སྙིང་ཁམས་བརྟག་དཔྱད།

ཚེས་ ༢༢ ཉིན་གངས་སྐྱིད་སྤྱི་ཐབ་ནང་དུ་བོད་གཞུང་ལས་བྱེད་ཚོའི་གཟུགས་པོར་བརྟག་དཔྱད་བྱེད་གིན་འདུག  འཕྲོད་བསྟེན་ལས་རིམ་འདིའི་འགན་ཁུར་བ་བོད་གཞུང་བདེ་ལེགས་སྨན་ཁང་གི་འགན་འཛིན་ཟླ་བ་ཕུན་སྐྱིད་ལགས་ལ་འདིའི་སྐོར་བཀའ་འདྲི་ཞུས་སྐབས་ཁོང་གིས། ལས་གཞི་འདི་སྤྱི་ལོ་ ༢༠༠༧ ལོ་ནས་མགོ་འཛུགས་བྱས་པ་རེད་ལ། ལས་གཞི་འདི་གོ་སྒྲིག་དང་འཆར་གཞི་འཐེན་མཁན་གཙོ་བོ་ནི་ཨི་ཊ་ལི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ Claudio Cardelli རེད། ཁོང་གིས་གཞུང་ལ་སྙན་ཞུ་ཕུལ་ཏེ་བོད་པའི་སྐྱབས་བཅོལ་བར་འཕྲོད་བསྟེན་གྱི་རྒྱབ་སྐྱོར་རྙེད་པ་རེད། གཙོ་བོ་ཁྲག་ཤེད་དང༌། མངར་རིགས་ཀྱི་ནད། སྣུམ་ནད། སྙིང་གི་ནད་རིགས་སོགས་ལ་བརྟག་དཔྱད་བྱས་ཏེ་ལམ་སྟོན་གནང་གིན་ཡོད་ལ་ད་ལོར་སྨན་པ་སོགས་ཁྱོན་བསྡོམས་མི་ ༢༠ ཕེབས་ཡོད། ༢༠༠༧ ལོར་མེག་ལོ་གྷན་ཇི་ནས་ཉིན་བཞིའི་རིང་བོད་མི་ཚོར་བརྟག་དཔྱད་བྱས་པ་རེད་ལ། ནམ་རྒྱུན་གཟུགས་པོ་ཐང་བོ་ཡིན་པའི་མི་མང་པོར་ཤེས་མེད་ཚོར་མེད་ཐོག་ན་ཚ་འདི་ཡོད་པ་རྙེད་དེ་སྨན་དང་ནད་གསོའོ་ཐབས་ལ་བརྟེན་དགོས་བྱུང་ཡོད། ན་ཚ་འདིའི་རིགས་ཡོད་མཁན་མང་ཤོས་དེ་བོད་ནས་གསར་དུ་འབྱོར་བ་ཚོ་རེད་འདུག ད་ལོར་མཚོན་ན་གཟུགས་པོར་བརྟག་དཔྱད་བྱེད་པར་ཆ་ཤས་ལེན་མཁན་རྒྱ་གར་ཡུལ་མི་དང༌། ཀང་ར་རྫོང་དཔོན། བཙན་བྱོལ་བོད་གཞུང་གི་ཆེས་མཐོའི་ཁྲིམས་ཞིབ་པ་དང་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ། གཞན་ཡང་གངས་སྐྱིད་ཀྱི་གཞུང་ཞབས་ལས་བྱེད་རྣམས་བཅས་ཕེབས་ཡོད། ཅེས་འགྲེལ་བརྗོད་གནང་སོང་།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

2 thoughts on “སྙིང་ཁམས་བརྟག་དཔྱད།

  1. ཡིག་ཆ་དེ་གཉིས་གཤམ་གསལ་ལྟར་ཏེ། དོན་ལོག་བྱུང་ན་དབྱིན་ཡིག་རྩ་འཛིན་བྱེད་དགོས།

    ༡ རྒྱལ་སྤྱིའི་དཔལ་འབྱོར། སྤྱི་ཚོགས་དང་ཤེས་རིག་ཐོབ་ཐང་སྤྱི་ཆིངས། ༼International Covenant on Economic, Social and Cultural Rights༽
    Part 1 (Article 1) recognises the right of all peoples to self-determination, including the right to “freely determine their political status”,[8] pursue their economic, social and cultural goals, and manage and dispose of their own resources. It recognises a negative right of a people not to be deprived of its means of subsistence,[9] and imposes an obligation on those parties still responsible for non-self governing and trust territories (colonies) to encourage and respect their self-determination.[10]

    ༢ རྒྱལ་སྤྱིའི་སྤྱི་འབངས་ཐོབ་ཐང་དང་སྲིད་དོན་ཐོབ་ཐང་སྤྱི་ཆིངས། ༼International Covenant on Civil and Political Rights༽
    Article 1 General comment on its implementation
    1. All peoples have the right of self-determination. By virtue of that right they freely determine their political status and freely pursue their economic, social and cultural development.

