ཨ་རིའི་ནང་ལས་ཀའི་སྙན་ཞུ་བོད་ཡིག་ནང་བྲིས་ཆོག

ཨ་རིའི་ཝི་སུ་ཀོན་སིན་ (Wisconsin) མངའ་སྡེའི་མལ་ཌི་སིན་ (Madison) གྲོང་ཁྱེར་དུ་ཡོད་པའི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོས་ད་ལོའི་ཕྱི་ཟླ་  པ་ནས་ལས་ཀའི་སྙན་ཞུ་འགེང་ཤོག་བོད་ཡིག་ནང་འགེང་ཆོག་བཟོས་ཡོད། འདི་ནི་ནུབ་ཕྱོགས་རྒྱལ་ཁབ་ཏུ་བོད་ཀྱི་སྐད་ཡིག་ཐོག་འགེང་ཤོག་བཟོ་འགོད་བྱས་ཏེ། བོད་མི་ཚོས་མི་རིགས་གཞན་དང་དཔུང་གཤིབ་འདྲ་མཉམ་གྱིས་རང་གི་སྐད་ཡིག་བེད་སྤྱོད་བྱ་རྒྱུའི་གོ་སྐབས་བྱུང་བོད་ཀྱི་སྐད་ཡིག་གི་ལོ་རྒྱུས་ནང་ཐོག་དང་པོ་ཡིན་ཞེས་བརྗོད་ཀྱང་མི་འགྲིག་པ་མེད།

 

ཝི་སི་ཀོན་སིན་ནི་ཨ་རིའི་ནུབ་རྒྱུད་ས་ཁུལ་དུ་གནས་པའི་འོ་མའི་ཐོན་རྫས་མང་བའི་མངའ་སྡེ་ཞིག་ཡིན་ལ།  མལ་ཌི་སིན་དུ་ཡོད་པའི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོ་ནི་ཨ་རིའི་ཡུལ་དུ་བོད་རིག་པའི་སློབ་གཉེར་སྡེ་ཚན་འགོ་འཛུགས་བྱེད་མཁན་སློབ་གྲྭ་ཆེན་མོ་ཐོག་མའི་གྲས་ཤིག་ཀྱང་ཡིན། བོད་ཀྱི་ནང་ཆོས་སློབ་ཁྲིད་བྱ་ཆེད་དགེ་བཤེས་ལྷུན་གྲུབ་བཟོད་པ་ལགས་ཐོག་མར་ས་གནས་འདིར་ཕེབས་ཤིང་། རིམ་བཞིན་བོད་མི་ཁ་ཤས་སླེབས་ཏེ།  ལོ་རབས་ ༩༠ བའི་ནང་ཨ་རིའི་གཞུང་གིས་བོད་མི་ཆིག་སྟོང་ཨ་རིར་གནས་སྤོར་བྱེད་དུ་བཅུག་པའི་ཁོངས་ནས་བོད་མི་མང་པོ་ཞིག་མལ་ཌི་སིན་གྲོང་ཁྱེར་དུ་སླེབས་ཏེ་གཞིས་ཆགས་ཤིང་། རིམ་པས་བོད་མི་བརྒྱ་ཕྲག་མང་པོ་རྒྱ་གར་དང་བོད།  ཨ་རིའི་མངའ་གཞན་བཅས་ནས་སླེབས་ཏེ། དེང་སང་ཝི་སི་ཀོན་སིན་མངའ་སྡེའི་ནང་བོད་མི་དྲུག་བརྒྱ་ཙམ་ཡོད་པ་མང་ཆེ་བ་མལ་ཌི་སིན་གྲོང་ཁྱེར་ནང་གནས་སྡོད་བྱས་ཡོད།

 

