འབའ་ཐང་གི་ལོ་རྒྱུས།

ཁམས་འབའ་ཐང་གི་ཕྱིའི་སྣོད་བཅུད་ཀྱི་བཀོད་པ་དང་ནང་སེམས་ཅན་གྱི་བྱུང་བ། དགོན་སྡེ་རེ་རེ་བཏབས་ཚུལ་དང་མི་སྡེ་རེ་རེ་ཆགས་ཚུལ། མཁས་གྲུབ་རེ་རེའི་རྟོག་བརྗོད་དང་དཔའ་མཛངས་རེ་རེའི་རྣམ་ཐར། དེ་བཞིན། འཚོ་བའི་འཕེལ་འགྲིབ་དང་ཡུལ་གོམས་གཤིས་ལུགས་གསལ་བའི་ལོ་རྒྱུས་ཀྱི་མེ་ལོང་ཆུང་ཆུང་ཞིག་འཐོན་ཡོད། 

 

 

དེ་རིང་ཕྱི་དྲོ་ཆུ་ཚོད་ ༤ སྟེང་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཞུགས་སྒར་མཚན་ཉིད་རིག་ལམ་སློབ་གཉེར་ཁང་གི་སློབ་མ་འབའ་བ་ཡེ་ཤེ་དགའ་བ་ལགས་ཀྱིས་བརྩམས་གནང་མཛད་ཅིང༌། ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གིས་དཔར་སྐྲུན་འགྲེམས་སྤེལ་ཞུས་པའི་དཔེ་དེབ། འབའ་ཐང་གོ་ལོ་རྒྱུས་སྲིད་པ་རྒན་པོའི་ངག་སྒྲོས་སེམས་ཀྱི་ཉི་ཟླ། ཞུ་བ་སྐུ་མགྲོན་གཙོ་བོ་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་ཚོགས་མཆོག་གིས་དབུ་འབྱེད་གནང་ཡོད།

སྐབས་དེར་སྐུ་མགྲོན་གཙོ་བོ་ཆོས་དོན་བཀའ་བློན་ཚེ་རིང་ཕུན་ཚོགས་མཆོག་གིས། དེང་གི་འཛམ་གླིང་ཡོངས་ལ་ཕན་རླབས་ཆེ་བའི་ནང་པ་སངས་རྒྱས་པའི་ཆོས་དེ་བོད་གངས་ཅན་ལྗོངས་སུ་གནས་ཡོད་སྟབས། བོད་ཀྱི་ལོ་རྒྱུས་དེ་གནད་འགག་ཆེན་པོ་ཆགས་ཡོད། རང་དབང་ལུང་པར་ཡོད་པའི་ཤེས་ཡོན་ཅན་ཚོས། བོད་ཀྱི་བྱུང་རབས་ལོ་རྒྱུས་དང་འབྲེལ་བའི་དཔེ་དེབ་གང་མང་འདོན་སྤེལ་བྱ་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་ལ། སྤྱི་འཐུས་བེ་རུ་འཇིགས་མེད་དབང་རྒྱལ་ལགས་ཀྱིས། དཔེ་དེབ་འདིའི་རྩོམ་པ་པོ་འབའ་བ་ཡེ་ཤེས་དགའ་བ་ནི་ཁོང་གི་སློབ་མ་ཡིན་སྟབས། རྩོམ་སྒྲིག་བྱ་བའི་ལས་རིམ་ཁྲོད་ཞུ་དག་དང་བསམ་ཚུལ་འདོན་རྒྱུའི་གོ་སྐབས་ཡང་ཡང་བྱུང༌། སྤྱིར་བོད་ལ་ལོ་ངོ་སྟོང་ཕྲག་མང་པོའི་ལོ་རྒྱུས་ཡོད་ཀྱང་ཡིག་ཐོག་ཏུ་གསལ་བོ་མེད། བྱེ་བྲག་ཁམས་ལུང་པར་དཔོན་མགོ་ཚོ་མགོ་བརྒྱ་ཕྲག་མང་པོ་ཡོད་ཀྱང་ལོ་རྒྱུས་དེབ་ཐེར་དག་ཏུ་མཐོང་དཀའ་སྟབས། གོ་སྐབས་འདི་བརྒྱུད་དེ་ཞུ་རྒྱུ་ཞིག་ལ། མ་འོངས་པར་མཁས་པ་དང་ཉམས་ཞིབ་པ་སུ་རུང༌། སོ་སོའི་ལུང་པ་དེའི་བྱུང་རབས་ལོ་རྒྱུས་གསལ་བོ་བཟོ་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང༌། དེ་བཞིན། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་དང་ཁ་བ་དཀར་པོ་བོད་ཀྱི་རིག་གཞུང་སྲི་ཞུ་ཁང་གི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས། དཔེ་དེབ་རྩོམ་པ་པོ་འབའ་བ་ཡེ་ཤེས་དགའ་བ་བཅས་ཀྱིས་ཀྱང༌། དཔེ་དེབ་དང་འབྲེལ་བའི་གཏམ་བཤད་གནང་སོང༌།

