ཡུ་རོབ་འོས་གཞིའི་ནང་གི་བོད་མོ།

རང་ལོ་ ༤༡ ལ་སོན་པའི་བོད་རིགས་བུད་མེད་སྐལ་བཟང་སྒྲོལ་མ་ལགས་ཐེངས་བཞི་བའི་ཡུ་རོབ་མཐུན་ཚོགས་ཀྱི་འོས་འདེམས་འགྲན་རྩོད་ཁྲོད་ཞུགས་རྒྱུའི་ཐག་གཅོད་བྱས་ཡོད་འདུག

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རང་ལོ་ ༤༡ ལ་སོན་ཞིང་། ཧྥ་རན་སི་གནས་སྡོད་བོད་རིགས་ཚོགས་པ་དང་། ཧྥ་རན་སི་ལྗང་ཁུ་ཚོགས་པའི་རྒྱབ་སྐྱོར་འོག་བོད་རིགས་བུད་མེད་སྐལ་བཟང་སྒྲོལ་མ་ལགས་ཧྥི་རན་སི་ལྷོ་ནུབ་ཁུལ་གྱི་འོས་གཞིའི་ནང་ཐོན་ཡོད་འདུག ཡུ་རོབ་ལྗང་ཁུ་ཚོགས་པ་ནི་ཡུ་རོབ་རྒྱལ་ཁབ་ཁག་གི་ཚོགས་མི་འདུས་པའི་སྲིད་དོན་ཚོགས་པ་ཞིག་ཡིན་པ་དང་། འདི་ནི་བོད་རིགས་ཤིག་ཡུ་རོབ་མཐུན་ཚོགས་ཀྱི་ཚོགས་མིའི་ཁྲོད་འོས་གཞིར་བསླེབས་པ་ཐོག་མ་དེ་ཡིན་འདུག

ངས་ལྗང་ཁུ་ཚོགས་པའི་འོས་གཞིའི་གོ་སྐབས་འདི་དང་དུ་བླངས་པའི་ཀུན་སློང་ནི་ང་བོད་མི་འཐབ་རྩོད་པ་ཞིག་ཡིན་པ་དང་ངས་བོད་མི་རིགས་ཀྱི་སྐུ་ཚབ་བྱ་ཐུབ་པས་ཡིན། དེའི་རྐྱེན་གྱིས་ང་འོས་གཞིའི་མིང་ཐོ་ནང་བསླེབས་པ་རེད། ཅེས་སྐལ་བཟང་སྒྲོལ་མ་ལགས་ནས་བརྗོད་ཡོད་འདུག

སྐལ་བཟང་སྒྲོལ་མ་ལགས་ནི་ཀ་ལོན་སྤུག་ཏུ་སྐྱེས་ཤིང་། ཨོ་རི་ས་དང་རྡོ་རྗེ་གླིང་སོགས་སུ་སློབ་སྦྱོང་བྱས་ཡོད་འདུག ལོ་ ༢ ལྷག་ལ་བལ་ཡུལ་དུ་ཡོད་པའི་བོད་ཀྱི་དོན་གཅོད་ཁང་དུ་ཕྱག་ལས་གནང་རྗེས་ ༡༩༩༡ ལོར་ཧྥ་རན་སིར་གནས་སྤོར་བྱས་ཡོད་འདུག ད་ལྟ་ཁོང་ཧྥ་རན་སིའི་མི་སེར་ཞིག་དང་གཉེན་སྒྲིག་བྱས་ཡོད་པ་དང་། བཀྲ་ཤིས་བདེ་ལེགས་ཚོགས་པ་ཞེས་པ་གསར་འཛུགས་གནང་མཁན་དང་དེའི་ཚོགས་གཙོའི་འགན་ཁྱེར་ཡོད་པ་རེད།

བསྐྱར་བཅོས།: ༢༠༡༧/༠༢/༡༦

Leave a Reply

5 thoughts on “ཡུ་རོབ་འོས་གཞིའི་ནང་གི་བོད་མོ།

  1. ཧོར་བུ་ཡེ་ཤེས

    ལྷ་རྒྱལ་ལོ།བོད་ཀྱི་མཛངས་མ་ཁྱེད་ཀྱིས་ཐུགས་འདོད་མྱུར་དུ་འགྲུབ་པ་དང་ཁྱེད་ཀྱིས་རླུང་རྟ་རི་བོཧི་མ་ལ་ཡ་ལས་མཐོ་བར་ཤོག།