བོད་མའི་འཚོ་བ་བརླག་སོང་བ་ལྟ་བུར་མཐོང་གི་འདུག

སྤྱིར་བལ་ཡུལ་བོད་མི་ཚོ་ཧ་ཅང་གི་དཀའ་ངལ་ཆེན་པོ་རེད། གང་ཡིན་ཟེར་ན། བལ་ཡུལ་གྱི་ཆབ་སྲིད་གནས་སྟངས་ལྷིང་འཇགས་མིན་པའི་རྐྱེན་གྱིས་བལ་ཡུལ་བོད་མའི་འཚོ་བ་ཕལ་ཆེར་བརླག་སོང་བ་ལྟ་བུའི་རྣམ་པ་མཐོང་གི་འདུག  བལ་ཡུལ་བོད་མིའི་འཚོ་བ་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ཙམ་ལ་བརྟེན་ཡོད་པ་དང༌། ཆབ་སྲིད་གནས་སྟངས་དེ་ཛ་དྲག་ཡིན་པ་སོགས་ལ་བརྟེན། འཚོ་བ་སོགས་གང་ཅིའི་ཐད་དཀའ་ངལ་འཕྲད་ཀྱིན་འདུག

 

ཕྱི་ཟླ་ ༡༠ བའི་ཚེས་ ༥ ཉིན་བོད་གཞུང་འཕྲོད་བསྟེན་བཀའ་བློན་དཔལ་འབྱོར་ཚེ་རིང་མཆོག་དང་ཕྱག་རོགས་ཟུང་དྲུང་ཚེ་རིང་དབྱངས་སྐྱིད་རྣམ་གཉིས་བལ་ཡུལ་ཏུ་འཕྲོད་བསྟེན་དང་འབྲེལ་བའི་གཞུང་འབྲེལ་མི་སྣ་དང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། དེ་མིན་མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་བདེ་དོན་ལས་ཁུངས། འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་བཅས་ལ་ཐུགས་འཕྲད་གནང་ཡོད་སྟབས། ཕྱི་ཟླ་ ༡༡ པའི་ཚེས་ ༤ ཉིན་འདི་གའི་གསར་འགོད་པ་ཆེད་དུ་ཐེངས་འདིའི་ཁོང་གི་ཕྱོགས་ཕེབས་ཐད་བཀའ་འདྲི་ཞུས་སྐབས། ཁོང་གིས་བརྗོད་རྒྱུར། ང་རང་འཕྲོད་བསྟེན་བཀའ་བློན་ཡིན་པའི་ཆ་ནས་གཙོ་བོ་འཕྲོད་བསྟེན་ཕྱོགས་ནས་མི་མང་ལ་སློབ་གསོ་ལམ་སྟོན་ཆེད་ཕྱིན་པ་ཡིན་ལ། དེ་དང་ཆབས་ཅིག་བར་ལམ་ངྷ་ས་བཞུགས་སྒར་ནས་བལ་ཡུལ་བོད་མི་ཚོར་མཚམས་གཟིགས་མ་བྱུང་བར་རྒྱུན་རིང་ཞིག་འགྲོ་བཞིན་ཡོད་སྟབས། ཐེངས་འདིར་ང་རང་ཕྱིན་པ་ཡིན།

ད་རེས་བལ་ཡུལ་གཞུང་འབྲེལ་མི་སྣ་དང༌། ཆབ་སྲིད་ཚོགས་པ་ཚང་མས་གྲོས་ཚོགས་ཀྱི་འཐུས་མི། བལ་ཡུལ་རྩ་ཁྲིམས་ཚོགས་ཆུང་གི་ཚོགས་མི་སོགས་གནད་ཡོད་མི་སྣ་གང་འཚམ་ཞིག་ལ་མཇལ་འཕྲད་བྱུང་སོང༌། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བདེ་དོན་ལས་ཁུངས། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚོགས་ཆུང་དང་གཞུང་ཚབ་ཁག་ཅིག་བཅས་ལ་འབྲེལ་བ་བྱུང༌། ང་རང་འགྲོ་དོན་གཙོ་བོ་འཕྲོད་བསྟེན་གྱི་ཕྱོགས་ནས་ཡིན་སྟབས། བལ་ཡུལ་གཞུང་འབྲེལ་མི་སྣ་དང་མཉམ་དུ་ཆབ་སྲིད་དང་འབྲེལ་བའི་བཀའ་མོལ་དམིགས་བསལ་གནང་མེད། ཡིན་ན་ཡང༌། བལ་ཡུལ་བོད་མིའི་ད་ལྟའི་དཀའ་ངལ་སེལ་ཐབས་དང་འཕྲོད་བསྟེན་ཐོག་ལ་བཀའ་མོལ་བྱུང༌། ཐེངས་འདིར་ང་རང་བོད་གཞུང་གི་གཞུང་འབྲེལ་གྱི་ངོས་ནས་སོང་བ་ཡིན་ནའང༌། བལ་ཡུལ་གཞུང་ངོས་ནས་གཞུང་འབྲེལ་ཆགས་ཡོད་པ་མ་རེད།

ལོ་འདིའི་གསུམ་པའི་དོན་རྐྱེན་ནས་བལ་ཡུལ་དུ་བོད་མི་བརྒྱ་ལྷག་འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང༌། ཁོང་ཚོ་ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐྱབས་བཅོལ་བདེ་དོན་ལས་ཁུངས་ཀྱི་ལྟ་རྟོག་འོག་བདེ་འཇགས་ལ་ཉེན་ཁ་གང་ཡང་མི་འདུག ད་ལྟ་ཁོ་རང་ཚོ་རེ་རེ་བཞིན་ནང་ཁུལ་ལོ་རྒྱུས་ཞིབ་འཇུག་བྱེད་བཞིན་ཡོད་སྟབས་དུས་ཚོད་ཅུང་འགོར་འགྱངས་ཡོད་པ་འདྲ། ཁོང་ཚོ་བཟང་ཕྱོགས་ཀྱི་ཐག་གཅོད་མ་བྱུང་བར་ངོ་རྒོལ་ནང་མ་ཚུད་པ་བྱ་རྒྱུ་གལ་ཆེན་པོ་རེད། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཀྱིས་ལོ་འདིར་ང་ཚོར་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་ཡོད། ཁོང་ཚོས་བལ་ཡུལ་དུ་བཙོན་འཇུག་བྱས་ཡོད་པའི་བོད་མི་དེ་དག་ལམ་སང་གློད་གྲོལ་ཐོབ་ཐབས་ལ་ཐུགས་ཁུར་ཆེན་པོ་བཞེས་ཡོད། ད་ལྟའི་བར་ཕྱག་ལས་ཡག་པོ་གནང་སོང་ལ། མ་འོངས་མུ་མཐུད་འདིའི་སྒང་ལ་སྲུང་སྐྱོབ་ཡག་པོ་གནང་རོགས་ཅེས་བརྗོད་ཡོད། དེ་དང་ཆབས་ཅིག་བལ་ཡུལ་གཞུང་དང་རྒྱལ་སྤྱིའི་སྐྱབས་བཅོལ་བདེ་དོན་ལས་ཁུངས་སོགས་ལ་བོད་རིགས་གཞོན་སྐྱེས་ལག་འཁྱེར་མེད་བསྡད་མཁན་རིགས་ལ་དགོངས་པ་བཞེས་རོགས་ཞེས་བཤད་ཡོད།

སྤྱིར་བལ་ཡུལ་བོད་མི་ཚོ་ཧ་ཅང་གི་དཀའ་ངལ་ཆེན་པོ་རེད། གང་ཡིན་ཟེར་ན། བལ་ཡུལ་གྱི་ཆབ་སྲིད་གནས་སྟངས་ལྷིང་འཇགས་མིན་པའི་རྐྱེན་གྱིས་བལ་ཡུལ་བོད་མའི་འཚོ་བ་ཕལ་ཆེར་བརླག་སོང་བ་ལྟ་བུའི་རྣམ་པ་མཐོང་གི་འདུག  བལ་ཡུལ་བོད་མིའི་འཚོ་བ་ཡུལ་སྐོར་སྤྲོ་འཆམ་གྱི་ཚོང་ལས་ཙམ་ལ་བརྟེན་ཡོད་པ་དང༌། ཆབ་སྲིད་གནས་སྟངས་དེ་ཛ་དྲག་ཡིན་པ་སོགས་ལ་བརྟེན། འཚོ་བ་སོགས་གང་ཅིའི་ཐད་དཀའ་ངལ་འཕྲད་ཀྱིན་འདུག

ད་ལྟའི་བལ་ཡུལ་སྲིད་གཞུང་དེ་རྩ་ཁྲིམས་གསར་བཟོ་སྲིད་གཞུང་ཡིན་འདུག་ལ། རྩ་བའི་དམར་ཤོག་གིས་སྣེ་ཁྲིད་པའི་གཞུང་ཡིན་ནའང་གཞུང་གི་ལས་འགན་གཙོ་བོ་དེ་རྩ་ཁྲིམས་གསར་བ་གཏན་འབེབས་དང༌། རྩ་ཁྲིམས་གསར་བཟོ་མ་གཏོགས། གཞུང་གསར་བ་གཏན་འབེབས་བྱ་རྒྱུའི་ཐོབ་ཐང་དང་ཆ་རྐྱེན་མི་འདུག  སྲིད་གཞུང་དེ་རྒྱལ་བོ་མེད་པའི་སྲིད་གཞུང་ཞིག་ཆགས་བསྡད་ཡོད། ད་ལྟའི་ཆར་རྒྱ་གར་ནག་གཉིས་མཚོན་པའི་ཁྱིམ་མཚེས་རྒྱལ་ཁབ་གཞན་ལ་ཉེ་རིང་གི་བསམ་བློ་མེད་པའི་ཐོག་ནང་ཁུལ་གྱི་ལངས་ཕྱོགས་དང་མ་འོངས་པའི་མདུན་ལམ། མ་འོངས་འཛིན་སྐྱོང་རྩ་ཁྲིམས་བཟོ་ཕྱོགས་ཐད་ལས་འགན་བཞེས་ཀྱིན་འདུག  ཡིན་ནའང༌། ང་རང་ངོས་ནས་བལ་ཡུལ་གཞུང་འབྲེལ་མི་སྣར་ད་ལྟའི་བལ་ཡུལ་བོད་མིའི་དཀའ་ངལ་ལ་ཐུགས་འགན་བཞེས་རྒྱུ་དང༌། ཆབ་སྲིད་ཀྱི་ཐད་ནས་༧གོང་ས་མཆོག་གི་ལམ་དབུ་མའི་དགོངས་དོན་རྒྱ་ནག་དང་འབྲེལ་མཐུད་ཐེངས་བདུན་བྱུང་སྐོར་འབྲེལ་བརྗོད་ཞུས་ཡོད། ཅེས་བརྗོད་སོང་ལ། གཞན། ཚགས་པར་འདི་བརྒྱུད་ནས་བོད་མི་ཡོངས་ལ་ཞུ་རྒྱུ་ཞིག་ལ། དེང་གི་བཅོས་ཐབས་དཀའ་བའི་རེག་དུག HIVAIDS   གི་ན་ཚ་སྔོན་འགོག་ཐད་དོ་སྣང་དང་སེམས་ཁུར་མ་བྱས་ན་སྤྱི་ཚོགས་གུ་ཡངས་ཀྱིས་གནས་བབ་འོག མི་རིགས་ལ་ཉེན་ཁ་ཆེན་པོ་ཡོང་བའི་གཞི་རྩ་ཞིག་ཆགས་འདུག དེར་བརྟེན། མི་མང་ཚང་མས་དོ་སྣང་ཆེན་པོས་ན་ཚ་འདིའི་ཡོང་རྐྱེན་དང༌། འགོག་ཐབས། ན་ཚ་དེ་ཕོག་ཟིན་པའི་མི་ལ་མཐོང་ཆུང་སོགས་མི་བྱེད་པར་ང་ཚོའི་འཕྲོད་བསྟེན་ལས་ཁུངས་ལ་འཕྱར་བ་གྲུ་འདེགས་བྱ་དགོས་པ་རེད། ཅེས་བརྗོད་སོང༌།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply