གསེར་རྟ་དགོན་དུ་ངོ་རྒོལ།

མདོ་སྨད་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་འདི་གར་གནས་ཚུལ་སྤྲད་པ་ལྟར་ན། བོད་ཟླ་དང་པོའི་ཚེས་གཅིག་གི་ཉིན་གུང་ཙམ་ལ་གསེར་རྟ་རྫོང་ཁུངས་ཀྱི་གྲྭ་བ་ཞིག་གིས་ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཚུལ་དང་བོད་ནི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་རབས་ཀྱི་སྐད་འབོད་བྱེད་སྐབས་རྫོང་སྤྱི་བདེ་མི་སྣས་ཉེས་བརྡུངས་བཏང་ནས་འཛིན་བཟུང་བྱས་ཡོད་པ་དང༌། ཉིན་དེར་གསེར་རྟ་དགོན་པའི་དགེ་འདུན་པ་ ༧༠ ལྷག་ཅིག་གིས་སེ་ར་དགོན་པ་ནས་ཁས་སྐོར་ཞང་བར་སོང་སྟེ་ཤང་སྲིད་གཞུང་གི་ལས་ཁུངས་མདུན་དུ་ཟས་བཅད་ངོ་རྒོལ་བྱས་ཡོད་འདུག ཟས་བཅད་ངོ་རྒོལ་མགོ་བཙུགས་ནས་དུས་ཚོད་མང་བོ་མ་སོང་གོང་ཁས་སྐོར་ཤང་གི་བོད་རིགས་ལས་བྱེད་དང་ས་གནས་བོད་མི་རྒན་གྲས་ཤིག་གིས་ལས་འགུལ་འདི་འཕྲལ་དུ་མཚམས་འཇོག་མ་བྱས་ན་སྤྱི་བདེ་མི་སྣས་ཉེས་བརྡུང་དང་འཛིན་བཟུང་བྱེད་ངེས་པའི་ཞུ་བ་ནན་གྱིས་ཞུས་ནས་ཟས་བཅད་ངོ་རྒོལ་དེ་མཚམས་འཇོག་བྱེད་དུ་བཅུག་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

One thought on “གསེར་རྟ་དགོན་དུ་ངོ་རྒོལ།

  1. བོད། ཤ་ཁྲག་རུས་གསུམ།

    རྒན་པ་ཚོས་ཁ་བརྡ་ལ་ཉན་ནས་རང་རང་གི་ཚེ་སྲོག་ལ་འགན་ལེན་བྱས་པ་དེ་ནི་ལས་འགུལ་གང་རུང་ཞིག་གི་ཁྲོད་དུ་རྒྱ་ནག་སྲིད་གཞུང་ངན་པའི་ཇུས་ངན་ལས་རྒྱལ་བ་དང་གཅིག་པ་རེད། དེ་ནི་དངོས་ནས་དོན་བཟང་རེད། གཞོན་པ་ཚོས་རྒན་པ་ཚོས་ཁ་བརྡ་ལ་ཉན་ནས་རང་རང་གི་ཚེ་སྲོག་ལ་འགན་ལེན་བྱས་པ་དེ་ནི་དངོས་ནས་རླབས་ཆེན་རེད།