒྱ་སྒོར་ས་ཡ་ ༧༠༠ དང་ཨ་སྒོར་ལ་ཕབ་ན་ས་ཡ་ ༧༥ ཡིན་ཚུལ་འདུག གནམ་ཐང་འདི་ ༢༠༠༧ ལོའི་ཕྱི་ཟླ་ ༥ པ་ནས་མགོ་བཙུགས་ཡོད་པ་དང་། ལོ་འདིའི་ལོ་མཇུག་ལ་འགྲུབ་རྒྱུའི་འཆར་གཞི་བཏིངས་འདུག་ལ། འཆར་ལོའི་ཕྱི་ཟླ་ ༦ པ་ནས་གནམ་གྲུ་དངོས་སུ་འབབ་རྒྱུ་ཡིན་འདུག གནམ་གྲུའི་སྒུག་ཐང་ལ་མི་ཊར་གྲུ་བཞི་མ་ ༤༠༠༠ ཡོད་ཅིང་། གནམ་ཐང་གི་ཇུས་འགོད་ནི་དབྱིངས་གྲུ་ཆེན་མོ་ Airbus A319 ཡང་འབབ་ཐུབ་པ་ཞིག་བཟོས་ཡོད་པ་རེད།

ཡུལ་ཤུལ་ཁུལ་དུ་ད་ལྟའི་བར་རླངས་འཁོར་འགྲོ་བ་མ་གཏོགས་འགྲུལ་བཞུད་ཀྱི་ལམ་ཁ་གཞན་མེད་སྟབས། གནམ་ཐང་འདི་འགྲུབ་པ་ཡིན་ན་སྐྱེལ་འདྲེན་སྟབས་བདེ་རུ་གཏོང་ཐུབ་གི་རེད་ཟེར།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply