སུད་སི་ནས་ལོ་སར་གི་མིན་ཟེར།

སུད་སི་བོད་རིགས་མི་མང་གིས་ནམ་རྒྱུན་ལོ་གསར་ལ་འདུ་འཛོམས་ཀྱིས་སྤྲོ་སྐྱིད་གཏོང་བའི་ལུགས་སྲོལ་ཡོད་ཀྱང་། ད་ལོ་ཆོས་ཕྱོགས་ཀྱི་བྱེད་སྒོ་ཙམ་ལས་སྤྲོ་སྐྱིད་སོགས་མེད་ཟེར།

ཕྱི་ཚེས་ ༡༩ ཉིན་འབྲེལ་ཡོད་མི་སྣས་འདི་གར་བཏང་གནས་ལྟར་ན། སུད་སི་གནས་སྡོད་བོད་མི་རྣམས་ཀྱིས་ནམ་རྒྱུན་ཚོགས་སྐྱིད་ཁག་དང་། ས་གནས་བོད་སློབ་ཁག ས་གནས་ཚོགས་ཆུང་ཁག་བཅས་ནས་ལོ་གསར་གཏོང་སྲོལ་ཡོད་པ་དེ་ལྟར་ཡང་། ལོ་འདིར་རྒྱས་སྤྲོས་བྱ་རྒྱུ་མིན་པ་དང་། ལོ་གསར་སྐབས་ཆོས་ཕྱོགས་དང་འབྲེལ་བའི་གཞིས་ལུས་རྒྱ་ཆེ་མང་ཚོགས་ཀྱི་མཛད་སྤྱོད་ལ་རྗེས་སུ་ཡི་རངས་ཞུ་བ་དང་བཅས་བསམ་དོན་ལྷུན་གྱིས་འགྲུབ་པའི་གསོལ་འདེབས་སྨོན་འདུན་ཞུ་རྒྱུའི་གོ་སྒྲིག་ཞུ་བའི་ལས་རིམ་འཆར་འགོད་གནང་གི་ཡོད་ཅེས་བརྗོད་བྱུང་།

སུད་སི་བོད་རིགས་མི་མང་ནི་བཙན་བྱོལ་བོད་མི་ཚོ་ནུབ་ཕྱོགས་སྤྱི་ཚོགས་སུ་གཞིས་ཆགས་པ་ཐོག་མའི་གྲས་ཡིན་པ་དང་། ད་སྐབས་སུད་སི་བོད་རིགས་མི་མང་གི་མི་འབོར་དེ་ ༣༠༠༠ ལྷག་བརྒལ་ཡོད་སྟབས། ཡུ་རོབ་ནང་གི་བོད་མི་འདུས་སྡོད་ཀྱི་སྤྱི་ཚོགས་ཆེ་ཤོས་དེ་ཆགས་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

One thought on “སུད་སི་ནས་ལོ་སར་གི་མིན་ཟེར།

  1. སུད་སི་དང་ཕ་རན་སི།
    ཇར་མན་གྱི་མི་མང་སོགས་གང་ན་སུ་མཆིས་ཀྱི་བོད་རིགས་བསམ་ཡོད་ཅན་རྣམས་ལ་འཚམས་འདྲི་ཞུ།
    ཁྱེད་རྣམས་ཀྱིས་མ་སྐུལ་དང་བླང་གི་སྒོ་ནས་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཁྲོད་ལ་ཟིན་ཐོ་གསར་པ་ཞིག་འཇོག་གནང་མཛད་པར་རྗེས་སུ་ཡི་རངས་ཞུ།

    རྒྱ་གཞུང་གི་བཙན་འོག་ཏུ་ཡོད་པའི་བཙོན་པ་ཚོར་མཚོན་ན་ཡང་ཁོང་ཚོའི་འགོ་ཁྲིད་ཀྱི་གཏམ་བཤད་སོགས་བྱ་སྐབས་ལག་པས་དགའ་བསུའི་ཐལ་མོ་ཙམ་ཡང་མི་བརྡབས་པའི་རྣམ་འགྱུར་སྟོན་གྱིན་ཡོད་སྟབས་ང་ཚོས་དེ་བས་ཀྱང་སེམས་ཀྱི་སྡུག་བསྔལ་དང་མི་རིགས་ཀྱི་གོད་ཆག་ཆེན་པོ་དེ་ལྟ་བུ་བྱུང་བའི་ཉིས་སྟོང་བརྒྱད་ཀྱི་མེ་ལོང་ལ་ཡང་ཡང་ལྟ་བཞིན་འདི་ལོ་མྱ་ངན་གྱི་ལོ་གསར་སྲུང་བརྩི་བྱ་དགོས་པ་ནི་སྨྲོས་མེད་ལགས་སོ།།