བཀག་ཉར་ཉེས་རྡུང་།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཆབ་སྲིད་སྡེ་ཚན་ནས་གནས་ཚུལ་ཁོ་སྤྲོད་བྱས་དོན་ལྟར་ན། ཉིན་གྲངས་བདུན་ཙམ་གྱི་གོང་དུ་བྱང་ནག་ཆུ་ཁུལ་དུ་རྒྱ་གཞུང་གི་ཉེན་རྟོག་པས་ཞིབ་བཤེར་བྱེད་སྐབས། ཨ་མདོ་བླ་བྲང་ནས་ཡིན་པའི་ཚོང་པ་སངས་རྒྱས་ཞུ་བ་ཞིག་གི་སྐེ་ལ་༧གོང་ས་མཆོག་གི་སྐུ་པར་ཆུང་ཆུང་ཞིག་བཏགས་ཡོད་པ་མཐོང་སྟེ། འཛིན་བཟུང་བཙན་ཁྲིད་ཀྱིས་རྡུང་རྡེག་མནར་གཅོད་ཚད་མེད་བཏང་སྟེ། ཉིན་གཅིག་རིང་བཀག་ཉར་བྱས་མཐར་ཚོང་པ་སངས་རྒྱས་ཀྱི་ཕ་ཡུལ་གཅིག་པ་ཚོའི་རོགས་རམ་འོག་གློད་གྲོལ་ཙམ་བྱུང་འདུག་ཀྱང༌། དངུལ་ཕོན་ཆེན་པོས་ཉེས་ཆད་གཅོད་རྒྱུ་ཡིན་པའི་གནས་ཚུལ་ཐོན་ཡོད་འདུག ཉེན་རྟོག་མི་སྣས་ཞིབ་བཤེར་བྱས་པ་དེ་ནི། བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་ཚོགས་པའི་དྲུང་ཆེ་ཀྲང་ཆེའི་ལིན་བྱང་ནག་ཆུ་ཁུལ་གྱི་རྫོང་ཁག་འགར་ལྟ་སྐོར་ལ་སྐྱོད་ཀྱིན་ཡོད་པའི་སྐབས་དང་འཁེལ་ཡོད་འདུག

 

 

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

2 thoughts on “བཀག་ཉར་ཉེས་རྡུང་།

  1. མདོ་ལའི་འཁྱམས་པོ།

    བཙན་བྱོལ་བོད་མི་རྣམས་མི་གཅིག་ཀྱང་མ་ལུས་པར་ཉིན་མ་གཅིག་གི་དུས་ཆད་འོག་བོད་དུ་ལོག་དགོས། དེས་ན་ང་ཚོའི་བདེན་དོན་ཡོད་ན་དེ་རིང་དང་མེད་ན་དེ་རིང་བཟོ་དགོས།

  2. དོན་ངོ་མ་ང་ཚོས་ག་རེ་བྱེད་དགོས་སམ། བསྟུན་མཁས་དང་བཟོད་སྒོམ་ཇི་འདྲ་བྱས་ཀྱང་མཐོང་ཆུང་དང་ཆེད་གསོད་ཚད་ལས་འདས་པ་བྱེད་འོང་དུས་འདི་མུར་འདུག་ཐབས་བྲལ་སོང་བསམ་གྱི་འདུག
    ཡིན་ནའང་ལས་འགུལ་འདི་འདྲ་དགོས་ཞེས་བཤད་དཀའ་བས་དྲ་གྲོགས་རྣམས་དང་། གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གིས་གྲོས་བསྡུར་དང་།
    དེ་ནས་སྐབས་དང་དུས་ལ་བསྟུན་ཏེ་ལས་འགུལ་དགོས་པ་མ་ཡིན་ནམ། འདི་མུར་བསྡད་ན་ཕན་ཐོག་གང་ཡང་མེད་སེམས།