སློབ་འབྲིང་ཞིག་ཡར་ལངས།

དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༨ ཡས་མས་སུ་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་ཡར་ལངས་ངོ་རྒོལ་གྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག

 

གནས་ཚུལ་འབྱོར་བ་ལྟར་ན། དེ་རིང་ཞོགས་པ་བོད་ནང་གི་ཆུ་ཚོད་ ༨ ཡས་མས་སུ་མདོ་སྨད་ཀན་ལྷོ་ཁུལ་བསང་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚོས་རྒྱ་གཞུང་ལ་ངོ་རྒོལ་གྱེན་ལངས་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག་ལ། དེ་ནི་རྒྱ་གཞུང་འབྲེལ་ཡོད་ཚན་པས་སློབ་གྲྭའི་མདུན་ཐང་གི་ནག་པང་སྟེང་དུ་༧གོང་ས་མཆོག་ལ་སྐྱོན་བརྗོད་ཀྱི་བསྒྲགས་ཡིག་ཅིག་སྦྱར་ཡོད་སྟབས། སློབ་མ་རྣམས་ཁོང་ཁྲོ་ཆེན་པོ་ལངས་ཏེ། སློབ་གྲྭའི་ར་བ་ནས་མགོ་འཛུགས་ཀྱིས་ངོ་རྒོལ་སྐད་འབོད་བྱེད་བཞིན་མཆོད་རྟེན་ས་སྒ་ཟེར་བའི་གྲོང་ཁྱེར་སྟོད་དབུས་བར་གོམ་བགྲོད་བྱས་ཡོད་ཀྱང་། སྐབས་དེར་བསང་ཆུ་རྫོང་དྲག་ཆས་དཔུང་དམག་སླེབས་ཏེ་སློབ་མ་རྣམས་བཀག་འགོག་བྱས་ཡོད་འདུག

 

དེ་བཞིན། ཀན་ལྷོ་ཁུལ་གཙོས་མི་རིགས་དགེ་ཐོན་སློབ་གྲྭ་དང་གཙོས་བོད་ཡིག་སློབ་འབྲིང་གཉིས་ཀྱང་གོང་བཞིན་ཡར་ལངས་བྱས་ཡོད་པའི་གནས་ཚུལ་ཐོན་འདུག་ཀྱང༌། ཡར་ལངས་ཇི་ལྟར་བྱུང་བ་དང་ད་ལྟའི་གནས་སྟངས་གང་འདྲ་ཆགས་ཡོད་མེད་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་ཐུབ་མི་འདུག གནད་དོའི་དེའི་ཐད་ཁ་པར་དང་གློག་ཀླད་གཉིས་ཐོག་ནས་བོད་ནང་འབྲེལ་བ་བྱས་ཀྱང༌། སྐུད་ལམ་མཐུད་དཀའ་བ་དང་རེ་ཟུང་ལ་མཐུད་ཀྱང་བསྐྱར་དུ་ཆད་འགྲོ་བ་སོགས་ཀྱིས་གནས་ཚུལ་རྒྱུས་ལོན་བྱེད་ཐབས་མ་བྱུང་།

བསྐྱར་བཅོས།: ༢༠༡༤/༠༣/༢༦

Leave a Reply

11 thoughts on “སློབ་འབྲིང་ཞིག་ཡར་ལངས།

  1. གནས་ཚུལ་བདེན་པ་རེད་མོད།
    ལངས་རྐྱེན་གཞན་ཡིན་པ་གསལ་བོ་ཆགས་སོང་། དེ་ནི་ཚང་མས་སྔོན་མ་ནས་དོ་སྣང་བྱུང་ལོས་ཡོད་ཡེ་རྡོར་འམ་ཡེ་ཤེས་རྡོ་རྗེ་ཟེར་བ་དེས་བྲིས་བའི་དཔྱད་རྩོམ་་་་ཏྰ་ལ་ཐར་ས་མེད་ཟེར་བ་དང་། ཏྰ་ལའི་རྫུན་གཏམ་དང་ངན་སེམས་ཟེར་བ་སྤྱི་ཚེས་་༡༥་་དང་་་༡༨་སོགས་ལ་ཀན་ལྷོ་བོད་ཡིག་ཚགས་པར་དུ་འཁོད་པ་དང་། ཚགས་པར་སློབ་གྲྭའི་ནང་སོགས་གང་སར་དཀྲམ་པ་སོགས་བྱས་པར་བརྟེན་སློབ་མ་ཚོ་སེམས་ཀྱིས་མ་བཟོད་པ་དང་འུ་ཐུག་ནས་ལས་འགུལ་སྤེལ་བ་ཡིན་འདུག། ཚགས་པར་དེ་ཡང་བདག་ལ་འབྱོར་བྱུང་བས་འདིར་འཇོག་ས་མེད་པས་ཐབས་ཤེས་མ་བྱུང།

  2. ཡོན་ཏན་མཐར་ཕྱིན།

    ལ་རྒྱའི་སྙིང་སྟོབས།
    བསང་ཆུ་རྫོང་སློབ་འབྲིང་བ་ཚོས་སོ་སོའི་ཚེ་སྲོག་ལས་ཀྱང་རང་མི་རིགས་ཀྱི་ལ་རྒྱ་གཅེས་པར་བཟུང་སྟེ། ཞི་བའི་ཁྲོམས་སྐོར་བྱས་པའི་སྙིང་སྟོབས་དེ་ནི་དོན་གྱི་སྙིང་སྟོབས་ཤིག་གོ །
    ཀླ་ཀློས་མཚན་སྨད་དང་ཁྱེད་གསོད་བྱེད་སྐབས་རང་ཉིད་གོང་ས་མཆོག་གི་ཕྱོགས་སུ་ལངས་པ་ནི་ཆོས་ལུགས་དད་མོས་སམ། སྲོལ་རྒྱུན་དཔོན་བཀུར། རིགས་ཞེན་ཙམ་གཏན་ནས་མ་ཡིན་པར། བོད་མི་རིགས་ཀྱི་ཚེ་སྲོག་དང་དྲང་བདེན་ཆེད། བདེན་པས་བདེན་པ་བསྐྱངས་པ་ཉག་གཅིག་གོ།