 

 

འབའ་ཐང་གི་ལོ་རྒྱུས་སྲིད་པ་རྒན་པོའི་ངག་སྒྲོས་སེམས་ཀྱི་ཉི་ཟླ། ཞུ་བའི་དཔེ་དེབ་འདིའི་ནང༌། བོད་སྤྱིའི་ལོ་རྒྱུས་རགས་བསྡུས་དང༌། བྱེ་བྲག་ཁམས་ཀྱི་ལོ་རྒྱུས་རགས་བསྡུས། འབའ་ཐང་ས་ཁུལ་གྱི་སྣོད་བཅུད་སྤྱིའི་བཀོད་པ། བྱེ་བྲག་འབའ་ཐང་གི་ཆོས་སྡེ་མི་སྡེ་ཡི་ལོ་རྒྱུས་བྱུང་བ། དུས་འགྱུར་ཆེན་མོའི་སྔ་ཕྱིར་འབའ་ཐང་ས་ཁུལ་གྱིས་རྒྱ་དམག་ལ་འཐབ་རྒོལ་བྱས་ཚུལ་བཅས་དོན་ཚན་ ༧ དང༌། ཤོག་ངོས་ ༣༧༧ ལས་གྲུབ་པའི་ཁམས་འབའ་ཐང་ས་ཁུལ་གྱི་ལོ་རྒྱུས་བྱུང་བ་གསལ་བོར་བཀོད་ཡོད།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