མལ་ཌི་སིན་གྲོང་ཁྱེར་ནི་ཝི་སི་ཀོན་སིན་མངའ་སྡེའི་རྒྱལ་ས་ཡིན་ཞིང་།  ཡན་ལག་སློབ་གྲྭ་མང་པོ་ཡོད་པའི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་འཛིན་སྐྱོང་ལས་ཁུངས་ཁག་དང་མ་ལག་སློབ་གྲྭ་གཙོ་བོ་གྲོང་ཁྱེར་འདིར་ཆགས་ཡོད་ལ།   སློབ་གྲྭའི་སྨན་ཁང་དང་མངའ་སྡེའི་སྨན་ཁང་ཆེ་ཤོས་ཁག  བཟོ་ལས་དང་ཚོང་ལས།  ཞིབ་འཇུག་ལས་ཁུངས།   ལུས་རྩལ་བཅས་ཡོད་པའི་ལས་རིགས་སྣ་འཛོམས་དང་སློབ་གཉེར་ཐོག་དང་དོད་ཆེ་བའི་གྲོང་ཁྱེར་ཞིག་ཡིན་པ་མ་ཟད།  བོད་ལུགས་དགོན་པ་དང་ཆོས་ཚོགས།  སྨན་སྦྱིན་ཁང༌།  བོད་མིའི་སྤྱི་མཐུན་ཚོགས་པ་བཅས་ཀྱང་ཡོད། ལྷག་པར་དུ་སྤྱི་ནོར་  གོང་ས་སྐྱབས་མགོན་ཆེན་པོ་མཆོག་ས་གནས་འདིར་ཞབས་སོར་ཐེངས་མང་བཀོད་མྱོང་ཞིང༌།  མལ་ཌི་སིན་གྲོང་ཁྱེར་གྲོས་ཚོགས་ཀྱིས་ལོ་རེའི་གསུམ་བཅུའི་དུས་དྲན་སྲུང་གཙི་དང་བོད་དོན་ལ་གྲོས་ཆོད་འཇོག་པ། གྲོང་ཁྱེར་ལས་ཁུངས་མདུན་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་དར་སྒྲེང་འཛུགས་བཅས་བྱེད་ཀྱིན་ཡོད་སྟབས། བོད་པའི་རྩ་དོན་དང་བོད་པའི་རིག་གཞུང་ལ་དོ་སྣང་རྒྱབ་སྐྱོར་བྱེད་ཐད། དུས་ནམ་ཡང་གདོང་དུ་ལངས་མཁན་གྱི་གྲོང་ཁྱེར་ཞིག་ཆགས་ཡོད།

 

ཝི་སི་ཀོན་སིན་མངའ་སྡེ་གཞུང་དང་ལྷག་པར་དུ་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོ་ནས་མི་རིགས་དང་པགས་མདོག  སྐད་ཡིག་བཅས་ལ་དབྱེ་འབྱེད་མེད་པར་མི་རིགས་ཚང་མར་ལས་ཀའི་གོ་སྐབས་འདྲ་མཉམ་སྤྲོད་ཀྱིན་ཡོད་པར་བརྟེན།  སི་པན་སྐད་དང་མོང་སྐད་(Hmong) ཐོག་ལས་ཀའི་སྙན་ཞུའི་འགེང་ཤོག་དེ་སྔ་ནས་བཟོས་ཡོད་པ་དང༌།  དབྱིན་སྐད་གོ་འཕེར་མེད་མཁན་ཚོར་མི་རིགས་རང་གི་སྐད་ཡིག་ཐོག་སྐད་བསྒྱུར་ཞབས་ཞུ་ཡང་ཡོད་པ་རེད།  བོད་མི་བརྒྱ་ཕྲག་ཅིག་གིས་མལ་ཌི་སིན་གྱི་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོ་དང་དེའི་སྨན་ཁང་དུ་ལས་འཁུར་ཞུ་བཞིན་ཡོད་པ་དང༌།  ལས་ཀ་འདི་རིགས་མངའ་སྡེ་གཞུང་གི་ལས་ཀ་ཡིན་པ་དང་ལས་ཀ་བྱེད་མཁན་ཚོ་ཡང་མངའ་སྡེ་གཞུང་གི་གཞུང་ཞབས་ཡིན་སྟབས། ལས་ཀ་བརྟན་ཡིན་པའི་ཁར་ཐོབ་ཐང་དང་ཁེ་ཕན་ཡང་ཡག་པོ་ཡོད་པ་ཞིག་ཡིན།

