གསལ་བཤད་ཀྱི་ཡིག་ཆ་གཉིས་པ་ཞིག་གྲ་སྒྲིག་བྱེད་ཀྱིན་ཡོད།

སྔར་ལོ་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་དེའི་ཐོག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་དོགས་པ་རྣམ་རྟོག་ཡོད་པ་དང༌། ༧རྒྱལ་བ་རིན་པོ་ཆེའི་གསུང་ལ་འཁྱོག་བཤད་བྱེད་ཀྱིན་ཡོད་པ་ཁག་གི་ཐད། གསལ་བཤད་ཀྱི་ཡིག་ཆ་གཉིས་པ་ཞིག་བཟོ་རྒྱུའི་ལས་རིམ་བང་སྒྲིག་བཞིན་ཡོད།ཅེས་བཀའ་བློན་ཁྲི་པ་མཆོག་གིས་གསུངས་ཡོད།

 

ཕྱི་ཚེས་ ༡༩ ཉིན་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་ཨ་རིའི་ནང་ཆིབས་སྒྱུར་བསྐྱངས་ཡོད་པ་དང། ཐེངས་འདིར་ཁོང་ཨི་རིའི་ནང་ཕེབས་དོན་གཙོ་བོ་ཨ་རིའི་གཞུང་གསར་བའི་དཔོན་རིགས་ཚོར་མཇལ་འཕྲད་བྱ་ཆེད་ཡིན་འདུག་ལ། སྐབས་དེ་དང་བསྟུན་ཏེ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག ཨ་རིའི་རྒྱལ་ས་ཝ་ཤིན་ཏོན་གྱི་ཉེ་སར་ཡོད་པའི་སེ་ཡ་ནའི་གྲོང་ཁྱེར་གྱི་ཚོགས་ཁང་ཞིག་ཏུ་བོད་རིགས་ཚོར་བོད་རྒྱ་འབྲེལ་མོལ་གྱི་ལས་རིམ་སྐོར་དང་སྔར་ལོ་རྒྱ་ནག་ལ་སྤྲད་པའི་རང་སྐྱོང་གི་བསམ་འཆར་ཡིག་ཆ། དེ་བཞིན་ཕྱི་རྒྱལ་ཁག་གི་བོད་རིགས་ཚོས་གང་ཐུབ་ཅི་ཐུབ་ཀྱིས་སོ་སོ་སྡོད་སའི་ས་གནས་སུ་ཆབ་སྲིད་ཀྱི་ལས་འགུལ་སྤེལ་གལ་ཆེ་ཚུལ་བཅས་གསུངས་ཡོད་འདུག

 

སྐབས་དེར་བཀའ་ཁྲི་མཆོག་གིས་གསུངས་བཤད་གནང་དོན། ང་ཚོས་མུ་མཐུད་དུ་སྔར་ལོ་རྒྱ་ནག་ལ་སྤྲད་པའི་ཡིག་ཆ་དེའི་ཐོག་ལ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་དོགས་པ་རྣམ་རྟོག་ཡོད་པ་དང༌། ༧རྒྱལ་བ་རིན་པོ་ཆེའི་གསུང་ལ་འཁྱོག་བཤད་བྱེད་ཀྱིན་ཡོད་པ་ཁག་གི་ཐད། གསལ་བཤད་ཀྱི་ཡིག་ཆ་གཉིས་པ་ཞིག་བཟོ་རྒྱུའི་ལས་རིམ་བང་སྒྲིག་བཞིན་ཡོད། རྒྱ་ནག་ལ་སྤྲད་པའི་ཡིག་ཆ་འདིའི་ཐོག་ལ། རྒྱལ་སྤྱིའི་ནང་གི་རྒྱབ་སྐྱོར་གྱི་གནས་ཚུལ་ཧ་ཅང་ཚད་མཐོ་བོར་སླེབས་ཡོད་པ་དང། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་ཀྱང༌། ཡིག་ཆ་དེའི་ཐོག་ལ་དོ་སྣང་ཤུགས་ཆེན་བྱེད་ཀྱིན་ཡོད་ལ། དེ་དང་ཕྱོགས་མཚུངས་ཡིག་ཆ་འདིར་དགག་པ་རྒྱག་པ་དང༌། རྒྱལ་སྤྱིའི་ནང་དྲིལ་བསྒྲགས་བྱེད་པ་སོགས་སྔར་ལས་ཤུགས་ཆེན་བྱས་དང་བྱེད་མུས་རེད། དེར་བརྟེན། ང་ཚོས་ ༢༠༠༢ ལོ་ནས་བྱུང་བའི་བོད་རྒྱའི་འབྲེལ་མོལ་གྱི་ལས་རིམ་དེར་སྡོམ་བརྒྱག་པའི་དུས་ཚོད་ཅིག་ཏུ་སླེབས་ཡོད་པ་ཞིག་ཏུ་ངོས་འཛིན་བྱས་ཏེ། བསམ་འཆར་ཡིག་ཆ་དེ་སྤྲད་པ་ཞིག་ཆགས་ཡོད།

 

བོད་ནང་དང་བྱེས་སུ་ཡོད་པའི་བོད་རིགས་ཚོར་ལམ་སྟོན་དང་དཔལ་འབྱོར་གྱི་རྒྱབ་སྐྱོར། དེ་བཞིན། སོ་སོ་སྡོད་སའི་ལུང་པའི་ནང་བོད་པའི་རྩོ་དོན་ཐད། ཆབ་སྲིད་ཀྱི་ལས་འགུལ་གང་ཐུབ་ཅི་ཐུབ་ཅིག་གནང་ཐུབ་པ་ཡིན་ན་ཏན་ཏན་ཕན་ཐོག་ཆེན་པོ་ཡོང་བ་མ་ཟད། རྒྱ་གར་ནང་ཡོད་པའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུའང་རྗེས་སུ་ཡི་རངས་བྱ་དགོས་པ་ཞིག་ཆགས་ཀྱིན་ཡོད་ལ། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་བསྡད་ཡོད་ཀྱང་། ཏན་ཏན་ང་ཚོར་ཁེ་ཕན་ཆེན་པོ་བྱུང་འདུག་སྙམ་པའི་སེམས་ཚོར་སླེབས་ཐུབ་པ་བྱུང་བ་ཡིན་ན་ཞེ་དྲག་ཡག་པོ་ཡོང་གི་རེད་བསམ་གྱིན་ཡོད། ཅེས་བཀའ་གནང་ཡོད་ལ། དེ་བཞིན་འབྱུང་འགྱུར་གྱི་བཀའ་བློན་ཁྲི་པ་འོས་བསྡུའི་ཐད་ཚང་མས་དོ་སྣང་གནང་དགོས་པ་དང་། བོད་རིགས་གཞོན་སྐྱེས་ཤེས་ཡོན་ཅན་མང་དག་ཅིག་གིས་བཀའ་བློན་ཁྲི་པའི་འོས་བསྡུས་ཆ་ཤས་ལེན་རྒྱུ་གལ་ཆེན་ཡིན་སྐོར་བཅས་གསུངས་ཡོད།

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

5 thoughts on “གསལ་བཤད་ཀྱི་ཡིག་ཆ་གཉིས་པ་ཞིག་གྲ་སྒྲིག་བྱེད་ཀྱིན་ཡོད།

  1. སྐལ་བཟང་བློ་གྲོས།

    ¤Û-ÅÞ-hP-ÅÞ-»Ûm-»P-Åô-ÅôºÛ-zŤ-±ß¾-zÁh-qºÛ-hzP-V-»ôh-¤ôhü ºôm-ˆP-GŸÝP-ŸÛG-GÛ-hzÞ-FÛh-ˆÛ-¤ÛP-fôG-mÅ-Ç+h-V-zÁh-Ç+zÅ-hïºÛ-DôPÅ-ÅÞ-»ôh-qºÛ-¤Û-¤P-hï-hG-¾-ºGm-DÞ¼-hGôÅ-q-hï-»P-¤-zXïh-q¼-HÛÅü