3 thoughts on “འབའ་ཐང་གི་ལོ་རྒྱུས།

  1. དོན་འགྲུབ་བཀྲ་ཤིས།

    ༼ སྐུ་ཞབས་གོང་གུང་དཀར་ངག་རྣམ་ལགས་ཀྱི་དཔྱད་གཏམ་ལ་དོ་དམ་པས་བསྐྱར་སྒྲིག་བྱས། ༽

    འབའ་ཐང་གི་ལོ་རྒྱུས་ལས་འཕྲོས་པའི་སེམས་ཚོར།
    རིགས་སློབ། གོང་དཀར་ངག་རྣམ།
    ༄༄། །མི་རིགས་དེའི་ལོ་རྒྱུས་ནི་མི་རིགས་དེའི་གྲུབ་ཆ་གལ་ཆེར་གལ་ཆེར་སོང༌། དེའི་སྐྱོ་གར་དང་གཟི་བརྗིད་ཀྱི་སྟོབས་ཤུགས་ཡོད་ཚད་ཀྱང་ལོ་རྒྱུས་ཀྱི་དོན་སྙིང་ལས་ཤེས་དགོས་པ་ནི་ལོ་རྒྱུས་དང་མིའི་བསམ་བློའི་དབར་གྱི་ལྡོག་ཏུ་མེད་པའི་སྣང་ཚུལ་ཞིག་ཡིན། དེ་བས་མི་རིགས་ཤིག་ཐམས་ཅད་ལས་མངོན་པར་རྒྱལ་བར་སྟོབས་ཤུགས་དང༌། རེ་བ། ཐུན་མོང་མིན་པའི་བསམ་བློའི་ལྟ་བ་དགོས་མཁན་སུ་ཞིག་གིས་ཀྱང་ལོ་རྒྱུས་ནི་དེ་དག་གི་འབྱུང་རྩ་གལ་ཆེན་ཞིག་ཏུ་སེམས་དགོས། སྔོན་བྱོན་གྱི་རང་རེའི་མཁས་པ་དེ་ཚོས་ཀྱང་སྣང་ཚུལ་འདི་ཉིད་གནད་འགག་ཏུ་གཟིགས་ནས་ལོ་རྒྱུས་ཀྱི་དེབ་ཐེར་འདི་དག་ང་ཚོར་ཤུལ་བཞག་ཏུ་བཞག་པ་མིན་ནམ། ང་ཚོས་མཐོང་ཆོས་ཀྱི་གནས་ཚུལ་མང་དག་ཅིག་འཚོ་བའི་ཉམས་མྱོང་ནང་ཡོད་མུས་ལ་མ་ལྟོས་པར། དེ་ལ་བསྐྱར་ཞིབ་བམ་སློབ་སྦྱོང་མ་བྱས་ན་དེའི་རྒྱུ་མཚན་ངོ་མ་ར་མ་འཕྲོད་མ་ལྟ་བུར། ལོ་རྒྱུས་ཀྱི་དོན་གནད་ལའང་དེ་ལྟ་བུའི་གནས་སྟངས་བྱུང་ནས་ལོ་རྒྱུས་ཤོད་པའམ་ལོ་རྒྱུས་དེབ་ཐེར་དུ་འགོད་པར་སྣང་མེད་ཀྱི་ངང་ཚུལ་སྐྱེ་བ་ནི་མེས་པོའི་དཀའ་སྤྱད་ལ་བསམ་གཞིགས་ཅི་ཡང་མ་བྱས་པའི་གྱོང་ཁ་ཞིག་དང༌། ཕྱི་རབས་པ་ཚོའི་རེ་འདུན་དང་ཕུགས་བསམ་ལའང་སྔོན་དཔག་མ་བྱས་པའི་འཐུས་ཤོར་ཞིག་ལས་གཞན་གང་ཡང་མིན། ཁྱད་པར་དུ་རང་རེའི་མི་རིགས་འདིར་མཚོན་ན་མ་འོངས་པའི་འཛམ་གླིང་ཁྱོན་ཡོངས་སུ་ཞི་བདེ་དང་རང་དབང་གི་འོད་ཟེར་ཁྱབ་ཏུ་འཇུག་པའི་རིག་པའི་གཞུང་ལུགས་ཚར་དུ་དངར་བ་ཞིག་སྲུང་སྐྱོབ་དང་དར་སྤེལ་གཏོང་མཁན་དུ་སོང༌། ཐུན་མོང་མིན་པའི་འོས་འགན་རླབས་ཆེན་ཞིག་དང་དེ་ཡང་མི་རབས་ཕྱི་མ་དེ་དག་ལ་ཐུག་ཅིང༌། ཁོང་ཚོས་དུས་རབས་དང་སྤྱི་ཚོགས་ཀྱི་འགོག་ཏུ་མེད་པའི་ཡོ་ལང་འོག་རིག་གཞུང་གི་ལྟ་བ་བརྟན་པོ་ཞིག་འཛིན་པར་ཡང་ལོ་རྒྱུས་ཀྱི་གཟི་བརྗིད་དང༌། སྟོབས་ཤུགས་འདི་ཨང་དང་པོར་དགོས་པ་ཡིན། ༼འབའ་ཐང་གི་ལོ་རྒྱུས་སྲིད་པ་རྒན་པོའི་ངག་སྒྲོས་སེམས་ཀྱི་ཉི་ཟླ།༽ཞེས་པ་འདིས་ཀྱང་ལོ་རྒྱུས་ཀྱི་དོན་སྙིང་དེ་དག་ལས་མ་བརྒལ་བར་བདེན་པའི་ཕྱོགས་སུ་ལངས་ཡོད་པའི་འདུ་ཤེས་བསྐྱེད།

  2. གོང་དཀར་ངག་རྣམ།

    ºzº-fP-GÛ-¾ô-MãÅ-¾Å-ºyôÅ-qºÛ-Åï¤Å-±ô¼ü

    ¼ÛGÅ-ÇÀôzü GôP-h;¼-PG-n¤ü
    {{ü ü¤Û-¼ÛGÅ-hïºÛ-¾ô-MãÅ-mÛ-¤Û-¼ÛGÅ-hïºÛ-Iâz-V-G¾-Vï¼-G¾-Vï¼-ÅôP.ü hïºÛ-Bô-G¼-hP-G¸Û-zXÛh-ˆÛ-ÇeôzÅ-ÁÝGÅ-»ôh-±h-ˆP-¾ô-MãÅ-ˆÛ-hôm-ljÛP-¾Å-ÁïÅ-hGôÅ-q-mÛ-¾ô-MãÅ-hP-¤ÛºÛ-zŤ-„ÀôºÛ-hz¼-HÛ-¿kôG-bà-¤ïh-qºÛ-ÇoP-±ß¾-ŸÛG-»Ûmü hï-zÅ-¤Û-¼ÛGÅ-ÁÛG-f¤Å-Th-¾Å-¤Pôm-q¼-M¾-z¼-ÇeôzÅ-ÁÝGÅ-hP-ü ¼ï-zü fÞm-¤ôP-¤Ûm-qºÛ-zŤ-„ÀôºÛ-¿e-z-hGôÅ-¤Dm-ÅÞ-ŸÛG-GÛÅ-ˆP-¾ô-MãÅ-mÛ-hï-hG-GÛ-º‚ãP-¯-G¾-Vïm-ŸÛG-bà-Åï¤Å-hGôÅü ÇSôm-‚ôm-HÛ-¼P-¼ïºÛ-¤DÅ-q-hï-±ôÅ-ˆP-ÇoP-±ß¾-ºhÛ-ZÛh-Gmh-ºGG-bà-G¸ÛGÅ-mÅ-¾ô-MãÅ-ˆÛ-hïz-fï¼-ºhÛ-hG-P-±ô¼-Áݾ-zŸG-bà-zŸG-q-¤Ûm-m¤ü P-±ôÅ-¤fôP-VôÅ-ˆÛ-GmÅ-±ß¾-¤P-hG-TÛG-º±ô-zºÛ-Z¤Å-¥ôP-mP-»ôh-¤ÞÅ-¾-¤-¿eôÅ-q¼ü hï-¾-zB¼-ŸÛz-z¤-ÇÀôz-¢ôP-¤-‚Å-m-hïºÛ-Mã-¤±m-Pô-¤-¼-¤-ºyôh-¤-¿e-zÞ¼ü ¾ô-MãÅ-ˆÛ-hôm-Gmh-¾ºP-hï-¿e-zÞºÛ-GmÅ-ÇePÅ-‚ãP-mÅ-¾ô-MãÅ-Áôh-qº¤-¾ô-MãÅ-hïz-fï¼-hÝ-ºGôh-q¼-ÇoP-¤ïh-ˆÛ-PP-±ß¾-Bï-z-mÛ-¤ïÅ-qôºÛ-h;º-uh-¾-zŤ-GŸÛGÅ-TÛ-»P-¤-‚Å-qºÛ-HôP-D-ŸÛG-hP-ü xÛ-¼zÅ-q-±ôºÛ-¼ï-ºhÝm-hP-wÞGÅ-zŤ-¾ºP-ÇSôm-hqG-¤-‚Å-qºÛ-ºfÞÅ-Áô¼-ŸÛG-¾Å-GŸm-GP-»P-¤Ûmü Eh-q¼-hÝ-¼P-¼ïºÛ-¤Û-¼ÛGÅ-ºhÛ¼-¤±ôm-m-¤-ºôPÅ-qºÛ-º²¤-JÀÛP-Eôm-»ôPÅ-ÅÞ-ŸÛ-zhï-hP-¼P-hzP-GÛ-ºôh-¸ï¼-Ez-bà-ºWâG-qºÛ-¼ÛG-qºÛ-GŸÝP-¾ÞGÅ-±¼-hÝ-hP¼-z-ŸÛG-ÆâP-Bôz-hP-h¼-Çtï¾-GbôP-¤Dm-hÝ-ÅôP-ü fÞm-¤ôP-¤Ûm-qºÛ-ºôÅ-ºGm-½ÀzÅ-Vïm-ŸÛG-hP-hï-»P-¤Û-¼zÅ-xÛ-¤-hï-hG-¾-fÞG-TÛP.ü DôP-±ôÅ-hÝÅ-¼zÅ-hP-uÛ-±ôGÅ-ˆÛ-ºGôG-bà-¤ïh-qºÛ-»ô-¾P-ºôG-¼ÛG-GŸÝP-GÛ-¿e-z-zdm-qô-ŸÛG-º²Ûm-q¼-»P-¾ô-MãÅ-ˆÛ-G¸Û-zXÛh-hP-ü ÇeôzÅ-ÁÝGÅ-ºhÛ-ÍP-hP-qô¼-hGôÅ-q-»Ûmü [ºzº-fP-GÛ-¾ô-MãÅ-ÆÛh-q-Lm-qôºÛ-PG-OôÅ-Åï¤Å-ˆÛ-ZÛ-¹ü]ŸïÅ-q-ºhÛÅ-ˆP-¾ô-MãÅ-ˆÛ-hôm-ljÛP-hï-hG-¾Å-¤-zL¾-z¼-zhïm-qºÛ-xôGÅ-ÅÞ-¾PÅ-»ôh-qºÛ-ºhÝ-ÁïÅ-zBïhü

  3. སྤོབས་པ་མཐའ་ཡས།

    ཨོ་ངོ་སོ་དཀར་པོ་དགུང་ལ་བསྟོད། ག་འདྲ་ཞིག་བྲིས་ཡོད་རུང་མེད་པ་ལས་ཡོད་པ་དྲག་ངེས་རེད། སྤྱིར་བཏང་དེང་སྐབས་རྒད་པོ་རྒན་མོ་ཚོས་རང་གི་མི་ཚེའི་ལོ་རྒྱུས་འདྲ་མང་པོ་འབྲི་བཞིན་འདུག ཡིན་ན་ཡང་དེའི་གྲས་མང་པོ་ཞིག་ནི་རང་རང་གི་མི་ཚེ་ལ་འབྲི་རིན་ཡོད་པ་ཅང་མེད་པའམ་འབྲི་མ་ཤེས་པའི་ཚེ་དེའི་མགོ་ནས་མར་བོད་སྤྱིའི་ལོ་རྒྱུས་འདྲ་བ་དང་ལྷག་པར་དགོན་པའི་གདན་རབས་འདྲ་མང་པོ་བྲིས་ཤིང་དེ་ཚོ་ཚང་མ་རང་གི་མི་ཚེའི་ལོ་རྒྱུས་ནང་དུ་བླུགས་འདུག་པ་མཐོང་བ་དེ་ཚོར་རིན་ཐང་ཆེན་པོ་ཞིག་མི་འདུག མ་གཞི་འབའ་ཐང་འདི་ལོ་རྒྱུས་གནད་ཅན་མང་པོ་བྱུང་ས་ཞིག་ཡིན་འདུག་པས་འབྲི་ཤེས་ན་མང་པོ་འབྲི་རྒྱུ་ཡོད་ངེས་རེད།