བོད་སྒོ་བརྒྱབས་འདུག

གསུམ་བཅུའི་དུས་དྲན་ཐེངས་ ༥༠ པ་འཁོར་བཞིན་པའི་སྐབས་འདིར། རྒྱ་ནག་གིས་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཁག་ཕྱི་རྒྱལ་བ་རྣམས་ལ་སྒོ་བརྒྱབས་ཡོད་འདུག

ཚེས་ ༡༢ ཉིན་རྒྱ་གཞུང་གིས་ཀན་སུའུ་དང་སི་ཁྲོན། མཚོ་སྔོན་སོགས་ཀྱི་བོད་རིགས་ས་ཁུལ་ཁག་གི་ཡུལ་སྐོར་སྤྲོ་འཆམ་བྱེད་སའི་ལྟེ་གནས་ཁག་གི་སྒོ་རྒྱག་དགོས་པའི་བཀའ་བཏང་ཡོད་འདུག ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་ལྟེ་གནས་ཀྱི་ལས་བྱེད་ཅིག་གིས་ཁུལ་དེ་ཕྱི་རྒྱལ་ཡུལ་སྐོར་སྤྲོ་འཆམ་པར་སྒོ་བརྒྱབས་ཟིན་ལ། ཟླ་ ༣ པའི་ཟླ་མཇུག་བར་དུ་སྒོ་ཕྱེ་རྒྱུ་མིན་པར་བརྗོད་ཡོད་འདུག

དེ་བཞིན་སི་ཁྲོན་ཞིང་ཆེན་གྱི་ས་ཁུལ་མང་པོར་བདུན་ཕྲག་གཉིས་ཀྱི་སྔོན་དུ་ཡུལ་སྐོར་ལྟེ་གནས་ཁག་གི་སྒོ་ཕྱེ་ཡོད་ཀྱང་དེའི་རྗེས་སྒོ་བརྒྱབས་ཏེ་ཟླ་ ༤ བའི་ནང་བར་དུ་སྒོ་ཕྱེ་རྒྱུ་མིན་པ་དང༌། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཡང་སྒོ་བརྒྱབས་ཡོད་པ།  མཚོ་སྔོན་ཞིང་ཆེན་ཡུལ་སྐོར་སྤྲོ་འཆམ་པའི་ལས་ཁུངས་ཨ་མས་ཀྱང་ཡུལ་སྐོར་ལྟེ་གནས་ཁག་གི་སྒོ་བརྒྱབས་ཡོད་པའི་གནས་ཚུལ་སྤེལ་ཡོད་པ་རེད།

ལོ་སྔོན་མའི་ནང་བོད་དུ་ཞི་རྒོལ་བྱུང་རྗེས། རྒྱ་ནག་གཞུང་གིས་ཕྱི་རྒྱལ་གསར་འགོད་པ་རྣམས་བོད་ནང་དུ་བསྐྱོད་པར་བཀག་འགོག་བྱེད་ཀྱིན་ཡོད་པ་དང༌། ཟླ་འདིའི་ཚེས་ ༡༢ ཉིན་གསར་འགོད་ལྷན་ཚོགས་ཤིག་གི་སྐབས་རྒྱ་ནག་ཕྱི་སྲིད་མགྲིན་ཚབ་པ་ཅང་ཡུའུ་ཡིས་གསར་འགོད་པ་བོད་ནང་དུ་གཏོང་གི་མེད་པ་བདེན་ཡང༌། དེ་ནི་བོད་ནང་གི་བརྟན་བརླིང་དང་བདེ་འཇགས་ཀྱི་ཆེད་དུ་ཡིན་ཚུལ་གསར་འགོད་པར་ལན་འདེབས་བྱས་ཡོད་ཀྱང༌། རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ད་ལོ་ནི་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གཞན་ཡུལ་ལ་བྲོས་བྱོལ་དུ་ཕེབས་ནས་མི་ལོ་ ༥༠ འཁོར་བ་དང༌། བོད་ས་བཙན་བཟུང་བྱས་ནས་མི་ལོ་ ༥༠ འཁོར་བཞིན་པའི་དམིགས་བསལ་གྱི་ལོ་ཞིག་ཡིན་ཁར། ལོ་སྔོན་མར་བོད་མི་ཚོས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པ་དེའི་མཇུག་ད་དུང་ཡོངས་སུ་རྫོགས་མེད་པ་སོགས་ཀྱིས། བོད་མི་ཚོ་ད་ལོར་སླར་ཡང་ལངས་རྒྱུར་ཉེན་ཁ་ཡོད་པར་བསམ་ནས།  བོད་ཁུལ་གྱི་དམ་དྲག་དང་གནས་སྟངས་དངོས་དེ་མི་མཐོང་ཆེད་ཕྱི་རྒྱལ་ཡུལ་སྐོར་བ་དང་གསར་འགོད་པ་བོད་ནང་དུ་གཏོང་གི་མེད་པར་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བོད་སྒོ་བརྒྱབས་འདུག

  1. བོད། ཤ་ཁྲག་རུས་གསུམ།

    ད་རྒྱ་ནག་སྲིད་གཞུང་གིས་ཆུ་མ་ཡོང་གོང་གི་རག་ཟེར་བ་དེ་བྱེད་ཀྱི་ཡོད་པ་རེད་ལ། ཕྱི་རྒྱལ་ཡུལ་གྲུ་གང་གིས་གང་ཡང་ཤེས་སུ་མ་བཅུགས་པར་བོད་པ་ཚང་གི་དབའ་བོ་རེ་རེ་བཞིན་ལུ་གུ་རི་སྤྱང་གི་ལག་པར་ཤོར་བ་ལྟར་ལས་སླ་བོ་ཞིག་བྱེད་འདོད་ཡོད་པ་མ་རེད་དམ། ཨ་གནམ་རྒན་མ། བོད་ནང་གི་བོད་མི་ཚོའི་ཚེ་སྲོག་གི་དམར་མཆོད་དེ་འདྲ་མི་ཡོང་བར་ཤོག ངས་ངོ་མ་བོད་མི་དག་ཉེས་མེད་ངང་གསོད་ཀྱིན་པ་གོ་ན་མི་འདོད་ལ་བོད་རིགས་ཡོད་ཚད་ཀྱིས་ཀྱང་དེ་ལྟར་གོ་འདོད་མེད་པ་རེད།