གསར་འགོད་པ་བཟུང༌བ།

          
ནོར་ཝེ་རླུང་འཕྲིན་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན།  ཚེས་ ༡༡ ཉིན་གྱི་མཚན་གུང་དུ། གསེར་རྟ་བརྙན་འཕྲིན་ཁང་གི་གསར་འགོད་པ་རང་འབྱུང་འབོད་པའི་བོད་མི་གསར་འགོད་པ་ཞིག་བཟུང་ཡོད་འདུག ད་ཆར་ཁོང་གང་དུ་བཅུག་ཡོད་པ་དང༌།  གནད་དོན་གང་གི་ཕྱིར་དུ་བཟུང་པ་སོགས་ཤེས་མི་འདུག 

བོད་མི་མང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་འོད་ཟེར་ལགས་ནས་གསར་ལམ་དུ་གསུངས་བ་ལྟར་ན། རང་འབྱུང་གིས་གསེར་རྟ་བརྙན་འཕྲིན་ཁང་དུ་གསར་འགོད་བསྡུ་སྒྲིག་གི་ལས་འགན་འཁུར་བཞིན་ཡོད་པ་དང༌། གོ་ཐོས་ལྟར་ན་ཁོང་འཛིན་མཁན་དེ་ཚོ་ས་གནས་ཉེན་རྟོག་པ་མིན་པར། དཀར་མཛེས་རྫོང་ངམ་ཡང་ན་སི་ཁྲོན་ནས་ཡོང་བ་ཡིན་འདུག

རང་འབྱུང་ནི་ལོ་ ༢༥ ཡིན་ལ་གསར་འགོད་ལས་རིགས་ལ་མ་ཞུགས་པའི་ཡར་སྔོན་དུ་དགེ་རྒན་ཡིན་འདུག་ལ། ད་དུང་ཁོང་གིས་རྩོམ་སྒྲིག་བྱས་པའི་དཔེ་དེབ་གཉིས་དང༌། ཁོང་གིས་བརྩམས་པའི་གཞས་ཚིག་གི་དེབ་ཞིག་ཀྱང་ཡོད་འདུག 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply