རྒྱ་རིགས་ཁྲིམས་རྩོད་པའི་རྒྱབ་སྐྱོར།

རྒྱ་ནག་གི་ཁྲིམས་རྩོད་པ་ཞིག་གིས་འགྲོ་བ་མིའི་ཐོབ་ཐང་རྩ་བར་བཞག་ནས་༧གོང་ས་མཆོག་གིས་རྒྱ་ནག་ལ་བཏོན་པའི་རང་སྲིད་རང་སྐྱོང་དང་བོད་རྒྱ་གཉིས་ཕན་གྱི་དགོངས་དོན་རླབས་ཆེན་ཞིག་བཟུང་ཡོད་པར་རྒྱབ་སྐྱོར་གནང་ཡོད་འདུག

གནས་ཚུལ་སྤེལ་བ་ལྟར་ན། པེ་ཅིན་དུ་རྟེན་གཞི་བྱས་ཡོད་པའི་རྒྱ་རིགས་ཁྲིམས་རྩོད་པ་ཀྲུའུ་ཅོའུ་ཧོ་ཡི་ངོ་ཚབ་པ་རྒྱ་ནག་གི་རྩོམ་པ་པོ་ཁྲིན་ཏོ་ཅོན་གྱིས་གསར་ལམ་ཁག་ལ།  ཀྲུའུ་ཅོའུ་ཧོ་ཡིས་༧གོང་ས་མཆོག་གིས་རྒྱ་ནག་སྲིད་འཛིན་དང་རྒྱ་ནག་མི་མང་ལ་ད་ལོའི་སྤྱི་ཟླ་ ༣ ཚེས་ ༢༨ ཉིན་སྤྲིངས་པའི་ཕྱག་འཕྲིན་དེ་ལས་༧གོང་ས་མཆོག་གིས་བོད་ལ་རང་སྲིད་རང་སྐྱོང་གི་རེ་འདུན་འདོན་བཞིན་པ་ལས། བོད་འདི་རྒྱ་ནག་དང་གཏན་དུ་ཁ་བྲལ་རྒྱུ་ཡིན་པའི་རེ་འདུན་འདོན་གི་མེད་པ་ཧ་ཅང་གསལ་བོ་ཡིན་པར་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ཅེས་འགྲེལ་བརྗོད་བྱས ཡོད་འདུག  ཁྲིམས་རྩོད་པ་ཁོང་གིས་༧གོང་ས་མཆོག་ལ་རྒྱབ་སྐྱོར་བྱེད་དོན་གཞན་ཞིག་ནི་བོད་ཀྱི་ནང་བསྟན་ཆོས་ལུགས་ལས་སྐྱེད་པའི་སེམས་ཁམས་དང༌།   སྐད་ཡིག  གོམས་གཤིས། ད་དུང་བོད་ནི་ཨེ་ཤ་ཡའི་ཆུ་བོའི་མགོ་ཁུངས་ཡིན་པས་འདི་དག་སྲུང་སྐྱོབ་བྱ་སླད་ཀྱིས་རེད་འདུག་ལ།  ཁྲིམས་རྩོད་པ་ཀྲུའུ་ཅོའུ་ཧོ་ཡིས་གོང་གི་རྩ་ཆེའི་སྐྱེས་ཁམས་དེ་དག་ལ་སྲུང་སྐྱོབ་ཡོང་རྒྱུ་མངོན་འགྱུར་བྱ་དགོས་ན་ཀྲུང་གོས་ཏཱ་ལའི་བླ་མས་བཏོན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྒྲོམ་གཞིའི་འོག་ནས་བོད་ལ་རང་སྲིད་རང་སྐྱོང་གི་གནས་བབ་སྤྲོད་དགོས་ཀྱིན་འདུག་ཅེས་གསུངས་ཡོད་འདུག་ལ།  ཁོང་གིས་ཏཱ་ལའི་བླ་མའི་དོན་སྙིང་ལྡན་པའི་དགོངས་དོན་དང༌། རྒྱ་ནག་གི་འོག་ནས་མི་རིགས་ས་གནས་རང་སྐྱོང་གི་རེ་འདུན་བཏོན་པ་འདི་རྒྱ་ནག་གི་ཏིན་ཞོ་ཕེན་ཆབ་སྲིད་ལམ་ལུགས་འོག་གི་གྲངས་ཉུང་མི་རིགས་ཚང་མར་མི་རིགས་ས་གནས་རང་སྐྱོང་གི་ཁེ་དབང་ཡོད་པ་དང་མཐུན་པོ་ཡོད་ཅེས་ཀྱང་གསུངས་ཡོད་འདུག 