 

འདི་གའི་བོད་མི་རྣམས་ཀྱིས་ཡ་རབས་བཟང་སྤྱོད་ཀྱི་གོམས་གཞིས་རྒྱུན་འཛིན་བྱས་ཐོག རང་འཁྲིའི་ལས་ཀར་ཧུར་ཐག་འབད་འབུངས་བྱས་པའི་ཉེར་ལེན་དང༌།   ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོའི་རིས་མེད་སྣ་འཛོམས་(diversity) དང་འདྲ་མཉམ་གྱི་སྲིད་བྱུས་བཟང་པོར་བརྟེན་ཏེ།  ད་ཐེངས་ཝི་སི་ཀོན་སིན་མངའ་སྡེ་ནང་། ལས་ཀའི་སྙན་ཞུ་བོད་ཀྱི་སྐད་ཡིག་ནང་དགང་ཆོག་པ་བཟོས་པ་དེ་ནི་ནུབ་ཕྱོགས་རྒྱལ་ཁབ་ཅིག་ཏུ་བོད་ཡིག་གིས་ལས་ཀའི་འགེང་ཤོག་དགང་ཆོག་པ་ཐོག་མ་དེ་ཆགགས་ཡོད་ལ། དེས་ཨ་རིའི་ནང་བོད་ཀྱི་སྐད་ཡིག་ལ་ངོས་ལེན་དང༌།   བེད་སྤྱོད་དར་སྤེལ་བྱ་རྒྱུར་ལེགས་སྐྱེས་དང་གོ་སྐབས་ཆེན་པོ་ཞིག་སྤྲད་ཡོད་སྟབས། བོད་མི་རྣམས་ཀྱིས་ཀྱང་ཉག་ཕྲ་བའི་དུས་སྐབས་འདིར་རང་གི་སྐད་ཡིག་དང་རིག་གཞུང་རྒྱུན་འཛིན་དར་སྤེལ་བྱ་ཆེད་དེ་དོན་དོ་སྣང་དང་དགའ་སྒོམ་གྱིས་གཙིགས་བཟུང་གོ་སྐབས་ལེན་རྒྱུ་ཤིན་ཏུ་ནས་གལ་ཆེན་རེད་སྙམ།

གཤམ་གསལ་དྲ་ཐག་ནས་ཝི་སི་ཀོན་སིན་སློབ་གྲྭ་ཆེན་མོ་དང་བོད་ཡིག་ཅན་གྱི་ལས་ཀའི་སྙན་ཞུ་འགེང་ཤོག  ཝི་སི་ཀོན་སིན་བོད་མིའི་སྤྱི་མཐུན་ཚོགས་པའི་སྐོར་བཅས་ལ་གཟིགས་ཐུབ།

http://www.wisc.edu/

http://www.ohr.wisc.edu/COB/CurrentUWEmployment.html

http://www.wistib.org/

གསར་འགྱུར་མཁོ་སྤྲོད་པ་གཡང་འབུམ་རྒྱལ།

བསྐྱར་བཅོས།: ༢༠༡༦/༠༡/༠༦

Leave a Reply

8 thoughts on “ཨ་རིའི་ནང་ལས་ཀའི་སྙན་ཞུ་བོད་ཡིག་ནང་བྲིས་ཆོག

  1. སེར་སྨད་བློ་དགའ།

    བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེ་རུ་ཕྱིན་པ་འདི་བོད་དྲི་དྲོ་ངེས་ཤིག་ཡིན་ན་དགའ་དགོས་པ་ཞིག་དང་སྤོབས་པ་སྐྱེས་འོས་པ་ཞིག་ལོས་ཡིན། འོན་ཀྱང་བཙལ་བྱོལ་ནང་གི་ཤེས་ཡོན་སྲིད་ཇུས་ལ་རྒྱབ་སྐྱོར་གནང་མཁན་ཚོར་སེམས་ཤུགས་འཕེལ་བ་དང་། སྲིད་བྱུས་དེའི་རྒྱབ་ལྗོངས་གི་འགྲེལ་བཤད་རྒྱས་རུ་ཕྱིན་པ་རེད། དེས་ན་བོད་ཡིག་གི་ཤེས་ཡོན་པ་ཚོ་འདི་ལ་བརྟེན་ནས་ཤེས་ཡོན་སྲིད་བྱུས་ཐོག་བཀའ་མོལ་ཇེ་མང་གཏོང་ཐུབ་ན་ཡག་པོ་འདུག།

