བོད་ཡིག་གི་ཇུས་འགོད།

སྨོན་ལམ་བོད་ཡིག་གསུམ་པ་དེ་ད་ཆར་ indesign ནང་ཇུས་འགོད་བྱེད་པར་དཀའ་ངལ་མེད་པ་བཟོས་འདུག

བོད་ཡིག་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་དུ་བསྒྱུར་བ་ནས་བཟུང་དྲ་རྒྱ་དང་འཕྲིན་ཡིག་བཅས་ཀྱི་ཕྱོགས་ནས་སྟབས་བདེ་རུ་ཕྱིན་ཡོད་ནའང་། ཨ་ཌོབ་བྷེ་ Adobe ནང་དུ་དེབ་དང་གསར་ཤོག་ཇུས་འགོད་བྱེད་པར་དཀའ་རྙོག་ཅིག་འཕྲད་ཡོད། འོན་ཀྱང་ད་ཆར་སྐུ་ཞབས་སྨོན་ལམ་ལགས་ཀྱིས་སྨོན་ལམ་ཡིག་གཟུགས་གསུམ་པ་དེ་ indesign ནང་སྟབས་བདེའི་ཇུས་འགོད་བྱེད་ཐུབ་པ་བཟོས་འདུག

ཉེ་ལམ་སྐུ་ཞབས་སྨོན་ལམ་ལགས་བཞུགས་སྒར་ངྷ་སར་ཕེབས་སྐབས་རྒྱལ་སྤྱིའི་གཅིག་གྱུར་ཨང་རྟགས་ཅན་གྱི་བོད་ཡིག་དེ་ indesign ནང་ཇུས་འགོད་བྱེད་ཐབས་ལས་འཕྲོས་པའི་གླེང་མོལ་བྱུང་ཞིང་། སྐབས་དེར་ཁོང་གིས་འདིའི་ཐད་ཐབས་ཤེས་འཐེན་བཞིན་ཡོད་ཅེས་གསུངས་བྱུང་། ཕྱི་ཚེས་ ༣ ཉིན་སྐུ་ཞབས་སྨོན་ལམ་ལགས་ཀྱིས་འདི་གར་འགྲེལ་བརྗོད་གནང་དོན། ཁོང་གིས་སྨོན་ལམ་བོད་ཡིག་གསུམ་པ་དེ་ indesign ནང་ཇུས་འགོད་བྱེད་པར་དཀའ་ངལ་མེད་པ་བཟོས་ཚར་འདུག་ལ། ཁོང་གིས་མུ་མཐུད་ནས་ indesign ཇུས་འགོད་ཀྱི་ལག་དེབ་དེའང་དབྱིན་ཡིག་ནས་བོད་ཡིག་གི་ནང་དུ་བསྒྱུར་བར་ཐབས་ཤེས་འཐེན་བཞིན་ཡོད་ཅེས་གསུངས་སོང་།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “བོད་ཡིག་གི་ཇུས་འགོད།

  1. ᪸ᨕ᪄་᫞᪱་ᨹᨑ᫥་᪠ᨕ᩶་᫗ᨑᨵ་ᨵ᫦᪱་᪍་᩶ᩏ་᪠ᫍᨑ་᪍་᪠ᩂ་᪍་᫥ᨕᨵ᫥་᪱ᩏ་᪍ᨕ་ᨵ་᫄ᨕ᩶་᪠᫐ᨕ᫥་᨜ᩏ་᫗ᨵ་᪍ᨕ་᪱་᫙ᨓ᩶་᫞᪠་᫗ᨵ་᪱ᨓ᩶ᨎ ᫕ᨕ᪄་᨜ᩏ་ᨵ᫥᫙་᪍་᪱ᩏ་᪍ᨕ་᪠᫐ᨕ᫥་᪍་᫞᫥་᪙᪄་ᩲᨕᨵ᫥་᪍ᨕ་ᨵᩖᨑᨵ་᪤ᩏ་᪄་᫗ᨵ་᪍ᨕ་᫕᩹ᨵ ᩶᪍ᨓ་ᩚ་᪠ᫍᨵ་᪄་ mac, windows and linux ᪱ᨓᨵ་᩶ᩏ་᪠ᨑ᪄་᩼ᨕ་ᨵᩡᨑ᫥་ᨙ་᪄ᩏ་᪠ᨓ᩶་᪏᩶་ᩴ᪠་᪍ᨎ ᫱ᨵ་᪍᫙་᩼་᫄ᨑᨵ᫥་ᩲᨕᨵ་᫗ᨕᩏ་᪠ᨎ ᩶ᨵᨕ᫥་ᩏᨓ᫥་᨜ᨑ་᪠ᨕ᩶་᫗ᨑᨵ་ᩚ་᫄ᩏ་᪠ᨎ ᪸ᨕ᪄་᫞᪱་᫗ᨑ་ᨵᨓ་ᩥᨑᩏ་᪍᫕ᨑ་᪄ᩏ་ᩆᨕ་ᨱᨑ᪱་ᩖ᪄་ᩚ᩶་᪍་ᩰ་᪢་᪱ᨑ᪄་᪍ᨎ ᩔᨵ᫥་᫗ᨑᨵ་᫄ᩏ་᪱་᪠᫪ᨓ᪠᫥་᪍་ᫍᨑᨵ་᪤ᩏ་᪄་᫗ᨵ་᪍ᨕ་᫕᩹ᨵ ᩔᨵ᫥་᫗ᨑᨵ་᪱་᫗ᨕᩏ་᪠᫕ᨑ་ᨤᨓ᪄་ᨹᨑ᫥་᩶་ᩮ᫕ᨑ་᫕ᩚ᫙་᫗ᩏ་᩶᪍ᨓ་᪱᫇ᨕ᩶་ᨮ་᫡ᨓ᫥་᪄ᩏ་windows 98 ᪄ᩏ་doongle᪠ᨓ᩶་᪏ᨓ᩶་᪄᫥་tb youtso ᪠ᨓ᩶་᪏ᨓ᩶་᪣ᨓ᩶་᨜ᨑ་᫕᩹ᨵ