རྒྱ་ནག་སྲིད་གཞུང་གིས་ཏཱ་ལའི་བླ་མར་སྐྱོན་བརྗོད་དང༌།  ད་ལོའི་སྤྱི་ཟླ་ ༣ པའི་ནང་བོད་མི་ཚོས་ཞི་བའི་གྱེན་ལངས་བྱས་སྐབས།  ཀྲུའུ་ཅོའུ་ཧོ་ཡིས་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་མང་པོས་༧གོང་ས་མཆོག་གིས་བོད་ལ་རང་བཙན་མིན་པའི་རང་སྲིད་རང་སྐྱོང་གི་དགོས་འདུན་བཏོན་པར་རྒྱབ་སྐྱོར་ཐོབ་ཡོད་པ་རེད་ཅེས་ཀྱང་གསུངས་འདུག  རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པར་འཛིན་མཁན་གྱི་རྩོམ་པ་པོ་ཁྲིན་ཏོ་ཅོན་གྱིས་ཁྲིམས་རྩོད་པ་ཀྲུའུ་ཅོའུ་ཧོ་ཡིས་ཏཱ་ལའི་བླ་མར་རྒྱབ་སྐྱོར་གནང་བ་དེ་རྒྱ་ནག་རྒྱལ་ཡོངས་ལ་གསལ་བསྒྲགས་བྱས་ཡོད་པ་རེད།
དེསྔོན་རྒྱ་རིགས་ཤེས་ཡོན་པ་དང༌།  ཁྲིམས་རྩོད་པ་དེ་ཚོས་བོད་ཀྱི་རང་སྲིད་རང་སྐྱོང་ལ་རྒྱབ་སྐྱོར་ཐོག་བོད་ཀྱི་གནད་དོན་འདི་བོད་རྒྱ་ཞི་མོལ་གྱི་ལམ་ནས་སེལ་བར་རེ་སྐུལ་ཞུས་ཡོད་པ་རེད།
ཁྲིམས་རྩོད་པ་ཀྲུའུ་ཅོའུ་ཧོ་ནི་དེ་སྔོན་རྒྱ་རིགས་འགྲོ་བ་མིའི་་ཐོབ་ཐང་འཐབ་རྩོད་པ་ཞིག་ཡིན་ལ།   ལོ་ ༥ ལ་ཁྲིམས་ཁང་དུ་བཞུགས་མྱོང་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “རྒྱ་རིགས་ཁྲིམས་རྩོད་པའི་རྒྱབ་སྐྱོར།

  1. གངས་སྤྲེལ་ཚ།

    སྐུ་ཞབས་གནས་ཚང་ལགས། ངོ་མ་གནས་ཚང་འཆའི་མི་ཞིག་ཡིན་པ་འདྲ། གོང་གི་བསམ་འཆར་ནང་དོན་གསལ་བཤད་བྱེད་དགོས། དེང་དུས་ཀྱི་སྤྱི་ཚོགས་ཁྲོད་མི་རིགས་སྣ་དགུ་ཞིག་དང་དོན་དངོས་ནས་དངུལ་སྒོར་ཁོ་ན་ལ་དགའ་བའི་རང་རེའི་མང་པོ་ཞིག་ཡོད་ཚོད་གདའ།

  2. སྐུ་ཞབས་རྒྱ་མི་ལགས། ཐུགས་རྗར་ཆེ། ཡིན་ནའང་། ཁྱོད་རང་ནོར་སོང་། བོད་མི་བཙན་བྱོལ་བར་དངུལ་དངོས་མ་གཏོགས་ཅི་ཡང་མི་དགོས།

    བོད་དོན་གསེར་ལས་རིན་ཆེ་བ།
    བླུན་པོ་ཁྱུ་ཡིས་ཟོས་ལ་ལྟོས།