  2. སེར་སྨད་བློ་དགའ།

    བོད་ཡིག་བཀོལ་སྤྱོད་ཀྱི་ཁོར་ཡུག་རྒྱ་ཆེ་རུ་ཕྱིན་པ་འདི་བོད་དྲི་དྲོ་ངེས་ཤིག་ཡིན་ན་དགའ་དགོས་པ་ཞིག་དང་སྤོབས་པ་སྐྱེས་འོས་པ་ཞིག་ལོས་ཡིན། འོན་ཀྱང་བཙལ་བྱོལ་ནང་གི་ཤེས་ཡོན་སྲིད་ཇུས་ལ་རྒྱབ་སྐྱོར་གནང་མཁན་ཚོར་སེམས་ཤུགས་འཕེལ་བ་དང་། སྲིད་བྱུས་དེའི་རྒྱབ་ལྗོངས་གི་འགྲེལ་བཤད་རྒྱས་རུ་ཕྱིན་པ་རེད། དེས་ན་བོད་ཡིག་གི་ཤེས་ཡོན་པ་ཚོ་འདི་ལ་བརྟེན་ནས་ཤེས་ཡོན་སྲིད་བྱུས་ཐོག་བཀའ་མོལ་ཇེ་མང་གཏོང་ཐུབ་ན་ཡག་པོ་འདུག།

  3. ནམ་མཁའ་བསྟན་འཛིན།

    འདི་ཡང་རང་གི་སྐད་ཡིག་བེད་སྤྱོེད་བྱེད་སའི་ཁོར་ཡུག་ཅིག་རེད། རང་གི་བལྟ་ཚུལ་ལ་འདི་ནི་དགའ་འོས་བའི་དོན་དག་ཅིག་རེད། ཡོ་རུབ་ནང་དུ་བོད་པའི་སྐདབསྒྱུར་བྱེད་མཁན་ནང་བོད་ཡིག་ཚིག་གཅིག་ཀྱང་མི་ཤེས་མཁན་འདུག འདི་ང་རང་གི་དངོས་མཐོང་ཡིན། འཇར་མན་ནང་དུ་བོད་ཡིག་སྟེང་ཁྲིམས་ཐོགས་ནས་ཡིག་བསྒྱུར་བྱེད་ཆོག་མཁན་བོད་རིགས་གཅིག་འདུག དེ་ནི་ཕ་ཡུལ་ལྷ་ས་ནས་ཡོངས་བུད་མེད་ཅིག་རེད། མོས་རྒྱ་ཡིག་མ་གཏོགས་བོད་ཡིག་ལ་དབུས་སྐད་མ་གཏོགས་ཤེས་ཀྱི་མེད། དེར་བརྟེན་མོས་ཡིག་བསྒྱུར་བྱས་བའི་དཔང་རྟགས་ཐམ་ག་དེ་རྒྱ་ཡིག་ལ་མ་གཏོགས་རྒྱག་གིན་མེད་ཟེར། རྒྱ་ཡིག་གི་སྒང་ནས་ཡིག་བསྒྱུར་དང་སྐད་བསྒྱུར་ག་རེ་དགོས་ན་བརྒྱ་ལས་མང་བ་ཡང་རེགས་ཀྱི་རེད། གཞུང་འབྲེལ་གྱི་ངོས་ནས་འདི་འདྲའི་གོ་སྐབས་ཅིག་སྤྲད་པ་རྩ་ཆེན་པོ་རེད། ལག་ལེན་ཏེ་ང་ཚོར་ཐུག་ཡོད་པ་ེརེད།