ཟླ་གཉིས་ཀྱི་གོམ་བགྲོད།

འཇིགས་མེད་ནོར་བུ་དང་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་རྣམ་གཉིས་ཀྱིས་ཟླ་གཉིས་རིང་རྒྱང་ཐག་མེལ་ལེ་ ༩༠༠ ཙམ་ལ་གོམ་བགྲོད་གནང་རྒྱུ་ཡིན་འདུག

ཟླ་འདིའི་ཚེས་ ༡༠ ཉིན་གྱི་ཨ་རིའི་ཞོགས་པའི་ཆུ་ཚོད་ ༡༠ དང་ཕྱེད་ཀ་ཙམ་ལ་འཇིགས་མེད་ནོར་བུ་དང་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ཟུང་གིས་ཨ་རིའི་ཨིན་ཌི་ཡ་ན་ཨེ་པོ་ལེ་སི་གྲོང་ཁྱེར་ནས་ནེའུ་ཡོག་གྲོང་ཁྱེར་བར་རྒྱང་ཐག་མེལ་ལེ་  ༩༠༠ ཙམ་ལ་ཞི་བའི་གོམ་བགྲོད་ཅིག་མགོ་འཛུགས་གནང་ཡོད་ཅིང་། དེ་ནི་ད་ལྟའི་བོད་ནང་གི་དཀའ་ངལ་ལ་གདུང་སེམས་མཉམ་སྐྱེད་དང་། གསུམ་བཅུའི་དུས་དྲན་ཐེངས་ ༥༠ འཁོར་བར་དྲན་གསོ། སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་མཆོག་གི་དགོངས་པ་རྫོགས་ཕྱིར་གོམ་བགྲོད་འདི་མགོ་འཛུགས་བྱས་ཡོད་ཅེས་གསུངས་ཡོད་འདུག

 

འཇིགས་མེད་ནོར་བུ་ལགས་ཀྱིས་གོམ་བགྲོད་འདི་བྱ་དགོས་པའི་སྐོར་ལ། ངའི་ཕ་དམ་པས་སྐུ་ཚེའི་རིང་བོད་རང་བཙན་ཆེད་ཕྱག་ལས་གནང་ཡོད་པ་རེད། བདག་གིས་ཀྱང་ཕ་དམ་པའི་བཞེད་དོན་འགྲུབ་ཆེད་ཡིན་ལ། དེ་བཞིན་བོད་རིགས་སྤུན་ཟླ་རྣམས་གྱེན་ལངས་ཀྱིས་བོད་ཀྱི་བདག་དབང་ལེན་དགོས་པ་རེད། ལས་འགན་འདི་ང་ཚོ་བོད་མི་ཚོས་གཡོལ་ཐབས་མེད་པའི་ལས་འགན་ཞིག་རེདཅེས་གསུངས་ཡོད།

 

སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་ཀྱིས། བོད་ཀྱི་འཐབ་རྩོད་འདི་མི་རབས་ནས་མི་རབས་བརྒྱུད་དེ་གནས་དགོས་པ་རེད་ལ། ཐེངས་འདིར་འཇིགས་མེད་ལགས་ཀྱིས་འདི་ལྟར་གོམ་བགྲོད་གནང་བ་ལ་ངེད་ནས་རྒྱབ་སྐྱོར་གྱིས་ལས་འགུལ་འདིར་ཞུགས་པ་ཡིནཞེས་གསུངས་ཡོད

 

འཇིགས་མེད་ནོར་བུའི་ཡབ་སྐུའི་གཅེན་པོ་སྟག་ཚེར་རིན་པོ་ཆེ་མཆོག་ལོ་སྔོན་མར་དགོངས་པ་རྫོགས་ཡོད་། སྔ་རྗེས་སུ་འཇིགས་མེད་ནོར་བུ་ལགས་ཀྱི་བོད་རང་བཙན་ཆེད་ཞི་བའི་གོམ་བགྲོད་སོགས་བསྟུད་མར་གནང་ཡོད་པ་དང་། ཐེངས་འདིཟླ་གཉིས་རིང་རྒྱང་ཐག་མེལ་ལེ་ ༩༠༠ ཙམ་ལ་གོམ་བགྲོད་གནང་རྒྱུ་ཡིན་འདུག་ཅེས་ཕྱི་ཚེས་ ༡༠ ཉིན་ཁ་བརྡ་དྲ་རྒྱས་གནས་ཚུལ་སྤེལ་ཡོད་འདུག

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

4 thoughts on “ཟླ་གཉིས་ཀྱི་གོམ་བགྲོད།

  1. གཞིས་ལུས་བོད་པ།

    སྐུ་ཞབས་གཉིས་ཀྱི་ལྷག་བསམ་དང་སྙིང་སྟོབས་ལ་གུས་བཀུར་དང་འབྲེལ་ཐུགས་རྗེ་ཆེ་ཞུ།

  2. ཨ་རིག་དགེ་མཐོང་།

    དཔའ་བོ་ཁེར་འགྲོ་ཚོ་ངོ་མ་ཡག་པོ་རེད།
    མི་རེའི་ལས་འགུལ་རེ་སྤེལ་ན་ནུས་པ་ཆེན་པོ་རེད།
    འདི་ཚོ་ཀུན་གྱི་ཁ་མིག་ཡར་ལྟ་བྱེད་ས་རེད།
    ངས་ཁོང་གཉིས་ལ་བཀའ་དྲིན་ཆེ་ཞུས་པ་ཡིན།

  3. བོད། ཤ་ཁྲག་རུས་གསུམ།

    མདུན་བསྐྱོད་ཀྱི་གོམ་སྒྲ་རེ་རེ་བོད་མིའི་བདེ་སྡུག་ཆེད་དུ་སྤོ་མཁན་སྐུ་ཞབས་རྣམ་གཉིས་ཀྱི་ལུས་པོ་བདེ་ཐང་དང་ཚེ་རིང་ནད་མེད་་ཡོང་བར་སྨོན།

  4. འཇིགས་བྲལ་བསྟན་འཛིན།

    བཀུར་འོས་སྤྱི་ཟུར་དང་། འཇིགས་མེད་ནོར་བུ་གཉིས་ཀྱི་སྙིང་སྟོབས་ལ་ཡི་རང་ཞུ།