    ༼the right of self-determination༽འདིའི་དོན་རང་ཐག་རང་གཅོད་མ་རེད་དམ།

  2. ངས་ཀྱང་བོད་ཕྱི་ནང་གཉིས། ད་ལྟ་དང་མ་འོངས་བཅས་ཀྱི་སྙིང་ཁམས་ལ་བརྟག་དཔྱད་བྱས་པ་ཡིན་ལ། སྙིང་རྩ་འཁྲུག་ཅིང་སྙིང་རླུང་ལ་ཁར་འཕགས། གསོ་ཐབས་སྨན་གྱི་སྦྱོར་བ་གཤམ་གསལ་ཏེ། ཨེམ་རྗེ་ལོང་བ་དག་གིས་འགྲུབ་མ་ཡིན།

    ༡ བཀའ་ཁྲིས་དབུ་མའི་ལམ་གྱི་རྩ་འཛིན་གྲོས་ཆོད་ནུས་མེད་དུ་གྱུར་ཚུལ་དང་མི་རིགས་ས་གནས་རང་སྐྱོང་ལག་ལེན་དུ་འཁེལ་ཐུབ་པའི་གདེངས་ཚོད་བཤད་ཐུབ་ཀྱི་ཡོད་དམ།
    ༢ ཏཱ་ལའི་བླ་མས་དབུ་མའི་ལམ་གྱི་མཐའ་ཐུག་གི་ཐག་གཅོད་མི་མང་ལ་ཡོད་ཅེས་པ་ནི་༼རང་ཐག་རང་གཅོད་༽ཆགས་ཀྱི་ཡོད་དམ། རང་ཐག་རང་གཅོད་ལ་དགེ་མཚན་གསུམ་ཡོད།
    ༼༡༽པེ་ཅིང་གིས་རང་ཐག་རང་གཅོད་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་ཡིག་ཆ་གཉིས་མིང་རྟགས་བཀོད་ཡོད་པས། འདི་བོད་མིས་ཁྲིམས་ལུགས་ཀྱི་རྒྱབ་བརྟེན་དུ་བཟུང་ཆོག་པར་མ་ཟད། པེ་ཅིང་གིས་ཀྱང་དེར་ཞཱ་མོ་གང་བྱུང་འདི་བྱུང་དུ་གཡོགས་ཐུབ་ཀྱི་མེད།
    ༼༢༽ པེ་ཅིང་གིས་རང་ཐག་རང་གཅོད་ངོས་ལེན་ཡོད་པའི་རྒྱལ་སྤྱིའི་ཡིག་ཆ་གཉིས་མིང་རྟགས་བཀོད་ཡོད་པའི་ཆ་ནས་རྒྱལ་སྤྱིའི་སྤྱི་ཚོགས་ལ་པེ་ཅིང་གིས་ཁྲིམས་སྲོལ་དེ་རིགས་ལག་ལེན་དོན་འཁྱོལ་ཡོང་བར་བསྐུལ་འདེད་བྱེད་པའི་འོས་འགན་ཡོད་ལ། ཁ་གཡར་སའང་གཙོ་བོ་ཞིག་ཆགས་ཡོད།
    ༼༣༽ ལམ་ཁ་འདི་གདམ་པ་ཡིན་ན། ད་ལྟའི་བོད་མིས་མ་འོངས་པའི་མི་རབས་ཀྱི་ལམ་ཁ་འགག་ཏུ་བཅུག་མེད། དེ་ལས་ལྡོག་ན། མ་འོངས་མི་རབས་ལ་ནུས་པ་ཡོད་ཀྱང་གཞི་འཛིན་ས་འཆོལ་ཟིན་པའི་དཀའ་ངལ་ཡོང་གི་ཡོད།
    ༣ སྐུ་ཚབ་ཚོགས་པ་ཤར་རྒྱག་ཏུ་ཐའི་ཝན་ནང་བཞིན་༼སྐམ་ས་ཚོགས་པ༽ལྟ་བུའི་ངོ་བོར་བསྒྱུར་རན་ནམ།

    ད་ཤོད་ཡཱ་སྨྱུག་འཛིན་པ་ཚོ། པཱ་ལེ་བ་ལ་གནང་དོགས་མེད།