ནག་ཚང་ཞི་ལུའི་སྐྱིད་སྡུག

ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞི་ཁང་གི་གི་སྒྲིག་འོག སྤྱི་ལོ་ ༢༠༠༨ ཟླ་ ༡༢ ཚེས་ ༨ ཉིན་ནག་ཚང་ཞི་ལུའི་སྐྱིད་སྡུག ཅེས་བའི་དཔེ་དེབ་དེ་སྐུ་མགྲོན་གཙོ་བོ་བོད་གཞུང་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས་དབུ་འབྱེད་གནང་ཡོད། ནག་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དཔེ་དེབ་འདི་ནི། ལེའུ་ ༦ དང་ཤོག་ངོས་ ༤༧༤ ལས་གྲུབ་པའི་སྐྱོ་སྣང་རང་བཞིན་གྱི་དངོས་བྱུང་གཏམ་བརྒྱུད་ཅིག་ཡིན་ཞིང༌། རྩོམ་པ་པོ་ནག་ཚང་ནུས་བློའི་མི་ཚེ་སྟོད་ཀྱི་དཀའ་སྡུག་གི་འཚོ་བའི་འཕེལ་རིམ་ཁྲོད་ནས། སྐབས་དེའི་བོད་པའི་སྤྱི་ཚོགས་འཚོ་བའི་དར་རྒུད་དང་རང་བྱུང་ཁོར་ཡུག་གི་ཆག་འཇུག རྒྱ་གཞུང་གིས་ཡ་ང་བའི་བོད་ཡུལ་བཙན་འཛུལ་དང༌། དམག་དཔུང་གིས་ཡིད་སྐྱོ་བའི་བོད་མི་དམར་གསོད་སོགས་ཀྱི་ཁྲག་རི་མོ་གསལ་བར་བྱས་ཡོད། ཐོག་མར་དཔེ་དེབ་འདི་ ༢༠༠༦ ལོར་བོད་ནང་ནས་བསྟུད་མུར་ཐེངས་གསུམ་ལ་དཔར་སྐྲུན་འགྲེམས་སྤེལ་བྱས་ཏེ། བོད་ཡུལ་མདོ་དབུས་ཁམས་གསུམ་གྱི་ཀློག་པ་པོ་ཡོངས་ཀྱིས་དགའ་བསུ་དང་སྔགས་བརྗོད་བླ་མེད་ཐོབ་སྟེ། བྱེས་ཡུལ་བོད་རིགས་སྤུན་ཟླ་ཚོས་ཀྱང་ཀློག་འདོད་སྐོམ་པ་ཆུ་འདོད་ལྟར་བྱུང་བ་དང༌། ལྷག་པར་དུ་དཔེ་དེབ་འདིར་བཀོད་པའི་གནས་ཚུལ་མཐའ་དག་རྒྱ་ནག་གིས་ཁྲིམས་ཐོག་ནས་ངོས་ལེན་བྱས་ཏེ། འབྱུང་འགྱུར་གྱི་མི་རབས་ལ་ལོ་རྒྱུས་ཀྱི་དཔང་བོ་ཞིག་ཆགས་ཡོད་སྟབས། ཐེངས་འདིར་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་ཕལ་སྐད་ནས་སྤྱི་སྐད་དམ་ཡིག་སྐད་སྟེང་ཕབ་སྒྱུར་གྱིས་དཔར་འགྲེམས་བྱས་ཡོད།

 

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply